བོོད་ཀྱི་རྒྱལ་རབས་རིམ་བྱོན་

ཡོང་ཁུངས་Wikipedia

བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་ལས་རྒྱལ་རབས་རིམ་བྱོན་སྐོར།

བོད་རྒྱལ་དང་པོ།[རྩོམ་སྒྲིག]

གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་པོ་གནང་བ་ནས་བཟུང་སྤུར་རྒྱལ་བཙན་པོའི་རྒྱལ་རབས་འགོ་ཚུགས། རྒྱལ་པོ་འདི་ཉིད་བོད་ཤིང་བྱིསྤྱི་ལོའི་སྔོན་གྱི་ལོ༢༣༧ལོར་ཡར་ལུང་དུ་བྱོན། རྒྱལ་པོ་འདིས་མཁར་གྱི་དང་པོ་ཡུམ་བུ་བརླ་སྒང་བརྩིགས། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་འབངས་སུ་བསྡུས། བོན་གྱི་ཤེས་པ་ཅན་བཅུ་གཉིས་ལས་སྨན་དཔྱད་དང༌། རྩིས་འདེབས། གཏམ་རྒྱུད། སྒྲུང་རྒྱུད། སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས་སོགས་བྱུང༌།

གཉིས་པ།[རྩོམ་སྒྲིག]

མུ་ཁྲི་བཙན་པོ་ནི་ཡབ་གཉའ་ཁྲི་བཙན་པོ་དང༌། ཡུམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། བོན་གྱི་ལོ་རྒྱུས་ལྟར་ན་བཙན་པོ་འདིས་ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོན་གྱི་གནས་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གདུང་རབས་པོ་ཏི་མང་པོ་བསྒྱུར། བོད་དུ་གཡུང་དྲུང་བོན་དར་རྒྱས་མཛད།

གསུམ་པ།[རྩོམ་སྒྲིག]

དེང་ཁྲི་བཙན་པོ་འདི་ཉིད་ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གི་སྲས་སུ་འཁྲུངས།

བཞི་པ།[རྩོམ་སྒྲིག]

སོ་ཁྲི་བཙན་པོ་ནི་ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གྱི་སྲས་སུ་འཁྲུངས།

ལྔ་པ།[རྩོམ་སྒྲིག]

མེར་ཁྲི་བཙན་པོ། འདི་ཉིད་ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱི་སྲས་སུ་འཁྲུངས།

དྲུག་པ།[རྩོམ་སྒྲིག]

གདགས་ཁྲི་བཙན་པོ་འདི་ཉིད་ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོའི་སྲས་སུ་འཁྲུངས།

བདུན་པ།[རྩོམ་སྒྲིག]

སྲིབས་ཁྲི་བཙན་པོ་འདི་ཉིད་ཡབ་གདགས་ཁྲི་བཙན་པོ་དང་ཡུམ་སྲིབས་ཁྲི་ལྷ་སྔོན་མོའི་སྲས་སུ་འཁྲུངས། གོང་གསལ་བཙན་པོ་ལྔ་ཡི་དུས་སུ་བོན་གྱི་བསྟན་པ་དར་ཞིང་རྒྱས། བླ་ན་རྒྱལ་ཆེ། གོང་ན་གཤེན་གཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད་དོ།།

བརྒྱད་པ།[རྩོམ་སྒྲིག]

གྲི་གུམ་བཙན་པོ་ནི་ཡབ་སྲིབས་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེའི་སྲས་སུ་འཁྲུངས། བཙན་པོ་དེའི་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར།

དགུ་པ།[རྩོམ་སྒྲིག]

