བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག།
Appearance
ལོ་རབས། | དོན་རྐྱེན། |
---|---|
1063BC | བོན་ཆོས་དབུ་བརྙེས། |
127BC | སྤུ་རྒྱལ་ཐོག་མ་གཉའ་ཁྲི་བརྩན་པོ་རྒྱལ་པོར་འཁོད། |
127BC- 629 | བཙན་པོ་རིམ་བྱོན་གྱིས་བར་ལོ་ 756 |
173 AD | ཐོ་ཐོ་རི་གཉན་བཙན་སྐུ་འཁྲུངས། |
600AD | ནང་ཆོས་གི་དཔེ་ཆ་ཁག་ཅིག་བོད་ཡུལ་དུ་འབྱོར། |
602 | བོད་ཁམས་ཡོངས་གནམ་རི་སྲོང་བརྩན་གིས་དབང་སྒྱུར། |
629-842 | ཆོས་རྒྱལ་རིམ་བྱོན་གྱིས་བར་ལོ་ 213 |
640 | བལ་ཡུལ་ལ་བཙན་འཛུལ་བྱས་ཏེ་དབང་སྒྱུར་ཡང་བྱས། |
650 | སྲོང་བཙན་སྒམ་པོའི་སྐུ་དུས། རྒྱལ་ཐོག་སོ་སུམ་པ་ སློབ་དཔོན་ཐུ་མི་རྒྱ་གར་དུ་འཛངས། སྒྲ་ཡི་བསྟན་འཅོས་བརྒྱད་འཙམས་གནང། |
629 | ཆོས་རྒྱལ་སྲོང་བརྩན་སྒམ་པོས་མངའ་ཐང་རྒྱ་སྐྱེད་མཛད། |
630 | བལ་ཡུལ་ནས་ནང་ཆོས་གི་བསྟན་པ་ཐོག་མར་དབུ་བརྙེས། |
637 | ཕོ་བྲང་པོ་ཏ་ལ་ཐོག་མར་འཛུགས་སྐྲུན་གནང། |
641 | ཐང་ཀྱི་ཝེན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉེན་སྒྲིག་གནང། གཙུག་ལག་ཁང་བཞེངས། |
645 | སྲོང་བཙན་སྒམ་པོས་ཧྲན་ཤིའི་རི་བོ་རྩེ་ལྔར་ལྷ་ཁང་བཞེངས། |
654–676 | བོད་རྒྱལ་ཁམས་ཀྱི་ ཐུ་ཡུན་ལུ་དང་རྒྱ་ནག་ དབུས་ཨེ་ཤི་ཡའི་ཡུལ་ལུང་མང་དག་ལ་འཙན་འཛུལ་བྱས། |
704 | ཁྲི་ལྡེ་གཙུག་ལྡན་བཙན་པོར་འཁོད། |
710 | ཁྲི་ལྡེ་གཙུག་ལྡན་གྱིས་ཐང་གི་སྲས་མོ་ཆིན་ཁྲང་དང་གཉེན་སྒྲིག་བྱས་ |
717 | བོད་དང་ཏུར་ཀི་མཛའ་བྲེལ་ཐོག་ ཀ་ཤ་ག་ལ་འཙན་འཛུལ་བྱས། |
720 | བོད་དམག་གིས་ཡུ་གུར་བུག་ཚོར་ཏུན་ཧོང་གི་བཙན་འཟུང་བྱས། |
760 | རྒྱ་གར་ནས་ མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས། |
755–797 | ཁྲི་ལྡེ་གཙུག་ལྡན་དགོངས་པ་རྫོགས། ཁྲི་སྲོང་ལྡེའུ་བཙན་གི་དུས་རབས། དབུས་ཨེ་ཤི་ཡའི་ཁུལ་དུ་སླར་ཡང་བཙན་འཛུལ་བྱས། |
763 | བོད་དམག་གི་ཐང་རྒྱལ་ས་ཁྲང་ཨན་བཙན་བཟུང་བྱས། |
779 | བསམ་ཡས་དགོན་ཕྱག་བཏབ། ནང་ཆོས་ནི་གཞུང་འབྲེལ་ཐོག་རྒྱལ་ཁབ་ཀྱི་ཆོས་སུ་ངོས་འཛིན་གནང། |
783 | ཐང་བོད་ཆིང་ཡིག་གི་རྡོ་རིང་བཙུགས། |
785–805 | བོད་དམག་གིས་ནུབ་ཕྱོགས་ པ་མིར་དང་ ཨོ་སུས་གཙང་པོ་ཁུལ་དུ་བཙན་འཛུལ་བྱས། |
797 | མུ་ནི་བཙན་པོ་སྲིད་ཁྲིར་འཁོད། |
799–815 | སད་ན་ལེགས་གི་དུས་རབས། |
815–836 | རལ་པ་ཅན་གྱི་དུས་རབས། ནང་ཆོས་གླེགས་བམ་མང་པོ་སྒྲ་སྒྱུར་མཛད། |
