Jump to content

བོད་ཟས།

ཡོང་ཁུངས་Wikipedia

སྤྱི་བཤད།

[རྩོམ་སྒྲིག]

བོད་ཟས་ཞེས་པ་བོད་ཀྱི་སྲོལ་རྒྱུན་ཟ་མ་སྟེ། བོད་ཡུལ་ཀུན་ཏུ་གསོ་རིག་རྒྱུད་བཞིའི་རིག་གཞུང་རིམ་གྱིས་ཁྱབ་པ་དེས་བོད་མིའི་རྒྱུན་གྱི་འཚོ་བའི་ཐད་ལ་ཤུགས་རྐྱེན་ཐེབས་པས་བོད་རིགས་ནི་ལྟོ་རུ་གཏོང་བའི་ཟས་ལུགས་ལ་ཤིན་ཏུ་མཁས་པ་ཡིན། མི་རིགས་གཞན་བོད་ཟས་ལ་རྒྱུས་ཆུང་བའི་དབང་གིས་བོད་ཟས་ཟེར་དུས་ཇ་ཁའམ་ཇ་དྭངས་ཤིག་འཐུང་བཞིན་རྩམ་པ་བརྫི་བ་ཙམ་ཡིན་པར་བསམ་བློ་གཏོང་གིན་འདུག དེ་འདྲ་གཏན་ནས་མ་རེད། བོད་ཟས་ལ་རྗེན་ཟས་དང་ཚོས་མ། བརྔོས་མ་དང་བཙོས་མ། སྐམ་ཟས་དང་བསྙལ་མ། བཟའ་བ་དང་བཏུང་བ། མུར་ཟས་དང་མིད་ཟས། ཁ་ཏོག་དང་ལྟོ་སོགས་མང་པོ་ཡོད་ལ། ལུས་ལ་མཁོ་བའི་འཚོ་བཅུད་དང་མཐུན་པར་མ་བྱན་མཁས་པའི་གཡོས་ལུགས་ཀྱང་སྣ་ཚོགས་ཡོད་དོ། །

བོད་ཟས་གཡོས་ཐབས།

[རྩོམ་སྒྲིག]

བོད་ཟས་ཉར་ཐབས།

[རྩོམ་སྒྲིག]

བོད་ཟས་ཀྱི་རྒྱུ་ཆ།

[རྩོམ་སྒྲིག]

·རྩམ་པ། ·གྲོ་ཕྱེ།༼ གྲོ་ཞིབ་ཀྱང་ཟེར།༽ ·བྲ་ཕྱེ།·འབྲས་བགྲུས་མ། ·ཇ།·ཚྭ། ·མར།·ཆུར་བ།༼ ཕྱུར་བ་ཡང་།༽·འོ་མ།·ཞོ།·དར་བ།༼ཁ་ སྐད་དུ་ད་ར་ཟེར།༽·སྟར་ག ·ཛཱ་ཏི།·གྲོ་མ། ·སྲན་ཕྱེ།·ཞོག་ཁོག·བཙོང་།·འུ་སུ།༼བསོད་ནམས་དཔལ་འཛོམས་ཀྱང་ཟེར།༽·སྒོག་པ།༼ཟས་སུ་ འདེབས་མཁན་ཉུང་།༽·ལ་ཕུག ·ཡུང་མ།·གོ་སྙོད།·སྣེའུ།·ཤིང་ཐོག་ཨ་མྲ།·བིལ་ཏོག·སོབ་རྟ།·བྱེ་མ་ ཀ་ར།·ཤེལ་ཀ་ར།·སྦྲང་རྩི། ·བུ་རམ།·རི་དྭགས་ཤ།·ཕག་ཤ།·བྱ་ཤ།·ཉ་ཤ། ༼ཤ་ཕྱི་མ་གསུམ་འབྲོག་པ་ཕལ་ཆེ་བས་མི་ཟ།༽·གཡེར་མ། ·སྔོ་ལྡུམ་ གྱི་རིགས་ཕལ་ཆེར། ·ལི་སྐམ། ༼ ཤིང་ཐོག་ལི་དང་ཀུ་ཤུ་སོགས་བཤགས་ནས་སྐམ་པོར་བྱས་པ།༽·ཤ་སྐམ་གྱི་རིགས། ·ཁམ་སྐམ།༼ཁམ་བུའི་རིགས་རྣམས་སྐམ་པོར་ བྱས་པ།༽

ད་དུང་གཟིགས།

[རྩོམ་སྒྲིག]

མི་སེར་དཀྱུས་མའི་བོད་ཟས།

[རྩོམ་སྒྲིག]

·ཇ་དྭངས། ༼ཇ་ཁ་དང་ཇ་ནག་ཀྱང་ཟེར༽

·སྲུབས་ཇ།

·ཛཱ་ཇ། ༼ཇ་ཁུའི་ནང་དུ་མར་དང་རྩམ་པ་ཉུང་ཟད་ཛཱ་ཏི་འོས་འཚམ་མཉམ་དུ་བསྲེས་ནས་སྲུབས་པའི་ཇ། ལུས་ཟུངས་གསོ་བྱེད་ཅིག ༽

·ཆུ་ཁོལ།

·རྩམ་པ་ཨ་ལོག

·བག་ཐུག ༼བག་ཕྱེའི་ཐུག་པ།༽

·ཆན།

·འབྲས་ཐུག་དང་ཕྱེ་ཐུག རྩམ་ཐུག

·འཁུར་བ་སྣ་ཚོགས།

·གྲོ་བསྲེགས། ༼ཨ་བསྲེགས་དང་གོ་རེ་ཡང་ཟེར།༽

·ཕོ་ལོག་སྣ་ཚོགས།

·ཤ་བཙབས་ཁུ་བ།

·ཤ་རྗེན་སུར་པན། ༼ཤ་རྗེན་རྒྱ་སྒོག་ཀྱང་ཟེར།༽

·འབྲས་སིལ། ༼ མིང་བཏགས་ཀྱང་ཟེར།༽

·རྩམ་བསྲེགས། ༼རྩམ་ཚིག་ཀྱང་ཟེར། མར་ཁུའི་ནང་དུ་རྩམ་པ་བཏབ་ནས་ཅུང་ཟད་ཚིག་ཏུ་བཅུག་པའི་ལུས་ཟུངས་གསོ་བྱེད་ཀྱི་ཟས་ཤིག༽

·གྲོ་མ་མར་ཁུ།

·ཤ་ཚོད།

ཕྱི་ཕྱོགས་དྲྭ་མཐུད།

[རྩོམ་སྒྲིག]