བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱི་ངོ་སྤྲོད།

ཡོང་ཁུངས་Wikipedia

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

1979 ལོར་སྐྱེས།

སློབ་སྦྱོངས་ཇི་བྱས།

2004 ལོར་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་གཞུང་ལུགས་རབ་བྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག 1989 ལོར་རྒྱ་གར་སླེབས་ནས་འབྲས་སྤུངས་སུ་ཞུགས། ཕོགས་མེད་ཞབས་ཞུ། 1997-2015 འབྲས་སྤུངས་སུ་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་ཞོར་དུ། གངས་སུལ་གྱི་རོལ་དབྱངས་ཞེས་པའི་དུས་དེབ་ཀྱི་སློབ་སྟོན་པ་བྱས། 2001-2010 ལྡི་ལི་བོད་ཁང་ཟ་མ་ཏོག་དུས་དེབ་ཀྱི་རྩོམ་སྒྲིག་ཚོགས་མི་བྱས། 1996-2003 དུས་དེབ་བློ་གསལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་བྱས། 1993-1995 འབྲས་སྤུངས་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུ་དག་པ་བྱས།


འཚོ་ཐབས་ལས་རིགས།

2014 ནས་ད་ལྟ་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་། རྩོམ་རིག་སྡེ་ཚན་འགན་འཛིན་གྱི་ལས་ཀ་བྱེད་བཞིན་པ་ཡིན། 2010-2014 ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་གདན་ཞུའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཉམས་ཞིབ་པ་བྱས། 2004-2011 བཙན་བྱོལ་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་དགེ་ལུགས་སྤྱི་འཐུས་བྱས། 2010 ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་ B.ed དགེ་རྒན་བྱས། 2005-2010 ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་མི་བྱས། 2005-2010 ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཐོ་སློབ་ཀྱི་དགེ་རྒན་བྱས། 2007 ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་ B.ed དགེ་རྒན་བྱས། 2003 ཕྱི་ཟླ་ ༡-༤ བར་ཨ་མི་རི་ཁའི་ཨིན་ཌི་ཡ་ན་ Indiana University, Bloomington གཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་བྱས། 1995-2003 འབྲས་སྤུངས་བློ་གསལ་གླིང་གི་སློབ་གྲྭའི་དགེ་རྒན་བྱས།


རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་བཅར་རིགས།


2016 ཕྱི་ཟླ་ ༦ པའི་ནང་ནོར་ཝེའི་བྷར་ཀན་སློབ་ཆེན་Norway University of Bergen དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤པ་ལ་བཅར། 2015ཕྱི་ཟླ་༨པའི་ནང་འཇར་མན་ Fourth International Seminar Of young Tibetologist –leipzig university –September ཚོགས་གཅར་ཞུས། 2011 ཕྱི་ཟླ་ ༥ པའི་ནང་ཨི་ཊ་ལི་བྷི་ལོར་ན་དྷོ་མེ་ན་དགོན་པས་གདན་ཞུས་ལྟར། སེམས་ཁམས་རིག་པའི་ལྟ་གྲུབ་གྱི་བགྲོ་གླེང་དུ་སོང་ནས་ནུབ་ཕྱོགས་པ་དང་སངས་རྒྱས་ཆོས་ལུགས་པའི་སེམས་ཁམས་རིག་པའི་ལྟ་གྲུབ་ཐོག་བགྲོ་གླེང་རྒྱ་ཆེར་བྱས། 2010 ཕྱི་ཟླ་ ༨ པའི་ནང་ཁ་ན་ཌ་ཝེན་ཁུ་ཝར་གཙུག་ལག་སློབ་གྲྭ་ཆེན་མོར་ The University of British Columbia, Vancouver རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་ 12th Seminar of the International Association for Tibetan Studies པར་བཅར།

2007 ཕྱི་ཟླ་ ༨ པའི་ནང་དབྱིན་ཡུལ་ལོན་ཌོན་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པ་ཞིབ་འཇུག་ཚོགས་ཆེན་ཐེངས་དང་པོའི་ 1st International Seminar of Young Tibetologist ཐོག་ཚོགས་བཅར་ཞུས།

2006 ཕྱི་ཟླ་ ༨ པའི་ཟླ་མཇུག་ནང་འཇར་མན་བྷོན་སློབ་གྲྭ་ཆེན་མོར་ Seminar for Central Asian Studies-Bonn University རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཅིག་ 11th Seminar of the International Association for Tibetan Studies པར་བཅར།