པུ་དེ་གུང་རྒྱལ་འདི་ཉིད་ཡབ་གྲི་གུམ་བཙན་པོ་དང་ཡུམ་གླུ་སྲིང་མེར་ལྕམ་གྱི་སྲས་སུ་འཁྲུངས། རྒྱལ་པོ་དེའི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུས་ལས་སྐྱེས་ཀྱིས་གསེར་དང་ཟངས་ལྕགས་བཏོན། ཆུ་ལ་ཟམ་པ་བཙུགས། ས་ཞིང་རྨོ་འདེབས་ཇེ་མཁས་སུ་བཏང༌། ལྷག་པར་དུ་ལྷོ་རྒྱུད་ཡར་ལུང་ཁུལ་གྱི་རྒན་མོ་བལ་མ་ཞེས་པ་ལས་ཟླ་བའི་དཀར་ཆའི་འཕེལ་འགྲིབ་ལ་བརྟེན་ནས་ཟླ་ཚེས་རྩིས་སྲོལ་ཐོག་མར་དར།

བཅུ་པ།[རྩོམ་སྒྲིག]

ཨེ་ཤོ་ལེགས།

བཅུ་གཅིག་པ།[རྩོམ་སྒྲིག]

དེ་ཤོ་ལེགས།

བཅུ་གཉིས་པ།[རྩོམ་སྒྲིག]

ཐེ་ཤོ་ལེགས།

བཅུ་གསུམ་པ།[རྩོམ་སྒྲིག]

གུ་རུ་ལེགས།

བཅུ་བཞི་པ།[རྩོམ་སྒྲིག]

འབྲིང་ཞིང་ལེགས།

བཅོ་ལྔ་པ།[རྩོམ་སྒྲིག]

ཨི་ཤོ་ལེགས། བོན་གྱི་ལོ་རྒྱུས་ལས། རྒྱལ་པོ་ལེགས་དྲུག་གི་སྐབས་སུ་རིག་པའི་གནས་ལྔ་དར་ཞིང༌། རིག་པའི་གནས་ལྔ་ནི། ནད་ཀྱི་གདུང་བ་སྨན་གྱིས་གསོ། །གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། །ཕས་ཀྱིས་རྒོལ་སྒྲས་ཚར་གཅོད་དོ། །

བཅུ་དྲུག་པ།[རྩོམ་སྒྲིག]

ཟ་ནམ་ཟིན་ལྡེ།

བཅུ་བདུན་པ།[རྩོམ་སྒྲིག]

ལྡེ་འཕྲུལ་ནམ་གཞུང་བཙན།

བཅྭོ་བརྒྱད་པ།[རྩོམ་སྒྲིག]

སེ་སྣོལ་ནམ་ལྡེ།

བཅུ་དགུ་པ།[རྩོམ་སྒྲིག]

སེ་སྣོལ་པོ་ལྡེ།

ཉི་ཤུ་པ།[རྩོམ་སྒྲིག]

ལྡེ་སྣོལ་ནམ།

ཉེར་གཅིག་པ།[རྩོམ་སྒྲིག]

ལྡེ་སྣོལ་པོ།

ཉེར་གཉིས་པ།[རྩོམ་སྒྲིག]

ལྡེ་རྒྱལ་པོ།

ཉེར་གསུམ་པ།[རྩོམ་སྒྲིག]

ལྡེ་སྤྲུན་བཙན། གོང་གསལ་བོད་རྒྱལ་བཅུ་དྲུག་ནས་ཉེར་གསུམ་བར་གྱི་རྒྱལ་པོ་བརྒྱད་ལ་ལྡེ་བརྒྱད་ཅེས་གྲགས་པ་དེ་དག་བོད་རྒྱལ་བཅོ་ལྔ་པ་ཨེ་ཤོ་ལེགས་ཀྱི་སྐུ་བརྒྱུད་ཡིན། རྒྱལ་པོ་དེ་རྣམས་ཀྱི་བཙུན་མོ་ཕལ་ཆེ་བ་ཞང་ཞུང་ནས་ཁབ་ཏུ་བཞེས། ཞང་ཞུང་གི་མཁས་དབང་དུ་མ་སྐུ་བོན་དུ་གདན་ཞུ་མཛད།

ཉེར་བཞི་པ།[རྩོམ་སྒྲིག]

རྒྱལ་ཏོ་རེ་ལོང་བཙན། ==ཉེར་ལྔ་པ།== ཁྲི་བཙན་ནམ།

ཉེར་དྲུག་པ།[རྩོམ་སྒྲིག]

ཁྲི་སྒྲ་སྤུངས་བཙན།

ཉེར་བདུན་པ།[རྩོམ་སྒྲིག]

ཁྲི་ཐོག་རྗེ་ཐོག་བཙན། ==ཉེར་བརྒྱད་པ།== ལྷ་ཐོ་ཐོ་རི་གཉན་བཙན་ནི་ཡབ་ཁྲི་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་ཡོང་བཟའ་སྟོང་རྒྱལ་མོ་མཚོར་བོད་ཤིང་ཁྱི་སྤྱི་ལོ(༢༥༤)ལོར་འཁྲུངས། རྒྱ་གར་ནས་སྨན་པ་བི་བྱི་དང་བེ་ཧ་མ་གཉིས་བོད་དུ་ཕེབས་ནས་གསོ་རིག་སྨན་གྱི་བསྟན་པ་དར་ཞེས་གྲགས། ==ཉེར་དགུ་པ།== ཁྲི་གཉན་གཟུང་བཙན་ནི་ཡབ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡུམ་རྣོ་ཟ་མང་དགར་གྱི་སྲས་སུ་བོད་ཆུ་སྦྲུལ་སྤྱི་ལོ(༣༣༣)ལོར་འཁྲུངས། རྒྱལ་པོ་དེའི་དུས་སུ་ཞིང་འབྲོག་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ལས་ཞིང་ཆུ་འདྲེན།

སུམ་ཅུ་པ།[རྩོམ་སྒྲིག]

འབྲོང་གཉན་ལྡེ་རུ་ནི་ཡབ་ཁྲི་གཉན་གཟུང་བཙན་དང་ཡུམ་འབྲོང་བཟའ་མོ་དུར་ཡངས་གཞེར་གྱི་སྲས་སུ་བོད་ཤིང་རྟ་སྤྱི་ལོ(༣༩༤)ལོར་འཁྲུངས།

སོ་གཅིག་པ།[རྩོམ་སྒྲིག]

སྟག་རི་གཉན་གཟིགས་ནི་ཡབ་འབྲོང་གཉན་ལྡེ་རུ་དང་ཡུམ་མཆིས་བཟའ་ཀླུ་རྒྱལ་གྱི་སྲས་ཡིན། རྒྱལ་པོ་འདི་ཉིད་ཀྱིས་བན་པ་རྗེ་དང༌། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་ཇེ། ཞང་ཞུང་རྗེ་རྣམས་བཏུལ་ནས་མངའ་འོག་ཏུ་འདུས། ཚོང་ལས་དང་འཇལ་བྱེད་བྲེ་སྲང་སོགས་གསར་དུ་བཏོད།

སོ་གཉིས་པ།[རྩོམ་སྒྲིག]

གནམ་རི་སྲོང་བཙན་ནི་ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གྱི་སྲས་སུ་བོད་ས་སྟག་སྤྱི་ལོ(༥༥༨)ལོར་འཁྲུངས། རྒྱལ་པོ་དེའི་དུས་ལ་རྒྱ་ནག་གི་ཡུལ་ནས་རྩིས་དང༌། སྨན་དཔྱད་བླངས། སྐབས་དེར་རྒྱལ་པོའི་བཞུགས་གནས་ཡར་ལུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས།

སོ་གསུམ་པ།[རྩོམ་སྒྲིག]

