བསམ་གཞིག

ཡོང་ཁུངས་Wikipedia


བསམ་གཞིག


ཁམས་འཛུམ་གྲོལ་གྱིས་བརྩམས།


ཐོག་མའི་《བསམ་གཞིག》

མི་ཞིག་གི་མི་ཚེའི་ནང་གི་ལེགས་གྲུབ་ཀྱི་རྩ་བ་ནི་《བསམ་གཞིག་》བྱས་ པ་ལས་བྱུང་ཞིང་། 《བསམ་གཞིག་》བྱ་རྒྱུ་ནི་ཧ་ཅང་གལ་ཆེན་དུ་གྲུབ། ང་ཚོའི་ཁོར་ཡུག་སྐྱོ་མོ་དང་། གནས་བབས་ལྩི་མོ་འདི་འདྲའི་འོག་《བསམ་གཞིག》 རེ་བྱེད་རྒྱུ་ནི་ཅི་འདྲའི་གཡོལ་དུ་མེད་པའི་འགན་འཁྲི་ ཞིག་རེད། བདག་གིས་《བསམ་གཞིག་》རེ་གཏོང་བའི་ཁུལ་བྱེད་ པའང་ཉམས་ང་བའི་མི་རིགས་འདི། ཐུ་བོད་བཙན་པོའི་དུས་ཀྱི་མི་ ཆོས་བསམ་བློ་དང་། སྲིད་འབྱོར་རིག་གསུམ། སྟོབས་འབྱོར་མངའ་ཐང་ སོགས་ཕྱོགས་གང་ཐད་ནས་མི་རིགས་གཞན་གྱི་མདུན་གྲལ་དུ་འགྲོ་ཐུབ་པ་ ཞིག་ཡིན་མོད་ཀྱང་། དེ་རྗེས་སིལ་བུའི་དུས་སྐབས་ཀྱི་ཆག་གྲུམ་དང་། ནོར་འཁྲུལ། ཕམ་ཁ་དེ་དག་གིས་ད་ལྟ་འཛམ་གླིང་མི་རིགས་ཡོངས་ཀྱི་ རྗེས་སུ་ཤི་མ་གསོན་དུ་ལུས་ཡོད་པའི་ང་ཚོའི་མི་རིགས་འདིའི་གནས་བབས་ ལ་ཡི་མ་རང་བའི་རྐྱེན་གྱིས་བདག་གིས་《བསམ་གཞིག་》གི་འགོ་བརྩམས་ ཤིང་། གནས་བབས་དེའི་ཁྲོད་ནས། ང་ཚོའི་དཀའ་སྡུག་གི་ཁུར་པོ་མཉམ་ ཁུར་དང་། མདུན་སྐྱོད་ཀྱི་རྡོག་རྩ་གཅིག་ཏུ་སྦྲེལ་བའི་ཕྱིར་དུ་《བསམ་ གཞིག་》བྱེད་བཞིན་ཡོད་ལ། རྨོངས་དད་ཀྱི་ཞྭ་མོ་རྒྱང་དུ་དོར་ཏེ། དཔྱོད་ ཤེས་ཀྱི་བློ་མིག་འཚོལ་བའི་ཕྱིར་དུ་《བསམ་གཞིག་》བྱེད་བཞིན་ཡོད། མ་འོངས་བར་མིའི་བསམ་སྤྱོད་ངོ་མ་དང་དུ་བླངས་ཏེ། མི་སྐད་སྨྲ་ཞིང་ མི་གྲལ་དུ་འགྲོ་བའི་ཕྱིར་དུ་《བསམ་གཞིག་》བྱེད་རྒྱུ་ཡིན་ནོ།། འདས་སོང་གི་ཕམ་ཁ་དང་། དངོས་ཡོད་གནས་བབས་དེ་དག་གིས་ སྐྱེད་པའི་ཤ་དང་རུས་པའི་གསེང་གི་ན་ཟུག་དེས་འགན་འཁྲི་ལྕི་མོ་ཞིག་ ཕྲག་ཏུ་ཁྱེར་བའི་ཁོ་བོས། མི་ཚེ་འདིར་རང་ཉིད་ཀྱིས་གདམ་པའི་ལངས་ ཕྱོགས་ཀྱི་ལམ་བུ་དེར་ཞུགས་ཤིང་། དཀའ་སྡུག་དང་། ཕམ་ཁ་ཇི་ ལྟར་བརྒྱུད་དགོས་ཀྱང་ལམ་བུ་དེ་ལས་ཕྱིར་མི་ལྡོག་པ་དང་། རང་ཉིད་ ཀྱི་ཡོད་ཚད་རང་དབང་གི་བསམ་གཞིག་དང་། རང་དབང་གི་སྨྲ་བརྗོད་ ཀྱི་ཕྱིར་དུ་འབུལ་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ནོ། །

