བསུང་
མཐོང་རིས་
འདི་ལ་དག་ཡིག་འགའ་ཞིག་ལ་དྲི་ཞིམ་པོ་ལ་དྲི་བསུང་ཟེར་བ་དང་། འགའ་ཞིག་གིས་དྲི་མ་བྲོ་བ་ལ་དྲི་མ་བསུང་ཟེར་བ་ཡོད་ཀྱང་དེ་གཉིས་ཀ་མིན་། དྲི་བསུང་དང་། དྲི་ངད་དོན་གཅིག་པས་དེ་དྲི་ཞིམ་མི་ཞིམ་གཉིས་ཀ་ལ་ཡོད་། དྲི་བསུང་ཞེས་པ་དྲིའི་ངར་ཤུགས་ཏེ་། ཁ་སྐད་ནང་དྲིའི་ངབ་ཟེར་བ་ཡོད་པ་དེ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།