བསླབ་པ་ཀུན་ལས་བཏུས་པ་
སྤྱིར་བཤད་པ།
[རྩོམ་སྒྲིག]བསླབ་པ་ཀུན་ལས་བཏུས་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་སྤྱིའི་ལེའུ་དང་ལག་ལེན་རྣམས་གཅིག་ཏུ་བསྡུས་པའི་གཞུང་ཞིག་ལ་གོ །"བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་གང་ལ་སློབ་ཅིང་སྤྱད་པར་བྱ་བའི་བསླབ་པ་རྣམས་ནི་དེ་ཉིད་ལས་རྒྱ་ཆེར་རབ་ཏུ་སྟོན་པས་ན་བསླབ་པ་ཀུན་ལས་བཏུས་པ་ཞེས་གྲགས་པ་དེ་ཉིད་ལའང་ངེས་པར་ཏེ་གདོན་མི་ཟ་བར་བལྟ་དགོས་"[༡]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་སློབ་པར་བྱ་བའི་བསླབ་བྱ་སྤྱི་དེ་དག་རྒྱ་ཆེར་རབ་ཏུ་བསྟན་པ་ལས་བྲུས་སྟེ་བསླབ་པ་ཀུན་ལས་བཏུས་པ་ཞེས་མིང་བཏགས་པ་ཡིན།
བལྟ་དགོས་པའི་རྒྱུ་མཚན།
[རྩོམ་སྒྲིག]དེ་ལ་"བྱང་ཆུབ་སེམས་དཔའི་བསླ༷བ་པ༷་ཀུན༷་ལ༷ས་བཏུས༷་པ༷་ལ་ཡ༷ང་ངེ༷ས་པ༷ར་ཏེ་གདོན་མི་ཟ་བར་ལན་གཅིག་ཙམ་མ་ཡིན་པར་ཡ༷ང་དང༷་ཡ༷ང་དུ༷་བལྟ༷་བར་བྱ་"[༢]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་ཀུན་ལས་བཏུས་པ་ལ་ངེས་པར་དུ་ལན་གཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་བལྟ་དགོས་པ་ཡིན། མདོར་ན་"གང་གི་ཕྱིར་རྟག་ཏུ་བསླབ་ཅིང་སྤྱད་པ་ནི་བསླབ་བཏུས་དེ་ལས་ལུས་ལོངས་སྤྱོད་དགེ་རྩ་རྣམས་བཏང་བསྲུང་དག་སྤེལ་བཞི་སུམ་བཅུ་གཉིས་ཀྱི་སྒོ་ནས། རྒྱ་ཆེར་རབ་ཏུ་སྟོན་པས་བསླབ་པ་ཀུན་ལས་བཏུས་པ་ཡང་ངེས་པར་ཡང་དང་ཡང་དུ་བལྟ་བར་བྱའོ། །"[༣]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་པར་སྤྱད་པར་བྱ་བའི་བསླབ་བྱ་སྣ་ཚོགས་བསླབ་བཏུས་དེ་ལས་རྒྱ་ཆེར་བསྟན་པའི་རྒྱུ་མཚན་གྱིས་བསླབ་པ་ཀུན་ལས་བཏུས་པ་ཞེས་མིང་བཏགས་པ་ཡིན།
སྤྱོད་པའི་ལེའུ།
[རྩོམ་སྒྲིག]"བསླབ་པ་ཀུན་ལས་བཏུས་པ་ཡང་ངེས་པར་གདོན་མི་ཟ་བར་ཡང་དང་ཡང་དུ་བལྟ་བར་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་བྱང་ཆུབ་སེམས་དཔས་རྟག་ཏུ་སྤྱད་པར་བྱ་བ་ནི་དེ་ལས་རྒྱ་ཆེར་རབ་ཏུ་སྟོན་པས་སོ། །"[༤]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་སྤྱད་པར་བྱ་བའི་བསླབ་བྱ་དེ་དག་བསླབ་པ་ཀུན་ལས་བཏུས་པ་ལས་རྒྱ་ཆེར་རབ་ཏུ་བསྟན་པ་ཡིན་པས། དེ་ཉིད་ལ་ཡང་དང་ཡང་དུ་བལྟ་དགོས་པ་ཡིན།
བྱ་བར་འོས་པའི་རྒྱུ་མཚན།
[རྩོམ་སྒྲིག]"བསླབ་པ་ཀུན་ལས་བཏུས་པར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བར་འོས་པ་བསྟན་པ་ཡིན་པས་དེ་ཉིད་ཀྱང་བལྟ་བར་བྱའོ་"[༥] ཞེས་གསུངས་པ་ལྟར། བསླབ་པ་ཀུན་ལས་བཏུས་པ་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བར་འོས་པའི་བསླབ་བྱ་རྣམས་བསྟན་པ་ཡིན་པས། དེ་ཉིད་ལ་བལྟ་བར་བྱ་བ་ཡིན།
བསྡུས་དོན།
[རྩོམ་སྒྲིག]བསླབ་པ་ཀུན་ལས་བཏུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་སློབ་པར་བྱ་བའི་བསླབ་བྱ་ཐམས་ཅད་གཅིག་ཏུ་བསྡུས་པའི་གཞུང་ཞིག་ཡིན། སློབ་དཔོན་ཞི་བ་ལྷས་རྒྱལ་པོ་ལ་གདམས་པར་སྩལ་བའི་སྤྱོད་འཇུག་གི་ནང་དུ་བསླབ་པ་འདི་ལ་ཡང་དང་ཡང་དུ་བལྟ་དགོས་པར་གསུངས་པ་ནི། འདི་ལས་བྱང་ཆུབ་སེམས་དཔའི་རྟག་ཏུ་སྤྱད་པར་བྱ་བའི་བསླབ་བྱ་རྣམས་རྒྱ་ཆེར་རབ་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བར་འོས་པའི་སྤྱོད་པ་དང་བསླབ་བྱ་རྣམས་འདི་ལས་ཤེས་ཐུབ་པའི་རྒྱུ་མཚན་གྱིས་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར