Jump to content

བོད་རྒྱ་ཚད་མ་རིག་པའི་ཚིག་མཛོད།

ཡོང་ཁུངས་Wikipedia

ཚད་མནི་བོད་རྒྱ་ཚིག་མཛོད་ཆེན་མོ་ནང་གི་ཚད་མ་རིག་པའི་ཐ་སྙད་ཟུར་དུ་བཀོལ་ཞིང་སྣོན་བཅོས་ཕྲན་བུ་ཙ་བྱས་ཏེ་བསྒྲིགས་ཤིང་། སྤྱི་་ལོ༡༩༨༧ལོའི་ཟླ་དང་པོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཐེངས་དང་པོར་དཔར་དུ་བསྐྲུན།

  • གང་ཕྱིར་སྒྲིག་པའི་དགོས་པ།

གཏན་ཚིག་རིག་པའི་གནས་ལ་ཐོས་བསམ་བྱེད་པར་འདོད་པའི་བློ་གསར་དོན་གཉེར་ཅན་རྣམས་ཀྱིས་ཚད་མའི་གཞུང་དོན་ལ་གོ་བ་སྐྱེ་ཞིང་ངེས་ཤེས་འདྲོང་ཕྱིར་རོ། །

  • གང་ཞིག་བརྗོད་བྱ་དངོས་པོ།

གཞལ་བྱ་ཡུལ་དང་། འཇལ་བྱེད་བློ། ཇི་ལྟར་རྟོགས་པའི་ཐབས་བཅས་རིགས་གསུམ་གྱིས་བསྡུས།

  • གང་གི་གཞུང་ལས་བཏུས་པ།

ཚད་མ་རིགས་གཏེར་དང་། བློ་རིགས། རྟགས་རིགས། བསྡུས་གྲྭ ཚད་མ་ལ་འཇུག་པའི་སྒོ་སོགས་ལས་བཏུས།

  • གང་ལྟར་སྒྲིག་པའི་ཚུལ།

ཀློག་པ་པོ་རྣམས་ཀྱིས་འཚོལ་བདེ་བའི་སླད་དུ་བོད་ཀྱི་ཀ་ཕྲེང་ལྟར་བསྒྲིགས་སོ། །

  • གང་དག་སུས་སྒྲིག་པ།

བོད་ཡིག་ནི་མཁས་དབང་ཐུབ་བསྟན་ཉི་མ་མཆོག་གིས་རྩོམ་འབྲི་གནང་བ་དང་། རྒྱ་ཡིག་ནི་གཙོ་ཆེ་བ་ནི་ཀྲའི་ཝུས་ཧན་ལགས་ཀྱིས་བསྒྱུར་གནང་ཞིང་། དབྱང་ཧྭ་ཆུན་ལགས་ཀྱིས་ཀྱང་བསྒྲིགས་བསྒྱུར་ཁག་གཅིག་མཛད་དོ། །