བུ་སྣོད་

ཡོང་ཁུངས་Wikipedia

ནུད་མེད་ཀྱི་ལུས་ཀྱི་ཆ་ཤས་ཏེ། ཕྲུ་གུ་ཆགས་སྣོད་ དབྱིན་སྐད་དུ་uterus ཟེར


བུ་སྣོད་ནི་ཟླ་མཚན་འབྱུང་ས་དང་ཕྲུ་གུ་མངལ་དུ་སྦྲུམ་བྱའི་དབང་བོ་ཡིན་ལ། མཚང་ཁོག་དཀྱིལ་དུ་ཡོད་ཅིང་། ལྒང་བ་དང་གཞང་དཀར་ནག་གི་བར་དུ་ཡོད།

ངོ་སྤྲོད། བུ་སྣོད་ནི་ཟླ་མཚན་འབྱུང་ས་དང་ཕྲུ་གུ་མངལ་དུ་སྦྲུམ་བྱའི་དབང་བོ་ཡིན་ལ། མཚང་ཁོག་དཀྱིལ་དུ་ཡོད་ཅིང་། ལྒང་བ་དང་གཞང་དཀར་ནག་གི་བར་དུ་ཡོད། བུ་སྣོད་ཀྱི་ཆེ་ཆུང་ནི་ལོ་ཚོད་དང་ཕྲུ་གུ་སྐྱེ་བར་འབྲེལ་བ་དམ་ཟབ་ཡོད་ལ། ཕྲུ་གུ་མ་སྐྱེས་པའི་སྐྱེས་མའི་བུ་སྣོད་ཀྱི་རིང་ཚད་ལ་ལི་སྨི7ལྷག་དང་ཞེང་ལ་ལི་སྨི5 སྲབ་མཐུག་ལ་ལི་སྨི3ཡོད། ཡང་བུ་སྣོད་ལ་ཞབས་དང་ངོས། སྐེ་བཅས་ཆ་གསུམ་ཡོད་ལ། མངལ་ཁོག་གི་དབྱིབས་ནི་ཟུར་གསུམ་མ་ཁ་ཐུར་དུ་བསྟན་པ་ཞིག་ཡིན་པར་མ་ཟད། ཟབ་ཚད་ལ་ཕལ་ཆེར་ལི་སྨི6ཡོད་ཅིང་། སྟོད་ཕྱོགས་ཀྱི་སྣེ་གཉིས་ལ་བུ་སྣོད་ཀྱི་རྭ་ཅོ་ཟེར་བ་དང་། དེ་གཉིས་ཁམས་དམར་འདྲེན་སྦུག་དང་འབྲེལ་ཡོད། སྨད་ཀྱི་སྣེ་ནི་ཤིན་ཏུ་དོག་པ་དང་རིང་ཚད་ལ་ལི་སྨི1མ་གཏོགས་མེད། དེ་ནི་མངལ་སྦྲུམ་པའི་དུས་སྐབས་སུ་རིམ་བཞིན་ཆེ་རུ་ཕྱིན་པ་ཞིག་ཡིན།