Jump to content

བསྔོ་རྟེན་

ཡོང་ཁུངས་Wikipedia

བསྔོ་རྟེན།

[རྩོམ་སྒྲིག]

༡ དེ་ཡང་མི་གསོན་པོར་བསྡད་ཡོད་ཀྱང་། ནད་པ་ཡིན་ཚེ་ནད་པ་དེའི་རྒྱུ་དངོས་ཐོག་ནས་སོ་སོའི་དད་པ་ཡོད་པའི་བླ་མ་དང་། དགེ་བཤེས། དགོན་པ་སོགས་ལ་ཕུལ་ཏེ། ནད་ལས་གྲོལ་བའི་ཕྱིར་དུ་སྨོན་ལམ་གནང་རོགས་ཞུས་པ་ལ་གསོན་བསྔོ་འབུལ་ཟེར་བ་དང་། ཡང་ནད་པ་དེ་ཤི་ཁར་ཐུག་པ་ཡིན་ན་དེའི་མིང་ལ་སྔོན་འགྲོ་བཏང་བ་ཟེར། ༢ ཡང་གཤིན་པོ་ཡིན་ན་ཤི་པོ་དེའི་ཕ་མ་སྤུན། གཉེན་ཚན། བླ་མ། བཟའ་ཚང་། བུ་ཕྲུག་སོགས་ཆོས་དང་ཟང་ཟིང་གི་འབྲེལ་བ་ཆེན་པོ་ཡོད་པའི་མིས་ཤི་པོ་དེའི་རྒྱུ་དངོས་སོགས་གོང་བཞིན་བསྔོ་རྟེན་འབུལ་བ་དེ་ཡང་དེ་ལྟར་ཡིན་ནོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།