བསྟན་སྲུང་ཡེ་ཤེས་དཔལ་ལྡན་ལྷ་མོ་

ཡོང་ཁུངས་Wikipedia

ཡེ་ཤེས་དཔལ་ལྡན་ལྷ་མོ་ Yeshe Paldan Lhamo

བསྟན་སྲུང་ཡེ་ཤེས་དཔལ་ལྡན་ལྷ་མོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ37ཆོད་པའི་མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3627ཡོད། མཚོ་འདིར་མ་ཅིག་དཔལ་ལྡན་ལྷ་མོ་གནས་པས་ལབ་ཙེ་དང་གཞི་བདག་གཉིས་ཀའི་མཚན་ལ་ལྷ་མོའི་བླ་མཚོའམ་བླ་མཚོ་ཞེས་འབོད། ལྷ་མོ་འདི་གྲུབ་མཐའ་རིས་མེད་ཀྱིས་བསྟེན་ཅིང་དེ་ལུགས་ཀྱི་ལྷའི་འབག་སྐུ་དང་ཙ་ཀ་ཡོད། ཐུ་མེད་ཐོར་གོད་དམ་མདོ་གསུམ་ཞང་སྡེ་གཞུང་གིས་མཆོད་བཀུར་བྱེད་པའི་གནས་བདག་ཅིག་ཡིན། གནས་བདག་ནི་ལྷ་མོ་དབྱངས་ཅན་མ་དྲག་པོའི་སྐུར་བཞེངས་པ་དཔལ་ལྡན་ལྷ་མོ་ཡིན། བསྟན་སྲུང་ཡེ་ཤེས་པ་ཡིན་པས་ཚེ་འདི་ཕྱི་གཉིས་ཀའི་མགོན་སྐྱབས་དང་། རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་སྐྱོང་བའི་བསྟན་སྲུང་གི་གྲས་ཡིན། དེ་བས་ལས་རྒྱུ་འབྲས་ཚུལ་བཞིན་སྲུང་སྟེ་ལྷ་བཤོས་དང་དཀར་གསུམ་མངར་གསུམ་དང་བཟང་དྲུག་ལ་སོགས་ཀྱིས་མཆོད་ན་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་བཟློག་པ་དང་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་རྡོ་རྗེས་མཚན་པའི་བེ་གྱོན་འཕྱར་བ། གཡོན་པས་ཞལ་ཐོད་ཐུགས་ཀར་འཛིན་པ། སྤྱན་གསུམ་གློག་ལྟར་འཁྱུག་ཅིང་ཞལ་གདངས་མཆེ་བཞི་གཙིགས། རེ་ནག་སྟོད་གཡོགས་ཅན་ཤོ་རྡེའུ་དཀར་ནག་རྔ་ཤ་ལ་འཕྱང་བའི་ཆ་བྱད་ཅན་དྲེའུ་གྭ་བ་སྲིན་པོའི་ཐོད་སྒ་དང་པགས་པས་གཡོགས་པ། གོང་རྨེད་སྲབ་མཐར་གདུག་པའི་སྤྲུལ་ལས་བྱས་པ་ལ་བཅིབས་པ། ནག་མོ་འབུམ་ཤ་ཟ་སྟོང་གིས་བསྐོར་བའི་འཁོར་ཚོགས་ཅན་ཞིག་ཡིན་པ་ལྷ་མོའི་བསྐང་བཤགས་དང་ལས་ཚོགས་སོགས་སུ་གསལ། ཡུལ་འདིར་ཀུན་འཁྱེན་སྐུ་ཕྲེང་གཉིས་པས་མཆོད་བཀུར་ལབ་ཙེ་ཐོག་  མར་བརྩིགས་པ་དང་། རིག་གསར་རྗེས་སུ་ཡང་ཀུན་མཁྱེན་སྐུ་ཕྲེང་དྲུག་པ་དང་ཤིང་བཟའ་སྐལ་བཟང་སོགས་སྐྱེས་ཆེན་དམ་པ་མང་བོས་བཀའ་བསྒོས་བྱིན་རླབས་མཛད། ལོ་རེའི་ཉིན་བཟང་སྐར་བཟང་ལ་མཆོད་བསྟོད་བྱེད་པ་ཡིན།