Jump to content

བུ་སྨད་

ཡོང་ཁུངས་Wikipedia

བུ་སྨད་ཞེས་པ་ནི་སྤྱོད་འཇུག་གི་འགྲེལ་བཤད་ཁག་ནང་དུ་བཤད་པའི་རང་གི་ཁྱིམ་མཚེས་དང་ནང་མི་རྣམས་ལ་གོ་བའི་ཐ་སྙད་ཅིག་ཡིན། དེ་ཡང་ནང་གི་བུ་མོ་དང་ཆུང་མ་ལ་སོགས་པའི་ནང་མི་རྣམས་སམ་ཁྱིམ་གྱི་མི་ཚོར་ཟེར་བཞིན་ཡོད།

ནང་དོན།

[རྩོམ་སྒྲིག]

"རང་གི་བུ་སྨད་དང་གཉེན་གྲོགས་རྣམས་"[]ཞེས་འབྱུང་བ་ལྟར་བུ་སྨད་དང་གཉེན་གྲོགས་རྣམས་ཅེས་མཉམ་དུ་བཤད་ཡོད་པས། གསལ་པོར་གོ་ཐུབ་པ་ནི་བུ་སྨད་ཞེས་པ་དེ་རང་ཉེ་བའི་མི་ཚོ་དང་གཉེན་གྲོགས་དང་འདྲ་བའི་རིགས་རྣམས་ལ་གོ་དགོས་སོ། །

སྤྱོད་འཇུག་གི་ནང་གི་གཏམ་རྒྱུད།

[རྩོམ་སྒྲིག]

"དུས་ཡུན་རིང་དུ་སོང་བའམ་རང་གི་ཡུལ་ལས་རིང་དུ་སོང་ནས་ནོར་ཚོལ་བའི་སྡུག་བསྔལ་ཅན་དག་གིས་ཟས་ནོར་མང་པོ་ཁྱེར་ནས་ཁྱིམ་དུ་འོངས་ཏེ་བུ་སྨད་དང་ལྷན་ཅིག་ཏུ་ལོངས་སྤྱོད་པར་འདོད་བཞིན་དུ་ཡུལ་གྱིས་བསྐལ་པའི་བུ་སྨད་རྣམས་"[]ཞེས་པས་ནོར་འཚོལ་བའི་དོན་དུ་ཡུལ་གཞན་དུ་སོང་བ་དེ་དག་གིས་རང་གི་ཁྱིམ་དུ་ལོག་ནས་ནང་མི་ཚོ་དང་ལྷན་དུ་ལོངས་སྤྱོད་བྱེད་འདོད་བྱུང་ཡང་ནམ་རྒྱུན་ཕན་ཚུན་མ་ཕྲད་པས་རེ་བ་དེ་ལེགས་པར་མི་འགྲུབ་པ་ཡིན།

འདོད་པ་ལ་ཆགས་པའི་སྐྱོན།

[རྩོམ་སྒྲིག]

"རང་གི་ཡུལ་ལས་རིང་དུ་སོང་བའི་སྡུག་བསྔལ་ཅན་དག་བུ་སྨད་འདོད་བཞིན་དུ་བུ་སྨད་རྣམས་ཁྱུད་འཁོར་ལོས་ཀྱང་མཐོང་བར་མི་འགྱུར་ན་འདོད་པ་བསྟེན་པ་ལྟ་ཅི་སྨོས་"[]ཞེས་པ་འདིས་གསལ་པོར་མཚོན་པ་ནི་ཡུལ་རིང་པོར་སོང་བ་དེ་དག་གིས་ལོ་གཅིག་ཧྲིལ་པོར་བསྡད་ནས་རང་གི་བུ་སྨད་ཚོ་མཐོང་བར་མ་གྱུར་པའི་སྐབས་སུ་སྙིང་ནང་ནས་ཆགས་སྡང་སྐྱེ་ཞིང་། དེ་འདྲའི་སྡུག་བསྔལ་ནི་འདོད་པ་ལ་ཆགས་པའི་སྐྱོན་ཞིག་ཡིན་པ་སྟོན་པ་ཡིན།

འགྲེལ་པ་ཁག་གི་མི་འདྲ་བ།

[རྩོམ་སྒྲིག]

"རང་གི་ཡུལ་ལས་རིང་དུ་སོང་བའི་སྡུག་བསྔལ་ཅན་དག་བུད་མེད་དང་ཕྲད་པར་འདོད་བཞིན་དུ་བུད་མེད་རྣམས་ཡུན་རིང་པོ་འཁྱུད་འཁོར་ལོས་ཀྱང་མཐོང་བར་མི་འགྱུར་ན། འདོད་པ་བསྟེན་པ་ལྟ་ཅི་སྨོས།"[] ཞེས་འགྲེལ་པ་སོ་སོས་བུ་སྨད་ཞེས་པའི་ཚབ་ཏུ་བུད་མེད་ཞེས་པའི་ཚིག་བེད་སྤྱོད་གཏོང་བ་རེད།
"བུ་དང་ཆུང་མ་"[]ཞེས་པས་གསལ་པོར་གོ་ཐུབ་པ་ནི་བུ་སྨད་ཞེས་པ་དེ་བུ་བུ་མོ་དང་ཆུང་མ་གཉིས་ཀར་བརྗོད་པའི་ཐ་སྙད་ཡིན་པར་བསྟན། མདོར་ན་འགྲེལ་པ་པ་སོ་སོ་ལ་ལྟོས་ཏེ་ཚིག་འདྲ་མིན་བེད་སྤྱོད་གཏོང་གི་ཡོད་ཀྱང་གོ་དོན་ནི་གཅིག་པ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

བུ་སྨད་ཞེས་པ་ནི་སྤྱོད་འཇུག་གི་འགྲེལ་བཤད་ནང་དུ་རང་གི་ནང་མི་དང་ཁྱིམ་མི་ཚོར་ཟེར་བའི་ཐ་སྙད་ཅིག་ཡིན། དེ་ཡང་འདོད་པ་ལ་ཆགས་པའི་སྐྱོན་བསྟན་པའི་ནང་ནས་བྱེས་བགྲོད་པ་བྱེད་མཁན་ཚོར་ནང་མི་དང་ཐག་རིང་བར་འབྲལ་བའི་སྡུག་བསྔལ་བཤད་པའི་སྐབས་སུ་བེད་སྤྱོད་གཏོང་བཞིན་ཡོད། འགྲེལ་བཤད་ཁག་ནང་བུ་སྨད་དང་བུད་མེད། བུ་དང་ཆུང་མ་ཞེས་པའི་ཚིག་འདྲ་མིན་བེད་སྤྱོད་བྱེད་ཀྱང་མཚན་ཉིད་གཅིག་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།