Jump to content

བོད་མིའི་སྒྲིག་འཛུགས་

ཡོང་ཁུངས་Wikipedia

བཙན་བྱོལ་བོད་མིའི་སྒྲིག་བཙུགས།

[མ་ངོས་ཞུ་དག]

བཙན་བྱོལ་བོད་མིའི་སྒྲིག་བཙུགས་ (Central Tibetan Administration, CTA) ནི། རྒྱ་གར་གྱི་བྱང་ཕྱོགས་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་ཁྲིམས་མཐུན་གྱི་སྒྲིག་བཙུགས་ཤིག་ཡིན། འདི་ནི་༡༩༥༩ལོའི་བོད་ཀྱི་རྒྱལ་ཡོངས་སྒེར་ལངས་ཀྱི་རྗེས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསར་བཙུགས་གནང་བ་ཞིག་ཡིན།

ལོ་རྒྱུས་རྒྱབ་ལྗོངས།

[མ་ངོས་ཞུ་དག]

༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་བོད་མི་ཁྲི་ཕྲག་མང་པོ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། ༡༩༥༩ ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་གྱི་མ་སུ་རིར་ (Mussoorie) བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཐོག་མར་གསར་བཙུགས་གནང་ཞིང་། རྗེས་སུ་༡༩༦༠ ལོར་སྒྲིག་བཙུགས་ཀྱི་ལྟེ་བ་དྷ་རམ་ས་ལར་གནས་སྤོས་བྱས།

སྒྲིག་བཙུགས་ཀྱི་ཆགས་རིམ།

[མ་ངོས་ཞུ་དག]

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་དེང་རབས་མང་གཙོའི་ལམ་ལུགས་དང་མཐུན་པར་ཀ་བ་གསུམ་གྱི་གྲུབ་ཡོད།

འཛིན་སྐྱོང་བཀའ་ཤག

[མ་ངོས་ཞུ་དག]

འདི་ནི་སྒྲིག་བཙུགས་ཀྱི་མཐོ་རིམ་འཛིན་སྐྱོང་ལྷན་ཁང་ཡིན། འདིའི་དབུ་ཁྲིད་ནི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ཡིན། སྲིད་སྐྱོང་གིས་བཀའ་བློན་རྣམས་བསྐོ་བཞག་བྱེད་ཅིང་། ཁོང་ཚོས་ཤེས་རིག་དང་། འཕྲོད་བསྟེན། དཔལ་འབྱོར། ཕྱི་དྲིལ་སོགས་ལྷན་ཁང་ཁག་ལ་འགན་བཞེས་ཀྱི་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས།

[མ་ངོས་ཞུ་དག]

འདི་ནི་ཁྲིམས་བཟོ་ལྷན་ཁང་ཡིན། འདིའི་ནང་བོད་ཀྱི་ཆོལ་ཁ་གསུམ་དང་། ཆོས་ལུགས་ཆོས་བརྒྱད་ཁག ཡོ་རོབ་དང་བྱང་ཨ་རིའི་བོད་མི་བཅས་ཀྱི་སྐུ་ཚབ་སྤྱི་འཐུས་༤༥ ཡོད།

བོད་མིའི་སྒྲིག་བཙུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་།

[མ་ངོས་ཞུ་དག]

འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་བྱེད་མཁན་དང་། སྒྲིག་བཙུགས་ནང་ཁུལ་གྱི་རྩོད་རྙོག་ཁག་ཞིབ་བཤེར་བྱེད་མཁན་གྱི་ཁྲིམས་ལུགས་དབང་འཛིན་ལྷན་ཁང་ཡིན།

དབུ་མའི་ལམ།

[མ་ངོས་ཞུ་དག]

བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་གཙོ་བོ་ནི་“དབུ་མའི་ལམ།”ཡིན། འདི་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་སྲིད་བྱུས་ཤིག་ཡིན།

༢༠༡༡ ལོའི་ཆབ་སྲིད་འགྱུར་ལྡོག

[མ་ངོས་ཞུ་དག]

༢༠༡༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་ཞིང་། བཙན་བྱོལ་བོད་མིའི་སྒྲིག་བཙུགས་འདི་ཉིད་ཆབ་སྲིད་ཀྱི་ཆ་ནས་ཆ་ཚང་བའི་མང་གཙོའི་ལམ་ལུགས་སུ་གྱུར་ཏོ།།

སྲིད་སྐྱོང་དང་པོ་བློ་བཟང་སེང་གེ།

[མ་ངོས་ཞུ་དག]

