བསམ་འཕེལ་དབང་གི་རྒྱལ་པོ་
མཐོང་རིས་
མུ་སྟེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་ཐོག་བཤད་སྲོལ་ལ་། འདབ་ཆགས་ཁྱུང་གིས་རྒྱ་མཚོ་ནས་སྦྲུལ་ཟ་གི་ཡོད་པས་། ནམ་ཞིག་ཁྱུང་ལོ་ན་རྒས་ནས་རྒྱ་མཚོར་ཐེངས་མང་པོ་འཛུལ་ཀྱང་སྦྲུལ་ཟ་རྒྱུ་མ་རྙེད་པར་ལྟོགས་ཤི་ཐེབས་རྗེས་དེའི་སྙིང་རྒྱ་མཚོའི་ནང་དུ་ལོ་མང་པོ་ལུས་པ་དེ་ནོར་བུའི་ནང་ནས་རྙེད་དཀའ་བའི་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བར་འགྱུར་བ་ལ་ཟེར་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།