821 | ཁྲང་ཅིང་ཆིང་ཡིག་ ཐང་བོད་མཛའ་འཐུན་དང་ བོད་ཀྱི་དབུས་ཨེ་ཤི་ཡའི་ས་ཁུལ་ཕལ་ཆེ་བར་མངའ་དབང་མཛད། |
842 | བོད་ཀྱི་བཙན་པོ་མཐའ་མ་ལྷ་སྲས་དར་མ་བཀྲོངས་ཏེ། བོད་ཁམས་སིལ་པོར་འཐོར། |
842-1253 | ལོ་ ༤༡༡ རིང་བོད་ཁམས་སིལ་བུར་འཐོར། |
1042 | ཇོ་བོ་རྗེ་དཔལ་ལྡན་ཨི་ཏི་ཤ་བོད་དུ་ཆིབས་སྒྱུར་གནང། |
1073 | ས་སྐྱ་པའི་བསྟན་པ་དར། |
1080 | རྗེ་བཙུན་མི་ལ་རས་པས་བོད་ཁམས་ཡོངས་སུ་བཀའ་རྒྱུད་བསྟན་པའི་མཛད་པ་རྒྱ་ཆེར་གནང། |
1247 | བོད་སོག་ཆོས་ཡོན་འབྲེལ་བ་འཛུགས་གནང། |
1253 | སེང་ཆེན་རྒྱལ་པོ་ཀུབ་ལེ་ཁན་ནས་ནང་ཆོས་ནི་རྒྱལ་ཁམས་ཡོངས་ཀྱི་ཆོས་དུ་མངོན་བསྟོད་མཛད། |
1253-1358 | ལོ་105 རིང་ས་སྐྱའི་ཁྲི་འཛིན་རིམ་པས་དབང་སྒྱུར་མཛད། |
1254 | འགྲོ་འགོན་ཆོས་རྒྱལ་འཕགས་པ་བོད་ཁམས་ཡོངས་ཀྱི་ཆོས་སྲོད་གཉིས་ཀྱི་དབུ་ཁྲིད་དུ་འཁོད། |
1358-1481 | ལོ་123རིང་ཕག་གྲུའི་སྡེ་སྲིད་རིམ་པས་དབང་སྒྱུར་མཛད། |
1391 | གཙང་གཤབ་སྟོད་དུ་རྗེ་དགེ་འདུན་གྲུབ་པ་འཁྲུངས། རྗེས་སུ་ཏྰ་ལའི་བླ་མ་སྐུ་ཕྲེང་དང་པོར་ངོས་འཛིན་གནང། |
1409 | འཇམ་འགོན་བླ་མ་རྩོང་ཁ་པ་ཆེན་པོས་རི་བོ་དགེ་ལྡན་པའི་བསྟན་པ་སྲོལ་གཏོད། དགའ་ལྡན་དགོན་པ་ཕྱག་བཏབ། |
1445 | ༧ རྒྱལ་དབང་དགེ་འདུན་གྲུབ་པས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་དགོན་ཕྱག་བཏབ། |
1481-1565 | ལོ་ 84 རིངརིན་སྤུངས་སྡེ་པ་རིམ་པས་དབང་སྒྱུར་མཛད། |
1565-1642 | ལོ་ 77 རིངགཙང་པ་སྡེ་སྲིད་རིམ་པས་དབང་སྒྱུར་མཛད། |
1573 | སོག་པོའི་རྒྱལ་པོ་ཨལ་ཏན་ཁན་ནས་༧རྒྱལ་དབང་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ནང་ཆོས་སྤེལ་བར་གདན་དྲངས། ཏྰ་ལའི་བླ་མ་ཞེས་པའི་མཚན་གསོལ། |
1601 | སོག་པོའི་རྒྱལ་པོ་ཨལ་ཏན་ཁན་གི་ཚ་བོ་༧རྒྱལ་དབང་ཡོན་ཏན་རྒྱ་མཚོ་མཆོག་ཏྰ་ལའི་བླ་མ་སྐ་ཕྲེང་བཞི་པར་འཁོད། |
1642 | རྒྱལ་དབང་ལྔ་པ་ཆེན་པོས་བོད་ཁམས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཐུགས་འགན་བཞེས། |
1642-1959 | ལོ་ 317 དགའ་ལྡན་ཕོ་བྲང་པས་དབང་སྒྱུར་མཛད། |
1648 | ཕོ་བྲང་པོ་ཏ་ལ་གསར་བཞེངས་གནང། |
1652: | ༧རྒྱལ་དབང་ལྔ་པ་མཆོག་པེ་ཅིང་དུ་མན་ཆིང་གོང་མ་ཧྲུན་ཀྲིས་དང་མཇལ་འཕྲད་གནང། |
1684 | བོད་དང་ལ་དྭགས་ འབྲུག་ཡུལ་བར་དམག་འཁྲུག་འབྱུང། |