བློ་བཟང་སེང་གེ་ནི་བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་སྲིད་སྐྱོང་(President)དང་པོ་དེ་ཡིན། ཁོང་ནི་ཕྱི་ལོ་༢༠༡༢ ཟླ་༩ ཚེས་༢༠ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་ཀྱི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་དང་པོ་དེ་ཡིན། བློ་བཟང་སེང་གེ་ (Lobsang Sangay) ནི་བོད་ཀྱི་ཁྲིམས་ལུགས་མཁས་པ་དང་ཆབ་སྲིད་པ་ཞིག་ཡིན། ཁོང་ནི་བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ ཐོག་མ་དེ་ཡིན། ༢༠༡༡-༢༠༢༡ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་སུ། ཁོང་གིས་བོད་མིའི་སྒྲིག་བཙུགས་ཀྱི་འགན་དབང་བཞེས་ནས་ལོ་ངོ་བཅུའི་རིང་ཕྱག་ལས་གནང་ཡོད།

མི་ཚེའི་ལོ་རྒྱུས་དང་ཤེས་ཡོན།

[མ་ངོས་ཞུ་དག]

བློ་བཟང་སེང་གེ་མཆོག་༡༩༦༨ ལོར་རྒྱ་གར་རྡོ་རྗེ་གླིང་གི་བོད་མིའི་གཞིས་ཆགས་ཤིག་ཏུ་སྐུ་འཁྲུངས། ཁོང་གིས་ཐོག་མར་རྡོ་རྗེ་གླིང་བོད་མིའི་གཏན་སློབ་ཏུ་སློབ་གཉེར་གནང་ཞིང་། རྗེས་སུ་དིལླཱི་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་རིག་པའི་གཙུག་ལག་སློབ་དཔོན་ (LLB) གྱི་བསླབ་གནས་བཞེས། ༡༩༩༦ ལོར་ཧྥུལ་བྲའེ་ཊི་ (Fulbright) སློབ་ཡོན་ཐོབ་སྟེ་ཨ་རིའི་ཧ་ཝརཌ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས། ༢༠༠༤ ལོར་ཧ་ཝརཌ་ནས་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ (S.J.D.) བསླབ་གནས་བཞེས་པའི་བོད་མི་ཐོག་མ་དེ་ཆགས།

སྲིད་སྐྱོང་གི་ལས་ཡུན། (༢༠༡༡–༢༠༢༡)

[མ་ངོས་ཞུ་དག]

ཕྱི་ལོ་༢༠༡༡ ཟླ་ ༨ ཚེས་ ༨ ཉིན་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་བཀའ་བློན་ཁྲི་པའི་དམ་འབུལ་ཞུས་ཤིང་། ཕྱིི་ལོ་༢༠༡༢ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་བརྒྱུད་མིང་བྱང་དེ་སྲིད་སྐྱོང་ཞེས་པར་བསྒྱུར།

ཆབ་སྲིད་དང་འཛིན་སྐྱོང་།

[མ་ངོས་ཞུ་དག]
  • མང་གཙོའི་བརྒྱུད་རིམ།: ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཁྲོད། བོད་མིའི་སྒྲིག་བཙུགས་འདི་ཉིད་མང་གཙོའི་ལམ་ལུགས་གཙང་མའི་ཐོག་འཛིན་སྐྱོང་གནང་བར་ནུས་པ་ཆེན་པོ་བཏོན།
  • རང་ཁ་རང་གསོ།: ཁོང་གི་ལས་ཡུན་རིང་ "རང་ཁ་རང་གསོ" ཞེས་པའི་ལྟ་བ་བཟུང་ནས་བོད་མིའི་གཞིས་ཆགས་ཁག་གི་འཚོ་བ་ཡར་རྒྱས་དང་། ལྷག་པར་དུ་བོད་མིའི་སློབ་ཕྲུག་ཚོར་མཐོ་རིམ་ཤེས་ཡོན་གྱི་གོ་སྐབས་མང་པོ་བསྐྲུན།

རྒྱལ་སྤྱིའི་འབྲེལ་ལམ།

[མ་ངོས་ཞུ་དག]

ཁོང་གིས་ཨ་རིའི་གྲོས་ཚོགས་དང་ཡོ་རོབ་མཐུན་ཚོགས་སོགས་ཀྱི་ནང་བོད་དོན་གླེང་སྟེ། ༢༠༢༠ ལོའི་ཨ་རིའི་"བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་" (TPSA 2020) གཏན་འབེབས་བྱེད་པར་འབད་བརྩོན་ཆེན་པོ་གནང་

ད་ལྟའི་གནས་བབ་།

[མ་ངོས་ཞུ་དག]