གྲགས་སྙན་སྲིད་གསུམ་ཁྱོན་ལ་ཁྱབ་པའི་མི་རིགས་ཀྱི་དཔའ་བོ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ(༦༡༧)ལོར་དབུས་ཀྱི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས། སྤྱི་ལོ(༦༢༩)ལོར་རྒྱལ་སར་བཞུགས་ཏེ་དཔའ་མཛངས་དང་ཐབས་འཕྲུལ་གྱིས་བོད་ཁམས་གཅིག་འགྱུར་བྱས་ཏེ། རྒྱལ་ས་ལྷ་སར་སྤར་ནས་བོད་ཆེན་པོའི་སྲིད་དབང་དངོས་སུ་བཙུགས་ཤིང་མཐའ་བཞིའི་རྒྱལ་ཁབ་སོགས་དབང་དུ་བསྡུས་པས་ཁོང་གི་མཚན་སྙན་ཨེ་ཤ་ཡི་གླིང་ལ་ཁྱབ། ད་དུང་དམག་གི་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང༌། དཔོན་རིགས་བསྐོ་བཞག་བྱས་ཏེ་ནང་ཁུལ་བདེ་ལ་བཀོད། ཆོས་ཁྲིམས་སྲིད་ཁྲིམས་བཙུགས་ཏེ་རྒྱལ་ཁམས་ཁྲིམས་ཀྱིས་བསྐྱངས། བྲེ་སྲང་གཏན་ལ་ཕབ་སྟེ་དཔལ་འབྱོར་གོང་དུ་སྤེལ། ཡི་གེ་གསར་བཏོད་མཛད་དེ་གཙུག་ལག་རིག་གནས་སྤེལ། རྒྱ་བལ་གཉེན་དུ་བསྡེབས་ཏེ་ཕྱི་འབྲེལ་མཛའ་མཐུན་བཙུགས་པ་སོགས་རྨད་དུ་བྱུང་ཞིང་བླ་ན་མེད་པའི་མཛད་ཕྲིན་གྱིས་བསྐྱངས་ཏེ། སྲིད་འབྱོར་རིགས་གསུམ་གྱི་མངའ་ཐང་དར་པའི་བོད་རྒྱལ་ཁབ་ཅེས་སྙན་གྲགས་འཛམ་གླིང་དུ་ཁྱབ་པར་བྱས་སོ། །

སོ་བཞི་པ།[རྩོམ་སྒྲིག]

གུང་སོང་གུང་བཙན་ནི་ཡབ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གྱི་སྲས་སུ་བོད་ས་སྦྲུལ་སྤྱི་ལོ(༦༦༨)ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཁྲིར་བཞུགས། རྒྱལ་པོ་དེའི་དུས་སུ་རྒྱ་ནག་ནས་ཇ་དང་རོལ་མོ་བོད་དུ་དར་ཞེས་གྲགས། རྒྱལ་སྲིད་ལོ་ལྔ་བསྐྱངས་ཏེ་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་བོད་མེ་ཁྱི་སྤྱི་ལོ(༦༨༦)ལོར་ཡབ་ཀྱི་སྔོན་དུ་སྐུ་གཤེགས།

སོ་ལྔ་པ།[རྩོམ་སྒྲིག]

མང་སྲོང་མང་བཙན་ནི་ཡབ་གུང་སྲོང་གུང་བཙན་དང་ཡུམ་འ་ཞ་བཟའ་མང་མོ་རྗེ་ཁྲི་དཀར་གྱི་སྲས་སུ་བོད་མེ་ཁྱི་སྤྱི་ལོ(༦༨༦)ལོར་འཁྲུངས། རྒྱལ་པོ་འདི་ཉིད་དགོང་ལོ་བཅུ་གསུམ་ལ་ཁྲིར་འཁོད། རྒྱལ་པོ་དེའི་སྐུ་དུས་སུ་བལ་བོད་དབར་གྱི་རི་རོང་དུ་གནས་པའི་ཡུལ་སྡེ་རྣམས་ཆབ་འབངས་སུ་བཅུག འབྲོག་ཁྲལ་གཏན་ལ་ཕབ། ས་ཞིང་ཞིབ་བཤེར་བྱས། དངོས་ཟོག་བརྗེ་ཚོང་གི་འབྲེལ་བ་བཙུགས། རྒྱའི་དམག་དཔུང་བོད་དུ་ཡོང་བའི་སྦིར་གྲགས་ཀྱིས་རྒྱ་བཟའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དེ་སླར་ཡང་རྒྱ་ཡུལ་དུ་འཁྱེར་དོགས་ཀྱིས་ར་མོ་ཆེ་ནས་ར་ས་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་གདན་དྲངས་ཤིང༌། སྒོ་ལ་ཞལ་བ་བྱས་ཏེ་འཇམ་དབྱངས་ཀྱི་སྐུ་བརྙན་བྲིས། རྒྱ་དམག་ཕོན་ཆེ་བོད་དུ་ལྷགས་ནས་ཕོ་བྲང་ཁྲི་རྩེ་དམར་པོ་མེར་བསྲེགས། ཇོ་བོ་མི་སྐྱོད་རྡོ་རྗེ་ཁྱེར་ཏེ་ཤར་ཕྱོགས་འོ་མའི་ཐང་དུ་ཞག་བདུན་ལུས་པས་ཇོ་བོ་འོ་རྒྱལ་ཐང་དུ་གྲགས། ཇོ་བོ་རྣམས་གཉིས་ཀྱི་བཞུགས་གནས་རྒྱལ་པོ་འདིའི་དུས་སུ་ཕན་ཚུན་བརྗེས། དེ་རྗེས་བློན་པོ་མགར་གྱིས་དམག་འབུམ་ཚོ་ཁྲིད་ནས་རྒྱ་རྣམས་ཕམ་པར་བྱས། མང་སྲོང་དགུང་ལོ་ཉི་ཤུ་རྩ་བདུན་ལ་ཕེབས་སྐབས་བོད་ཆུ་བྱི་སྤྱི་ལོ(༧༡༢)ལོར་གཙང་གི་བར་སྣང་སྒང་དུ་སྐུ་གཤེགས།