1697 | རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྲིད་དབང་ལས་ཕབ། |
1706 | སོག་པོའི་འགོ་དཔོན་ལྷ་བཟང་ཁན་གིས་ཏྰ་ལའི་བླ་མ་ཡང་སྲིད་རྫུན་མ་ཞིག་སྲིད་ཁྲིར་བཀོད། |
1716 | 0 |
1717 | 0 |
1720 | རྒྱལ་དབང་སྐལ་བཟང་རྒྱ་མཚོ་མཆོག་སྲིད་ཁྲིར་འཁོད། |
1728 | ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གི་སྲིད་དབང་བཟུང། |
1750 | ཕོ་ལྷ་འགྱུར་མེད་རྣམ་རྒྱལ་གི་ལྐོག་གསོད་རྐྱེན་པས་ མན་ཆིང་དམག་དཔུང་སླར་ཡང་ལྷ་སར་འབྱོར། |
1751 | བོད་དུ་བཀའ་ཤག་སྲིད་གཞུང་ཐོག་མར་སྲོལ་གཏོད་དངོས་སུ་བཙུགས |
1788 | མན་ཆིང་དམག་གི་དཔུང་རོགས་འོག་གོར་ཥའི་དམག་མཐར་སྐྲོད་བཏང། |
1792 | མན་ཆིང་དམག་མི་ཁ་ཅིག་ས་འཚམས་དང་ལྷ་སར་སོགས་ས་ཁུལ་ཁག་དུ་བཅའ་སྡོད་བྱས། |
1793 | གོར་ཥའི་དམག་འཁྲུག་ལ་འཐབ་འཛིངས་དྲག་པོ་བྱས། |
1841 | རྒྱ་གར་གི་དམག་དཔུང་ལ་དྭགས་རྒྱུད་བོད་དུ་ཚུར་རྒོལ་བྱས། |
1856 | གོར་ཁའི་བར་ཞི་དབེ་བརཏན་ལྷིངས་ཆེད་ཆིངས་ཡིག་འཇོག་གནང་མཛད། |
1876 | བོད་ཟླ་ 5 ཚེས་ 5 ཉིན་ རྒླ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ལྷོ་ཁ་དྭགས་སྨད་སྣང་རྫོང་འོག་གླང་མདུན་དུ་སྐུ་འཁྲུངས། |
1879 | བོད་ཟླ་ 8 ཚེས་ 8 ཉིན་ྋརྒྱལ་དབང་མཆོག་གིས་ལུགས་གཉིས་ ཆབ་སྲིད་ཀྱི་ཐུགས་འགན་གཙང་བཞེས་གནང། |
1888 | འབྲས་ལྗོངས་དང་བོད་ཀྱི་ས་མཚམས་ལུང་ཐུར་ཁུལ་དུ་དབྱིན་ཇིས་ཚུར་རྒོལ་བྱས། |
1904 | བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཡཱང་ཧ་སེ་བན་གྱིས་གཙོས་པའི་དབྱིན་དམག་སྟོང་ཕྲག་མང་པོས་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ཟམ་ཁར་འབྱོར། |
1905 | ༧རྒྱལ་དབང་མཆོག་སོག་ཡུལ་དུ་ཆོས་འཁོར་བསྐོར་བས་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་ |
1908 | ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས། |
1910 | ཀྲའོ་ཨེར་ཧྥེང་གི་སི་ཁྲོན་དམག་མི་ཉིས་སྟོང་ཙམ་ལྷ་སར་འབྱོར་བ་དང་གང་བྱུང་གིས་མི་གསོད་པ། འཕྲོག་བཅོམ་བྱེད་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་མང་པོ་བྱས། |
1910 | ༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱ་གར་ལ་ཡུལ་བྱོལ་དུ་ཕེབས། |
1911 | རྒྱ་ནག་ཏུ་སུན་ཀྲུང་ཧྲན་གྱིས་གསར་བརྗེ་བྱས་ནས་མན་ཇུ་སྲིད་གཞུང་མེད་པར་བྱས་རྐྱེན། མན་ཆིང་གི་བཅའ་སྡོད་དམག་རྣམས་མཐར་སྐྲོད་བཏང། |