༢༠༢༡ ལོར་སྲིད་སྐྱོངབློ་བཟང་སེང་གེའི་ལས་ཡུན་མཇུག་བསྒྲིལ་རྗེས། ཁོང་གིས་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ལ་ཕྱག་ལས་རྩིས་སྤྲོད་གནང་། ད་ལྟའི་ཆར་ཁོང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་གསུང་བཤད་དང་ཉམས་ཞིབ་ཀྱི་ལས་ཀ་གནང་བཞིན་ཡོད།

སྲིད་སྐྱོང་གཉིས་པ་སྤེན་པ་ཚེ་རིང་།

[མ་ངོས་ཞུ་དག]

ཕྱི་ལོ༢༠༢༡ཟླ་ ༥ ཚེས་ ༢༧ ལོའི་སྲིད་སྐྱོང་སྤེན་པ་ཚེ་རིང་ནི་བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་སྲིད་སྐྱོང་བཀོད། སྤེན་པ་ཚེ་རིང་ ( Penpa Tsering) ནི་བཙན་བྱོལ་བོད་མིའི་སྒྲིག་བཙུགས་ཀྱི་སྐབས་༡༦ པའི་སྲིད་སྐྱོང་(President) ཡིན། ཁོང་ནི་༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་མི་མང་གི་འོས་ཤོག་བརྒྱ་ཆ་ ༥༤.༡༡ ཐོབ་སྟེ་རྒྱལ་ཁ་ཐོབ་པ་ཞིག་ཡིན། ཁོང་གིས་༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་ལས་འཁུར་དམ་འབུལ་བཞེས།

མི་ཚེའི་ལོ་རྒྱུས་དང་ཤེས་ཡོན།

[མ་ངོས་ཞུ་དག]

སྤེན་པ་ཚེ་རིང་མཆོག་༡༩༦༧ ལོར་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྦྱིར་ཚོགས་ (Bylakuppe) བོད་མིའི་གཞིས་ཆགས་སུ་སྐུ་འཁྲུངས། ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མེ་ཌྲ་ས་ཡི་གནམ་བདག་ཆོས་ཚོགས་མཐོ་རིམ་སློབ་གཉེར་ཁང་ (Madras Christian College) ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་སློབ་དཔོན་གྱི་བསླབ་གནས་བཞེས།

ཆབ་སྲིད་ཀྱི་བརྒྱུད་རིམ།

[མ་ངོས་ཞུ་དག]

ཁོང་གིས་བོད་མིའི་སྒྲིག་བཙུགས་ཀྱི་ཀ་བ་གཉིས་ (ཁྲིམས་བཟོ་དང་འཛིན་སྐྱོང་) ནང་ཞབས་ཕྱི་ཡུན་རིང་ཞུས་ཡོད།

སྤྱི་འཐུས་ལྷན་ཚོགས།

[མ་ངོས་ཞུ་དག]

༡༩༩༦ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་༡༢ པའི་སྤྱི་འཐུས་སུ་ཐོག་མར་འོས་འདེམས་བྱུང་བ་ནས་བཟུང་། རིམ་པས་སྐབས་༡༣ དང་། ༡༤། ༡༥ བཅས་ཀྱི་སྤྱི་འཐུས་གནང་། ༢༠༠༨ ནས་ ༢༠༡༦ བར་ལོ་ངོ་བརྒྱད་ཀྱི་རིང་སྐབས་༡༤ པ་དང་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས།

སྐུ་ཚབ་དོན་གཅོད།

[མ་ངོས་ཞུ་དག]

༢༠༡༦ ལོར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་། དེའི་རིང་ཨ་རིའི་གཞུང་དང་མི་མང་ལ་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་རྒྱ་ཆེ་གནང་།

སྲིད་སྐྱོང་གི་ལས་དོན།

[མ་ངོས་ཞུ་དག]

སྲིད་སྐྱོང་གི་ལས་འཁུར་བཞེས་རྗེས། ཁོང་གི་སྲིད་བྱུས་གཙོ་བོ་ནི་དབུ་མའི་ལམ། གཞིར་བཟུང་ནས་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཡོང་ཐབས་བྱེད་རྒྱུ་དེ་ཡིན། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གི་འཚོ་བ་ཡར་རྒྱས་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་ནུས་པ་མི་དམན་པ་འདོན་བཞིན་ཡོད།

༢༠༢༦ ལོའི་འོས་བསྡུ།

[མ་ངོས་ཞུ་དག]

༢༠༢༦ ལོ་ནི་སྲིད་སྐྱོང་གི་ལས་ཡུན་གསུམ་པའི་འོས་བསྡུའི་ལོ་ཡིན་པས། སྤེན་པ་ཚེ་རིང་མཆོག་ནི་འོས་མི་གཙོ་བོ་ཞིག་ཡིན་ལ། འོས་བསྡུ་ཆེན་མོ་འདི་༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་འཚོག་རྒྱུ་ཡིན།