སོ་དྲུག་པ།[རྩོམ་སྒྲིག]

འདུས་སྲོང་མང་པོ་རྗེ་ནི་ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་བོད་ཆུ་བྱི་སྤྱི(ལོ༧༡༢)ལོར་འཁྲུངས། རྒྱལ་པོ་འདིའི་སྐུ་དུས་སུ་ཕོ་བྲང་ལྡན་དཀར་བརྩིགས། སོལ་ནག་ཐང་པོ་ཆེར་དཀར་ཡོལ་དར་སྣོད་དང་དར་ཚེ་བྱ་བ་བོད་རང་ནས་བཟོས། དར་ཚེ་ལ་རྣམ་པ་དྲུག་ཏུ་གྱེས་པ་སྟེ། ཤབ་ཚེ་དང༌། ལན་ཚེ། ཤང་ཚེ་ཞེས་བཏགས། ཕལ་པ་གསུམ་པོ་ལ་ཐེག་ཚེ། དེས་ཚེ། རྡོ་ཚེ་ཞེས་བཏགས། དེ་ནས་སྔ་རྗེས་སུ་བཙན་པོ་སྐུ་ངོ་མས་བཀོད་འདོམས་མཛད་ནས་ཐོག་མར་སུང་ཀྲའུ་དང༌། ཐའི་ཀྲའུ་སོགས་ལ་དམག་དྲངས། དེ་རྗེས་འཇང་ཡུལ་དུ་དམག་དྲངས་ཏེ་འཇང་པ་ཆམ་ལ་ཕབ། དེའི་ཕྱི་ལོར་ལྕགས་འབྲུག་སྤྱི་ལོ(༧༤༠)ལོར་བཙན་པོ་འཇང་ཡུལ་དུ་སྐུ་གཤེགས།

སོ་བདུན་པ།[རྩོམ་སྒྲིག]

ཁྲི་ལྡེ་གཙུག་བརྟན་ནི་ཡབ་འདུས་སྲོང་མང་པོ་དང་ཡུམ་མཆིས་བཟའ་བཙན་མེ་ཏོག་གི་སྲས་སུ་ལྕགས་ཕོ་འབྲུག་སྤྱི་ལོ(༧༤༠)ལོར་ཕོ་བྲང་ལྡན་དཀར་དུ་འཁྲུངས། བཙན་པོ་འདིའི་སྐུ་དུས་སུ་རྒྱ་ཡུལ་ནས་ཧ་ཤང་མང་པོ་དྲངས། བོད་རྒྱ་གཉིས་ཀྱི་ས་མཚམས་ཁྲི་ལིང་ལ་རྡོ་རིང་བཙུགས་ནས་བཀའ་གཙིགས་ཀྱི་མདོ་ཡི་གེར་བཀོད། རྒྱ་བོད་ཚོང་འབྲེལ་བཙུགས། བཙན་པོ་འདི་དགུང་ལོ(༦༣)བོད་ཆུ་ཕོ་རྟ་ལོར་ཡར་འབྲོག་སྤྲ་ཚལ་མཁར་ཆིབས་རྟ་འདྲོགས་ནས་སྐུ་གཤེགས།

སོ་བརྒྱད་པ།[རྩོམ་སྒྲིག]

ཁྲི་སྲོང་ལྡེ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་སུ་བོད་ལྕགས་རྟ་སྤྱི་ལོ(༧༤༢)ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལ་སྲིད་ཁྲིར་གསོལ། བོད་ཆུ་ཡོས་སྤྱི་ལོ(༧༦༣)ལོར་ཞང་རྒྱལ་གཟིགས་དང༌། བློན་སྟག་སྒྲ་ཀླུ་ཁོང༌། ཞང་སྟོང་སྩན་ལ་སོགས་པས་བོད་དམག་འབུམ་ཕྲག་ཁྲིད་དེ་ཐང་གོང་མའི་རྒྱལ་ས་ཁྲང་ཨན་ལ་ཕར་རྒོལ་བྱས་ནས་གོང་མ་ཐང་ཏའེ་ཙུང་རི་ཤིག་ཤིན་ཅུར་བྲོས། བོད་དམག་གིས་ཁྲང་ཨན་ཉིན་བཅོ་ལྔ་བཟུང༌། བཙན་པོས་བློན་སྟག་སྒྲ་ཀླུ་ཁོང་གི་དམག་འཐབ་བྱས་རྗེས་བསྔགས་བརྗོད་མཛད་ཕྱིར་ཞོལ་ལྕགས་རི་ཕྱི་མའི་རྡོ་རིང་བཙུགས། དེ་སྐབས་རྒྱ་གར་བྱང་ཕྱོགས་དང་བལ་པོ་སོགས་བོད་ཀྱི་ཆབ་འོག་ཏུ་བཙུད། ནུབ་ཕྱོགས་ཏ་ཟིག་དང༌། བྱང་ཕྱོགས་ལི་ཡུལ་བཅས་གཏུགས་པའི་ལོ་རྒྱུས་ཀྱི་ཤོད་རྒྱུན་ཡང་མང་དུ་མཆིས། གཞན་ཡང་རྒྱལ་པོ་འདིའི་དུས་སུ་བཀའ་ཁྲིམས་ཞལ་ལྕེ་གཏན་ལ་ཕབ་པ་དང༌། འབངས་མི་ཁྱིམ་རེ་ལ་སྒོ་ཕྱུགས་ཁ་གྲངས་གཏན་ཁེལ་གནང༌། དེ་རྗེས་རྒྱ་གར་ནས་མཁན་ཆེན་ཞི་འཚོ་དང༌། སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གནང༌། བོད་ཀྱི་དགོན་པ་དང་པོ་བསམ་ཡས་གཙུག་ལག་ཁང་བཞེངས། བཙན་པོ་འདིའི་སྐུ་དུས་སུ་རིག་གནས་མང་པོ་ཞིག་ཡིག་རིགས་སྣ་ཚོགས་ལས་བོད་རང་གི་ཡི་གེར་བསྒྱུར་བའི་མཐོ་རླབས་འཕྱུར། སྤྱི་ལོ(༧༩༧)ལོར་སྐུ་གཤེགས།

སོ་དགུ་པ།[རྩོམ་སྒྲིག]