1913 | བོད་དང་ཕྱི་སོག་དབར་སོག་པོའི་རྒྱལ་ས་ཨུར་གར་ (ད་ལྟའི་ཨོ་ལན་བྷྭ་ཐུར་) དུ་ཆིངས་ཡིག་བཞག་པ་དང། བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་ སྦྲགས་བོད་རང་སྐྱོང་ངོས་གཙང་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། |
1914 | བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་མཛད་དེ་བོད་དམག་ཚོར་ཉི་ཧོང་དང་ ཨུ་རུ་སུ་ དབྱིན་ཇི་ བཅས་ཀྱི་དམག་རྩལ་སྦྱོར་བརྡར་མཛད། |
1914 | སིམ་ལར་རྒྱ་བོད་དབྱིན་གསུམ་དབར་ས་འཚམ་ཀྱི་ཆིངས་ཡིག་འཇོག་གནང་མཛད། |
1918 | རྒྱ་ནག་མིན་གོ་དམག་དཔུང་དང་འབྲི་ཆུ་ཕར་འཚམ་དུ་དམག་འཁྲུག་ཤུགས་ཆེ་བྱས། |
1923 | ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་ཆེད་སྐོར་སྲུང་དམག་སྟེ་པུ་ལི་སིའི ་དམག་སྒར་གསར་འཛུགས་གནང། |
1925 | སྦྲག་ཁང་དང་ཏར་ཁང་སོགས་གསར་འཛུགས་གནང་སྟེ་གྲིམ་འགྲུལ་དང་ཆ་འཕྲིན་ལས་ཀར་ཤུགས་སྣོན་གནང༌། |
1946 | 0 |
1949 | བོད་དམག་ནས་ཆབ་འདོར་རྒྱ་དམག་དང་བདུན་གཉིས་རིང་དམག་འཐབ་མཛད། |
1951 | བཅིངས་འཀྲོལ་དམག་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། |
1959 | བོད་ཡོངས་སུ་ཟིངས་འཁྲུག་གྱི་མེ་ལྕེ་འབར། བོད་མི་ཁྱོན་འབུམ་གཅིག་ཙམ་རང་སྲོག་ཤོར། རྨས་སྐྱོན་འབྱུང་བ་དེ་བས་མང། |
1959 | ༧གོང་ས་མཆོག་རྒྱ་གར་དུ་བཙན་འབྱོལ་དུ་ཕེབས། བོད་མི་ཁྲི་བརྒྱད་ཙམ་ཡང་བྲོས་འབྱོལ་ཕྱིན། |
1964 | བོད་རང་སྐྱོང་ལྗོངས་དབུ་བརྙེས། |
1966 | རིག་གནས་གསར་བརྗེའི་གཏོར་སྐྱོན་འོག་དགོན་སྡེ་༦༠༠༠ ལ་ཙམ་གོད་ཆགས་བྱུང། |
1976 | བོད་ནང་རྒྱ་རིགས་ཀྱི་མི་སེར་སྤེལ་འགོ་བཙུགས། |
1979 | ཕྱི་གླིང་གི་ཡུལ་སྐོར་ཚོགས་པ་ཐོག་མར་བོད་དུ་གཏོང་འགོ་བཙུགས། |
1987 | 0 |
1989 | ༧རྒྱལ་དབང་ཐམས་ཅད་མཁྱེན་པར་ནོ་སྦེལ་ཞེ་བདེ་གཟེངས་རྟགས་འཐོབ། |
1991 | པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་སྟེ་ ཡང་སྲིད་ངོས་འཛིན་ཐད་རྙོག་གླེང་བྱུང། |
2006 | མཚོ་བོད་ལྕགས་ལམ་ལྷ་སར་འཐུད་ཐུབ་པ་བྱུང། |
2008 | ལྷ་ས་དང་དེ་མིན་གི་བོད་ས་ཁུལ་གང་སར་བཟིང་འཁྲུག་གི་རྐྱེན་ བོད་མི་མང་པོ་ཤི་རྨས་འམ་འཛིན་བཟུང་བྱས། |
2012 | བཙན་བྱོལ་དུ་གཞུང་ས་དགའ་ལྡན་ཕོ་བྲང་འཇུག་སྒྲིལ་བ་དང། དམངས་གཙོ་ལམ་ལུགས་འོག་སྲིད་སྐྱོང་འདེམས་བསྐོ་བྱུང། |