Jump to content

བོད་རིགས་

ཡོང་ཁུངས་Wikipedia

བོད་ཀྱི་མི་རིགས་ཏེ། ལོ་རྒྱུས་ཡིག་ཆ་རྙིང་པ་ཕལ་མོ་ཆེ་རྣམས་ལས་འདི་སྐད་ཅེས་གསུངས་ཏེ། ཐོག་མར་མཚོ་ཡོད་པ་རིམ་གྱིས་བྲི་ནས་ནགས་ཚལ་སྟུག་པོ་རྒྱས་པར་མཆེད་པའི་སྐབས་ཤིག་ན་ཡུལ་གྲུ་འཛིན་ནས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་འོངས་པ་དེ་དང་བྲག་སྲིན་མོ་འདུས་པ་ལས། བོད་མི་བུ་གདུང་དྲུག་བྱུང་སྟེ་དེ་ནས་རིམ་བཞིན་མཆེད་པར་གྲགས། ད་ལྟ་འདིའི་མི་འབོར་གྱི་གྲངས་ས་ཡ་བདུན་ལྷག་ཡོད་པ་རྣམས་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དུ་ཁ་གྲམ་ནས་གནས་ཡོད། དེ་དག་ལས་དབུས་ཕྱོགས་སུ་སྡོད་མཁན་ལ་དབུས་པ་དང། གཙང་ཕྱོགས་སུ་སྡོད་མཁན་ལ་གཙང་པ། མངའ་རིས་ཁུལ་དུ་སྡོད་མཁན་ལ་སྟོས་པ། ཤར་ཕྱོགས་སུ་སྡོད་མཁན་ལ་། ཨ་མདོ་་དང་ཁམས་པ་ཟེར་ཞིང། མི་རིགས་རང་གི་སྐད་དང་ཡི་གེ་ཆ་ཚང་བ་ཡོད་པའི་ཐོག་ཡུལ་སྲོལ་འཚོ་བའི་གོམས་གཤེས་སོགས་ཁྱད་པར་ཅན་ཡོད་ཅིང། སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་བྱེད་པ་དང། སྒྲ་ཚད་བཟོ་གསོ་ནང་དོན་སོགས་བཅུ་ཕྲག་རིག་པའི་རིག་གཞུང་ཟབ་ཅིངརྒྱས་པ་ཡོད་ཅིང། ཤེས་རིག་ལག་རྒྱུན་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད། ཐོན་སྐྱེད་ནི་གཙོ་ཆེར་འབྲོག་ལས་དང། ཞིང་ལས། ཞོར་དུ་ལག་ཤེས་བཟོ་ལས་སོགས་དར་བ་ཡིན། བོད་འབངས་རྣམས་ལས་ལ་བརྩོན་ཞིང་རྟུལ་ཕོད་ཆེ་བ། ཕྱིའི་བཅན་འཛུལ་ལ་འགོག་རྒོལ་དང། རང་ཉིད་ཀྱི་ཕ་ཡུལ་མདོ་དབུས་མཐོ་སྒང་དུ་གཟི་བྱིན་འབར་བའི་ཤེས་རིག་དང་ལོ་རྒྱུས་ཀྱི་རྒྱུན་བསྐྱངས་ཏེ། ཕྱི་ནང་གི་དཀའ་ཁག་སྣ་ཚོགས་ལ་གདོང་གཏད་ནས་འཛམ་གླིང་གི་འགྱུར་ལྡོག་ཆེན་པོའི་ཁྲོད་ཐུན་མོང་མ་ཡིན་པའི་འཚོ་བ་དང་རིག་གནས་ཀྱི་དལ་ཡོན་ཞིག་སྐྲུན་བཞིན་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།