བསིལ་ལྡན་གྱི་ལྗོངས་
མཐོང་རིས་
གངས་ཅན་གྱི་ལྗོངས་དང་བོད་ཁ་བ་ཅན་གྱི་ལྗོངས་ཞེས་པའི་དོན་ཏེ་། རི་བོ་གངས་ཅན་གྱིས་བོད་ཀྱི་ནུབ་ཕྱོགས་ཁ་ཀི་སི་ཐེན་གྱི་བྱང་མཐའ་ནས་ལ་དྭགས་ཀྱི་ཡུལ་བརྒྱུད་སྟོད་མངའ་རིས་ཀྱི་བར་དང་། དེ་ནས་ཡར་ཀླུང་གཙང་པོའི་ཤར་ཕྱོགས་ཀྱི་ཉེ་འདབས་བར་ལྕགས་རིས་བསྐོར་བ་ལྟར་ཡོད་པས་ན་མིང་དེ་ལྟར་བཏགས་པ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།