རྩོམ་ཆོས་དཔར་བསྐྲུན་ཟིན་པ་ཁག་གི་དེབ་ཐོ།


1. གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེ། ༢༠༡༦ ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཤོག་གྲངས། ༡༩༣ 2. སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འབྲུ་འགྲེལ་ཅུང་ཟད་གསལ་བར་བྱེད་པ། ༢༠༡༦ ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཤོག་གྲངས། ༤༣༥ 3. སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་མཆན་འགྲེལ། ༢༠༡༤ པར་སྐྲུན་གནང་མཁན་ཝཱ་ཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས། ཤོག་གྲངས ༡༦༥ 4. བོད་ཀྱི་རྩོམ་རིག་འཇུག་སྒོ། ༢༠༡༤ ནོར་བུ་གྷར་ཕིག་སི་དཔེ་སྐྲུན་ཁང་ནས་བསྐྲུན། ལྡི་ལི་གསར་པ། ཤོག་གྲངས ༣༥༩ 5. བོད་ཀྱི་རྩོམ་རིག་སྤྱི་བཤད། ༢༠༡༤ ནོར་བུ་གྷར་ཕིག་སི་དཔེ་སྐྲུན་ཁང་ནས་བསྐྲུན། ལྡི་ལི་གསར་པ། ཤོག་གྲངས ༣༨༧ 6. བོད་ཀྱི་སྐད་བརྡ་རིག་པ་ལས་བྱུང་བའི་ཚོགས་གསུམ་གྱི་བསྡུས་དོན་རགས་བཤད། ༢༠༡༤ སྒེར་གྱིས་པར་བསྐྲུན་ཞུས། ཝར་ཎ། ཤོག་གྲངས ༡༣༨ 7. འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌། གླེགས་བམ་གསུམ་པ། ༢༠༡༣ དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ལྡི་ལི། ཤོག་གྲངས། ༦༢༤ 8. འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌། གླེགས་བམ་བཞི་པ། ༢༠༡༣ དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ལྡི་ལི། ཤོག་གྲངས། ༧༢༢ 9. ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས། (༢༠༠༨-༢༠༠༩) ༢༠༡༠ དཔེ་སྐྲུན་ཞུ་མཁན་ཏྲེ་ཧོར་སྐྱིད་སྡུག ལྡི་ལི། ཤོག་གྲངས། ༤༠༧ 10. ཟློས་གར་གྱི་ལོ་རྒྱུས་ཀུན་བཟང་ཞིང་གི་མཆོད་སྤྲིན་མིག་ཡིད་རྣ་བའི་དགའ་སྟོན། ༢༠༡༠ དཔེ་སྐྲུན་ཞུ་མཁན་བོད་ཀྱི་ཟློས་གར་ཚོགས་པ། དྷ་རམ་ས་ལ། ཤོག་གྲངས། ༦༠༩ 11. ཁྱེའུ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ་གྱི་འཁྲུངས་རབས་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཕྲེང་བ། ༢༠༡༠ རིས་མེད་བཤད་སྒྲུབ་གླིང་ནས་པར་བསྐྲུན་ཞུས། ལྡི་ལི། 12. རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན། ༢༠༠༨ དཔེ་སྐྲུན་ཞུ་མཁན་བོད་ཀྱི་དཔེ་མཛོད་ཁང་། དྷ་རམ་ས་ལ། ཤོག་གྲངས། ༢༦༠ 13. མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ལོ་རྒྱུས། དེབ་ཕྲེང་གཉིས་པ། ༢༠༠༩ མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔེ་བསྐྲུན་དང་འགྲེམས་སྤེལ་ཞུས། ཤོག་གྲངས། ༥༣༦ 14. ྋགོང་ས་མཆོག་གི་བསྙེན་རྫོགས་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་རྣམ་ཐར་འཛམ་བུའི་གསེར་གྱི་མཆོད་སྡོང༌། ༢༠༠༦ ལོར་པར་ཐེངས་དང་པོ། དཔེ་སྐྲུན་ཞུ་མཁན་ཆོས་རིག་ལྷན་ཁང་། དྷ་རམ་ས་ལ། ༢༠༡༠ ལོར་པར་ཐེངས་གཉིས་པ་ཐེ་ཝན་ནས། The Corporate Body of the Buddha Educational Foundation, Taipei ཤོག་གྲངས། ༥༠༣ 15. ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར། ༢༠༠༦ དཔེ་སྐྲུན་ཞུ་མཁན་དགེ་ཕྲུག་ཐུན་མོང༌། ལྡི་ལི། ཤོག་གྲངས། ༣༦༩

16. གངས་ལྷ་སྒེག་མོའི་སྤྱན་ཆབ། བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གཉིས་པ། ༢༠༠༦ ལྡི་ལི། ཤོག་གྲངས། ༡༧༩ 17. གངས་ལྷ་སྒེག་མོའི་ངུ་རྒྱངས། བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ། ༢༠༠༦ ལྡི་ལི། ཤོག་གྲངས། ༡༦༩ 18. ཏྲེ་ཧོར་ཁམས་པས་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་འདེགས་ལས་འཕྲོས་པའི་གཏམ། བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་སྒྲ། ༢༠༠༥ དཔེ་སྐྲུན་ཞུ་མཁན་ཏྲེ་ཧོར་བརྟན་བཞུགས་ཚོགས་ཆུང་ནས་འགྲེམས་སྤེལ་བྱས། ཤོག་གྲངས། ༣༡༩ 19. འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌། གླེགས་བམ་དང་པོ། ༢༠༠༤ དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས། ༥༩༦ 20. འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌། གླེགས་བམ་གཉིས་པ། ༢༠༠༤ དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས། ༧༦༢ 21. ཤར་མཐའི་དཔའ་བོའི་གད་རྒྱང༌། ༡༩༩༩ དཔེ་སྐྲུན་ཞུ་མཁན་དཀར་མཛེས་གཤོང་གཉེར་ཚང༌། ལྡི་ལི། ཤོག་གྲངས། ༡༥༨ 22. དུས་རབས་གསར་པའི་སྙན་ངག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག ༡༩༩༦ འབྲས་སྤུངས་བློ་གླིང་པར་ཁང་། ཤོག་གྲངས། ༢༦༨ 23. མཉམ་སྦྲེལ་བྱས་ནས་རྩོམ་དེབ་རིགས། 1. མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ལོ་རྒྱུས། དེབ་ཕྲེང་བཞི་པ། ༢༠༡༤ མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔེ་བསྐྲུན་དང་འགྲེམས་སྤེལ་ཞུས། ལྡི་ལི། ཤོག་གྲངས་ ༥༨༧ 2. ཆུ་སྒང་ལོ་རྒྱུས། དེབ་ཕྲེང་དང་པོ། ༢༠༠༠ དཔེ་སྐྲུན་ཞུ་མཁན་ཆུ་སྒང་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་ནས་འགྲེམ་སྤེལ་ཞུས། ལྡི་ལི། ཤོག་གྲངས། ༣༡༢