མུ་ནེ་བཙན་པོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་བོད་ཆུ་སྟག་སྤྱི་ལོ(༨༢༢)ལོར་འཁྲུངས། འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་མི་རིང་བར་སྔར་བཞིན་གྱུར། ==བཞི་བཅུ་པ།== ཁྲི་ལྡེ་སྲོང་བཙན་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་ཡི་སྲས་སུ་བོད་ཤིང་འབྲུག་སྤྱི་ལོ(༨༢༤)ལོར་སྐུ་འཁྲུངས། རྒྱལ་པོ་འདིའི་དུས་སུ་བཀའ་འགྱུར་ལ་དག་ཐེར་དང་སྒྱུར་ཡིག་རྩ་དོན་གཏན་ལ་ཕབ། རྒྱལ་པོ་འདིའི་སྐུ་དུས་སུ་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ནས་འབངས་རྣམས་བདེ་ལ་བཀོད་པ་དང༌། མཐའ་བཞིའི་རྒྱལ་ཁམས་ཀུན་དང་ལྷག་པར་དུ་ཐང་བོད་དབར་ཞི་འདུམ་མཛའ་མཐུན་མཛད་པ་ལྷ་ལྡན་གཙུག་ལག་ཁང་མདུན་ངོས་ཀྱི་རྡོ་རིང་ཐོག་གསལ། དགུང་ལོ་ལྔ་བཅུ་ང་བཞི་མེ་བྱ་སྤྱི་ལོ(༨༧༧)ལོར་སྐུ་གཤེགས།

ཞེ་གཅིག་པ།[རྩོམ་སྒྲིག]

ཁྲི་གཙུག་ལྡེ་བཙན་ནི་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་ཆེ་མ་འབྲོ་བཟའ་ཁྲི་མོ་ལེགས་ཀྱི་སྲས་སུ་བོད་མེ་ཁྱི་སྤྱི་ལོ(༨༦༦)ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལོར་སྲིད་ཁྲིར་གསོལ། རྒྱལ་པོ་འདིའི་སྐུ་དུས་སུ་བོད་རྒྱའི་དབར་དམག་འཁྲུག་ལན་མང་བྱུང་མཐར་རྒྱ་བོད་གཉིས་ཀྱི་ཆོས་པ་ཚོས་དཔང་པོ་མཛད་དེ་རྒྱའི་གོང་གུ་རྨི་རུ་བྱ་བའི་ས་ཆ་བོད་རྒྱའི་ས་མཚམས་བྱས་ཏེ་ད་ནས་བཟུང་ཕན་ཚུན་གཉིས་པོས་རང་གི་ས་མཚམས་ལས་མི་བརྒལ་བའི་དམ་བཅའ་བཞག རྒྱ་གར་དང་བལ་བོའི་པཎྚི་ཏ་མང་པོ་དང༌། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་ནས་གྲོས་མོལ་མཛད་དེ་བཀས་བཅད་རྣམ་པ་གསུམ་མཛད། བཙན་པོ་འདི་ཉིད་ཆོས་ལ་ཐུགས་གཙིགས་ཆེ་སྟབས་ཆོས་ལ་མི་དད་པའི་བློན་པོ་དབས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་བཅས་ཀྱིས་བོད་ལྕགས་བྱ་སྤྱི་ལོ(༩༠༡)ལོར་མལ་གྲོ་ཞམ་པའི་ཕོ་བྲང་དུ་རྒྱལ་པོའི་དབུ་ལྟག་ཏུ་བསྐོར་ནས་བཀྲོངས།

ཞེ་གཉིས་པ།[རྩོམ་སྒྲིག]

ཁྲི་དར་མ་འུ་དུམ་བཙན་ནི་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་བོད་ཆུ་ལུག་སྤྱི་ལོ༨༣༦ལོར་འཁྲུངས། རྒྱལ་པོའདིས་སངས་རྒྱས་ཀྱི་སྐུ་དང་ཆོས་རྣམས་གཙང་པོར་སྐྱུར་མེར་བསྲེགས། ཆོས་ཁང་དང་དགོན་པ་དུ་མ་བཤིག སྐྱེས་བུ་དམ་པ་དུ་མ་བཀྲོངས་པ་བཅས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས། ཡེར་པ་བྲག་ལྷར་སྒོམ་དུ་བཞུགས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁྱེན་ནས་བོད་ཆུ་ཁྱི༩༠༢ལོར་གླང་དར་མ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང༌།