Jump to content

བོད་ཁུལ་ནས་ཨེ་འགོག་བྱེད་སྒོ་ཅི་ལྟར་སྤེལ་དགོས་

ཡོང་ཁུངས་Wikipedia

དྲི་བ་དེའི་ལན་ལ་སྔོན་ཆད་ཞིག་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་མཐུན་པ་གསུམ་གྱི་རྣམ་གཞག་ཅེས་སྡོམ་ཚིག་རང་བཞིན་གྱི་གསུངས་ཚིག་རིན་ཐང་བྲལ་བ་ཞིག་གསུངས་མྱོང་ཡོད་དེ།དང་པོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ་དང་། གཉིས་ནས་ཚད་རིག་དང་མཐུན་པ།གསུམ་པ།བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་མཐུན་པ་བྱ་དགོས་ཞེས་གསུངས་བ་ལྟར་ང་རང་གིས་ཀྱང་འདི་ལྟར་དྲིལ་སྒྲོག་བྱ་བཞིན་ཡོད།རྒྱུ་མཚན་ནི་ཁྲིམས་དང་མཐུན་ན་ང་ཚོས་བྱེད་སྒོ་འདི་འདྲ་སྤེལ་བ་དེ་དུས་ཡུན་རིང་པོ་དང་།གཞི་རྒྱ་ཆེན་པོ།མི་གྲངས་མང་པོར་སྤེལ་ཐུབ་པའི་དགེ་མཚན་ཡོད་ཅིང་།ཚད་རིག་དང་མཐུན་ན་སུ་ཞིག་གིས་མོ་བཏབས་པ་དང་། གང་ཞིག་གིས་སྔགས་བཏོན་པ།ཡང་སུ་ཞིག་གིས་བོད་སྨན་ཞིག་བྱིན་ན་བཅོས་ཐུབ་འགྲོ་སྲིད་སོགས་ཚོད་དཔག་རྐྱང་རྐྱང་བྱས་པ་མིན་པར་སྔོན་བྱོན་ཚད་རིག་མཁས་ཆེན་སོགས་ཀྱིས་གསུངས་པ་ཅི་བཞིན་སྒྲོ་སྐུལ་མེད་པར་བཤད་ན་མང་ཚོགས་ལ་ཕན་ཐོགས་པར་སྙམ། ཡིན་ནའང་།འདིར་གསལ་བཤད་བྱ་དགོས་པ་ཞིག་ལ།ངས་གོང་གི་བོད་ལུགས་ཐབས་ལམ་དག་གིས་རྩ་བ་ནས་ཕན་མི་ཐོགས་ཞེས་བཤད་པ་མིན་རུང་།མ་མཐའ་ཡང་ནད་པ་བཅུ་ནས་བརྒྱ་ལྷག་སངས་དྲག་བྱུང་བའི་ར་སྤྲོད་བྱས་མེད་ན་ཚོད་དཔག་གིས་བརྡར་ཤ་བཅད་ཚེ་སྤུན་ཟླ་མང་པོ་ཞིག་གིས་སྨན་ཡོད་པའི་འདུ་ཤེས་ཀྱིས་ཨེ་ཛི་སྔོན་འགོག་ལ་དོ་སྣང་མི་བྱེད་པར་གནོད་ཅིང་།ཚད་ལྡན་གྱི་སྨན་བཅོས་མ་ཐུབ་པས་སྐྱེ་བོ་མང་པོའི་ཚེ་སྲོག་ཆུད་ཟོས་སུ་འགྲོ་ཉེན་ཡོད་པས་ངེས་པར་ཏུ་གཟབ་ནན་བྱ་དགོས་ཟེར་བ་ཡིན།གཞན་ཨེ་འགོག་གི་བྱེད་སྒོ་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་མཐུན་དགོས་ཞེས་པ་ནི།བོད་མི་རིགས་ཀྱི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས།བསམ་བློའི་གོ་རྟོགས།རིག་གནས་ཆུ་ཚད་བཅས་དང་མཐུན་པའི་སྒོས་དྲིལ་སྒྲོག་བྱས་ན་ད་གཟོད་མང་ཚོགས་ཀྱི་རྣ་ལམ་དུ་སྒྲོག་ཐུབ་ཅིང་།བསྒྲགས་པས་ནུས་པའང་ཐོན་ཐུབ་ཅེས་བཤད་ཀྱིན་ཡོད་དོ། །