བོད་ལྗོངས་ཚོགས་འདུ་
མིང་གི་སྐོར།
[རྩོམ་སྒྲིག]མིང་ལ་བོད་ལྗོངས་ཚོགས་འདུ་དང་བོད་ལྗོངས་སྤྱི་ཚོགས་སོགས་ཟེར། བོད་ལྗོགས་སྤྱི་ཚོགས་ནི་བོད་ལྗོངས་སེར་སྐྱ་དཔོན་འབངས་སྤྱིའི་ཚོགས་འདུ་བསྡུས་པ་རེད།
ནམ་ལ་བྱུང་།
[རྩོམ་སྒྲིག]སྤྱི་ལོ་༡༦༧༤ལོར། སྡེ་སྲིད་བློ་བཟང་མཐུ་སྟོབས་ལས་གནས་ལས་འཐེན་སྐབས་གདན་ས་གསུམ་གྱི་མཁན་པོ་དང་དྲུང་སྤྱིའི་ཞུས་ངོར་བརྟེན་ནས་ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ལྷ་བཟང་ཁང་རྩོད་སྐབས་གདན་ས་གསུམ་གྱི་མཁན་པོར་འདྲི་བསྡུར་བྱས་པའི་ལོ་རྒྱུས་འདུག་པས། རྒྱལ་དབང་ལྔ་བའི་སྐབས་མིང་དངོས་སུ་མ་དོན་རུང་། དེ་ལྟའི་ཚོགས་འདུ་ཞིག་སྐོང་ཚོགས་བྱ་བའི་ལུགས་ཤིག་དོན་ཚར་བ་ཐག་མཆོད་རེད། དེ་ནས། རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་དངོས་སུ་བོད་ལྗོངས་ཚོགས་འདུ་ཞེས་དོན་ཡོད་པ་རེད།
དབྱེ་བ།
[རྩོམ་སྒྲིག]༡•ཚོགས་འདུ་རྒྱས་འཛོམས།
༢•ཚོགས་འདུ་ཧྲག་བསྡུས་རྒྱས་པ།
༣•ཚོགས་འདུ་ཧྲག་བསྡུས།
ཚོགས་བཞུགས་མི་སྣའི་གྲུབ་ཆ།
[རྩོམ་སྒྲིག]ཚོགས་འདུ་རྒྱས་འཛོམས་སྐབས། བཀའ་བློན་ཕུད། དྲུང་རྩིས་དང་། ཤོད་སྐོར་རྩིས་དཔོན། ཞི་དྲག་དྲུང་རིགས་སེར་སྐྱ་ཡོངས་རྫོགས། གདན་ས་གསུམ་གྱི་མཁན་ངོ་མཁན་ཟུར། རྣ་ཆེན་གྱི་མཐུས་མི། བཀྲིས་ལྷུན་པོ་དང་ས་སྐྱའི་མཐུས་མི། རྒྱུད་གྲྭ་སྟོད་མེད་ཀྱི་མཁན་པོ། རྣམ་རྒྱལ་གྲྭ་ཚང་དང་། གནས་ཆུང་དགོན། རྨེ་རུ། བཞི་སྡེ། ཚེ་མཆོག་གླིང་། ཚེ་སྨོན་གླིང་། ཀུན་བདེ་གླིང་། བསྟན་རྒྱས་གླིང་བཅས་ཀྱོ་ལས་སྣེ། དམག་སྒར་ཁག་གི་རུ་བརྒྱའི་ལྡིང་གསུམ། རྩེ་ཤོད་ཕྱག་མཛོད་ནང་ཟན་དང་། རྩེ་གཉེར་ཁང་། ལྷ་ས་གཉེར་ཚང་ནང་ཚན། ཞོལ་པ་ནང་ཟན། གར་པ་ནང་ཟན། ཆིབས་རྭ་བ། འངོད་དཔལ་ཞེས་ཟངས་རྡུང་གསེར་དངུལ་ལུགས་རྒྱག་གི་ཆེ་མོ་བ། རྡོ་ཤིང་། ཚེམས་བཟོ། ལྷ་བྲིས་བཅས་ཀྱི་ཆེ་མོ་བ་རྣམས་དང་། གཞན་ཡང་དབུས་གཙང་ཚོ་ཆེན་ཞེས་པའི་འཐུས་མི། གཞུང་སོག་འགོ་པ་ཞེས་པ། ལྷ་ས་ཚོ་ཆེན། མངའ་རིས། དྭགས་ཀོང་། མདོ་ཁམས་མངའ་ཁུལ་བཅས་ཀྱི་འཐུས་མི་ལྷ་འབྱོར་སོགས་བོད་ལྗོངས་་མི་སྡེ་ཡོངས་ཀྱི་འཐུས་མི་ཡོད།