Jump to content

བོད་ཡིག་གི་ཝེ་ཁེ་རིག་མཛོད།

ཡོང་ཁུངས་Wikipedia
ད་ཡོད།
༨,༠༡༧
ཚིག་ཚན།

ངོ་སྤྲོད་སྙིང་བསྡུས།

ཝེ་ཁེ་ཕེ་་ཊེ་ཡ་(Wikipedia)ནི་དྲྭ་ཐོག་ཏུ་ཡོད་པའི་རིན་མེད་ཀྱི་ཤེས་བྱའི་ཀུན་འདུས་རིག་མཛོད་ཆེན་མོ་ཞིག་ཡིན། འདི་ནི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་དང་བླངས་པ་མང་པོས་མཉམ་རུབ་ཀྱིས་རྩོམ་སྒྲིག་བྱེད་སའི་གླེང་སྟེགས་ཤིག་ཡིན། འདི་ནི་སྤྱི་ལོ་2001 ལོའི་ཟླ་1ཚེས་15ཉིན་ཇིམ་མི་ཝེལ་སི་(Jimmy Wales)དང་ལེ་རི་སང་གྷར་ (Larry Sanger)རྣམ་གཉིས་ཀྱིས་གསར་དུ་བཙུགས་པ་དང། ཝེ་ཁེ་རིག་མཛོད་ཀྱི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མི་ཀུན་ལ་སྐད་ཡིག་སྣ་ཚོགས་ཀྱི་ལམ་ནས་ཕྱོགས་ལྷུང་བྲལ་ཞིང་བློས་འགེལ་ཆོག་པའི་ཤེས་བྱ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན། དེའི་ཁྱད་ཆོས་གཙོ་བོ་ནི་སྒོ་འབྱེད་རང་བཞིན་ཅན་ཡིན་པས་སྤྱོད་མཁན་སུ་འདྲ་ཞིག་གིས་ཀྱང་རྩོམ་ཡིག་སྤེལ་སའི་རིག་མཛོད་ཆེན་པོ་ཞིག་ཡིན། བོད་ཡིག་ཝེ་ཁེ་ཕེ་ཏྲ་ཡ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་དྲ་ལམ་དུ་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་སའི་རིག་མཛོད་ཅིག་ཡིན་ལ། བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཡོངས་ལ་ཤེས་བྱའི་བང་མཛོད་རིན་ཐང་བྲལ་བ་ཞིག་མཉམ་སྤྱོད་ཀྱི་གླེང་སྟེགས་ཤིག་ཆགས་ཡོད།

ལོ་རྒྱུས་འཕེལ་རིམ།

[རྩོམ་སྒྲིག]
  • སྤྱི་ལོ་2008 ལོའི་ཟླ་བ་2པའི་ཚེས་9ཉིན་བོད་ཡིག་གི་ཝེ་ཁེ་རིག་མཛོད་ནི་དངོས་སུ་དབུ་བརྙེས། དེ་ནས་བཟུང་རྩོམ་སྒྲིག་པ་དང་དང་བླངས་པའི་འབད་བརྩོན་ལ་བརྟེན་ནས་རིམ་བཞིན་འཚར་ལོངས་བྱུང་ཡོད།
  • སྤྱི་ལོ་2019སྔོན་ལ་བོད་ཡིག་ཝེ་ཁེ་བཀོལ་སྤྱོད་བྱེད་མཁན་ཕལ་མོ་ཆེ་ནི་བོད་ནང་དུ་བྱུང་ཡོད།
  • སྤྱི་ལོ་2019ཟླ་5ཙམ་ནས་རྒྱ་ནག་གཞུང་གིས་ཝེ་ཁེ་རིག་མཛོད་ཀྱི་དྲ་རྒྱ་འདི་རྒྱ་ནག་ནང་བཀག་སྡོམ་བྱས་པ་ནས་བཟུང་བོད་ཡིག་ཝེ་ཁེ་འདི་ཡང་གཅིག་མཚུངས་ཀྱིས་བོད་ནང་དང་རྒྱ་ནག་ནང་ལ་ལོངས་སུ་སྤྱོད་དབང་མེད་པར་གྱུར་ཡོད།
  • སྤྱི་ལོ་2025ཟླ་5ཙམ་ནས་ཝེ་ཁེ་རིག་མཛོད་ཀྱི་རྩ་འཛིན་གྱི་སྒྲིག་གཞི་སོགས་གཞིར་བཟུང་ནས་རྩོམ་སྒྲིག་ཚད་ལྡན་གྱི་ལམ་ཁ་ཞིག་འགྲོ་བཞིན་ཡོད།

བརྗོད་བྱའི་ཁྱབ་ཁོངས།

[རྩོམ་སྒྲིག]
  1. ཆོས་ལུགས།
  2. སྐྱུ་རྩལ།
  3. ཚན་རྩལ།
  4. ལོ་རྒྱུས།
  5. གསོ་བ་རིག་པ།
  6. སྐད་བརྡ་རིག་པ།
  7. ཡིག་སྒྱུར།
  8. སྣ་ཚོགས།

བོད་ཡིག་ཝེ་ཁེ་ཚོགས་སྡེ།

[རྩོམ་སྒྲིག]
  • བཀོད་འདོམས་པ།
  • ཚོགས་མི།

བོད་ཡིག་ཝེ་ཁེ་ཚོགས་སྡེའི་བྱ་འགུལ།

[རྩོམ་སྒྲིག]
  • བོད་ཡིག་ཝེ་ཁེ་རྩོམ་སྒྲིག་ཚད་ལྡན་ཡོང་སླད་ཆེད་མཁས་མི་སྣ་དང་ཚོགས་འདུ་ཚོགས་པ།
  • ཝེ་ཁེ་རིག་མཛོད་ཀྱི་ཚོགས་སྡེ་གཞན་དང་མཉམ་དུ་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུར་མཉམ་ཞུགས།
  • བོད་ཡིག་ཝེ་ཁེ་ཚོགས་སྡེ་ནང་ཁུལ་ལ་རྩོམ་སྒྲིག་ཡར་རྒྱས་གཏོང་ཕྱོགས་ཚོགས་འདུ་གོ་སྒྲིག་བྱས་པ།

བོད་ཡིག་ཝེ་ཁེ་ཚོགས་སྡེའི་ལས་འཆར།

[རྩོམ་སྒྲིག]
  1. བོད་ཡིག་ཝེ་ཁེ་ཚོགས་མི་མང་དུ་གཏོང་ཐབས།
  2. ད་ཡོད་བོད་ཡིག་ཝེ་ཁེ་རྩོམ་ཡིག་ཞུ་དག
  3. བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་རྣམས་ངོ་སྤྲོད་ལས་འཆར།
  4. བོད་ཡིག་ཏུ་བཞུགས་པའི་ནང་ཆོས་ཀྱི་གནད་ཚིག་གཙོ་བོ་དག་དང་འབྲེལ་བའི་ངོ་སྤྲོད་རྩོམ་ཡིག་འབྲི་རྒྱུ།

བོད་ཡིག་ཝེ་ཁེ་རྩོམ་སྒྲིག་གི་དཀའ་ངལ།

[རྩོམ་སྒྲིག]
  • ད་ཡོད་རྩོམ་སྒྲིག་གི་མ་ལག་འཐུས་ཚང་མེད་པ།
  • རྩོམ་ཡིག་དང་རྩོམ་སྒྲིག་པའི་གྲངས་ཚད་ཉུང་བ།
  • ཝེ་ཁེ་རིག་མཛོད་ཀྱི་མ་ལག་གཞན་དག་འཐུས་ཚང་མེད་པ།