བུད་མེད་ཀྱི་གསར་སྐྱེས་ཕྲུ་གུའི་དུས་ལ་སྐྱེ་ལུགས་ཁྱད་ཆོས་གང་དག་ཡོད་དམ་

ཡོང་ཁུངས་Wikipedia

བཙས་རྗེས་ཀྱི་གཟའ་འཁོར་༤ནང་གི་ཁྱེའུ་ལ་གསར་སྐྱེས་ཕྲུ་གུའི་དུས་ཟེར་བ་དང་། བུད་མེད་ཀྱི་སྦྲུམ་བུ་ལ་བུ་རོགས་དང་ཨ་མའི་ཕུང་བོའི་མཚན་རྨེན་གཉིས་ལས་བྱུང་བའི་སྐུལ་རྩི་ཡིས་གནོད་པ་ཐེབས་པའི་རྐྱེན་གྱིས་མཚན་ཕྱི་ཅུང་རྒྱས་པ་དང་། བུ་སྣོད་དང་བསམ་སེའུ་ལ་ཚད་ངེས་ཅན་གྱི་འཚར་སྐྱེས་འབྱུང་། ནུ་མ་ཅུང་ཕྱིར་འབུར་བ་དང་། ཁ་ཤས་ལ་འོ་ཆུ་འཛག་པའི་སྣང་ཚུལའང་ཡོད། ཁྱེའུ་བཙས་པའི་རྗེས་སུ། ཁྲག་ཁྲོད་ཀྱི་སྐུལ་རྩིའི་ཆུ་ཚད་མྱུར་དུ་ཇེ་དམའ་རུ་སོང་ནས་གསང་ལམ་ནང་ནས་ཁྲག་ཉུང་ངུ་འབྱུང་ངེས་ཡིན། འདི་དག་ཚང་མ་རྒྱུན་ལྡན་གྱི་སྐྱེ་ལུགས་སྣང་ཚུལ་ཡིན་པས་ཕལ་ཆེར་བ་མྱུར་མོར་མེད་འགྲོ།