བུམ་དམིགས་
མཐོང་རིས་
ཨོཾ་སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་ལས་ཀྱི་བུམ་པར་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་རྒྱ་གྲམ་དང་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གསལ་བར་གྱུར། ཨོཾ་ཨ་མྲྀ་ཏ་ཀུནྜ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་དག་བྱེད་ཀྱི་བུམ་ཆུ་བདུད་རྩིའི་རང་བཞིན་དུ་གྱུར།