ཞེས་དེབ་ཆུང་འདིའི་རྩོམ་པ་པོ་ཁམས་འཛུམ་གྲོལ་གྱིས་༢༠༡༡ལོའི་ཟླ་༨པའི་ཚེས་༢༡་ཉིན་བྲིས་པའོ།།





སེམས་ཁྲལ་རང་བཞིན།












སྐད་ཡིག་གི་ཆགས་འཇིག

༡ དབྱིན་ཇི་རྒྱལ་ཁབ་ཀྱི་མན་ཁྲི་སི་ཐི་སློབ་ཆེན་གྱི་གྲོས་བསྡུར་བྱ་གཞིའི་ ཚན་རིག་ཞིབ་འཇུག་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༥༠ལོའི་ སྔོན་དུ་སའི་གོ་ལའི་སྟེང་གི་མིའི་རིགས་ཀྱི་སྐད་རིགས་བརྒྱ་ཆ་༩༠ལྷག་་་ མེད་པར་འགྱུར་བའི་ཉེན་ཁ་འདུག་ཟེར། སའི་གོ་ལའི་སྟེང་དུ་སྐད་རིགས་་་ ༦༠༠༠ ལྷག་ཡོད་པ་ལས་དེའི་ཁྲོད་ཀྱི་སྐད་རིགས་བརྒྱ་ཆའི་༤ནི་རྒྱུན་བཀོལ་ གྱི་སྐད་ཆར་གཏོགས་ལ་དེ་བཀོལ་སྤྱོད་བྱེད་མཁན་ནི་ས་གོ་ལ་ཧྲིལ་བོའི་ མི་གྲངས་ཀྱི་བརྒྱ་ཆ་༩༦ལྷག་ཟིན་ཡོད། དབྱིན་ཇིའི་སྐད་རིགས་ཆེད་མཁས་པ་དག་གིས་མིའི་རིགས་ཀྱི་སྐད་རིགས་་་ དག་ནི་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པ་བཞིན། སྲུང་སྐྱོབ་བྱེད་ དགོས་པའི་སྐུལ་མ་དང་རེ་འབོད་བྱས་འདུག ཁོང་ཚོའི་བཤད་པ་ལྟར་ ན་མིག་སྔར་འཇིག་པའི་ཉེན་ཁ་ཆེས་ཆེ་བ་ནི། ཐོ་ཧྥའི་སྐད་དང་། ལོ་ མྰན་གྱི་སྐད་སོགས་ཁོངས་སུ་གཏོགས་པའི་སྐད་རིགས་ཁག་ཅིག་རེད་་ ཟེར། དེའི་ནང་གི་ཐོ་ཧྥའི་སྐད་ནི་ཞི་པོ་ལིས་ཡ་ས་ཁུལ་དུ་འཚོ་སྡོད་ བྱེད་བཞིན་པའི་ཤྭ་གསོ་བ་དང་། རི་དྭགས་རྔོན་པའི་མི་གྲངས་༦༠ ལྷག་ ལས་བཀོལ་སྤྱོད་བྱེད་མཁན་མེད་ལ། ལོ་མྰན་གྱི་སྐད་ནི་ད་ལྟ་ཕལ་ཆེར་ སྤྱོད་མཁན་མི་གཅིག་ཀྱང་མེད་པར་གྱུར་འདུག་ཟེར། ༢ བོད་གངས་ཅན་པའི་སྐད་དང་ཡི་གེ་ལའང་། གོང་གི་ཉེན་ཁ་དེ་དག་མི་ ཡོང་བའི་ངེས་པ་མེད་ལ། ཉེན་ཁ་དེ་དག་ད་ལྟ་ནས་སྔོན་འགོག་བྱ་བའི་ ཐབས་ལ་ལ་བརྩོན་པ་ནི་དུས་སུ་བབས་པའི་བྱ་བ་ཞིག་ཏུ་མཐོང་། བོད་ རིགས་ཀྱི་མཁས་བླུན་སུ་ཞིག་ཡིན་ཡང་སྐད་ཡིག་ནི་མི་རིགས་ཀྱི་“བླ་སྲོག་” ཡིན་ཞེས་མགྲིན་གཅིག་ཏུ་སྒྲོག་པ་ལྟར། དོན་ལའང་གཞན་སྐད་ཀྱིས་ མ་ལྷད་པའི་རང་གི་སྐད་དང་། ཡི་གེ་བཀོལ་སྤྱོད་ཀྱི་ཐོག་ནས་ལག་ ལེན་ལག་ཏུ་ཐེབས་པ་ཞིག་གལ་ཆེ་བར་འདུག། དཔེར་ན་མི་རེ་རེ་ནས་ཀྱང་གཞན་སྐད་མ་འདྲེས་པའི་རང་སྐད་གཙང་ མ་རང་གིས་སྤྱོད་པ་ཤིན་ཏུ་གལ་ཆེ་སྟེ། དུས་རབས་གསར་བའི་སྤྱི་ཚོགས་ འཕེལ་རྒྱས་ཀྱི་ཁྲོད་ནས་བྱུང་བའི་དངོས་པོ་གསར་བ་དག་གི་མིང་། མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་པའི་《རྒྱ་བོད་་་་་་ དབྱིན་གསུམ་ཤན་སྦྱར་གྱི་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》ནང་གི་འགྲིམ་འགྲུལ་ཡོ་བྱད་ཀྱི་སྐོར་དང་། གློག་ཆས་ཀྱི་སྐོར་དང་། འབྲེལ་ དྲྭའི་སྐོར་དང་། འཕྲིན་ཆས་ཀྱི་སྐོར་དང་། རྩིས་འཕྲུལ་གྱི་སྐོར་དང་། ཉེར་སྤྱོད་གསར་བའི་སྐོར་སོགས་མང་པོ་ཞིག་སྤྱི་སྐད་དུ་གཏན་ལ་ཕབས་ ཡོད་པ་དེ་དག་རེ་རེ་ནས་བཀོལ་སྤྱོད་བྱས་ཏེ། ལོ་མྰན་སྐད་ཀྱི་རྗེས་སུ་ མ་སོང་བ་ཞིག་ཅིས་ཀྱང་བྱེད་དགོས། ༣ ད་ལྟའི་གནས་བབས་ལ་བལྟས་ན་ང་ཚོའི་མི་རིགས་འདི་མཐུན་འབྲེལ་ གྱིས་སྟོབས་ཤུགས་གཅིག་ཏུ་བསྡོམས་ཏེ། རང་ཉིད་རང་གིས་སྲུང་སྐྱོབས་མ་ བྱས་ན། མི་རིགས་གཞན་གྱི་གཉའ་གནོན་དང་། དབང་སྒྱུར་གྱི་འོག་ ནས་ཇི་ལྟར་ཁྱུར་མིད་བྱེད་ཀྱི་ཡོད་པའང་ཤེས་དཀའ། ཞིབ་ཏུ་བསམ་བློ་ རེ་བཏང་ན། ང་ཚོའི་བོད་ཀྱི་མཁས་བླུན་བར་གྱི་མི་ཐམས་ཅད་ཀྱིས། འཚོ་བའི་ཁྲོད་ཀྱི་སྐད་ཆ་ཅི་ཞིག་བཤད་ཀྱང་གཞན་སྐད་མ་འདྲེས་པ་ཞིག་་ ཕལ་ཆེར་མེད་ལ། ད་དུང་ཐ་སྙད་འགའ་ཞིག་རང་སྐད་དང་གཞན་སྐད་གང་ཡིན་གྱི་དབྱེ་བ འང་འབྱེད་ཐུབ་ཀྱིན་མེད། དཔེར་ན། ཉེ་ཆར་ལས་བྱེད་པ་སྐོར་ཞིག་ ཞིང་འབྲོག་གི་ས་ཆ་ཞིག་ནས་ཁྱིམ་ཐོ་བསྡུས་པར། འབྲོག་པའི་རྒན་མོ་ ཞིག་ལ། ལས་བྱེད་པས་“ཁྱིམ་ཐོ་ཁྱེར་ཤོག་”ཅེས་བོད་སྐད་ཀྱིས་སྨྲས་པ་ ན། ཁྱིམ་བདག་མས་“ཁྱིམ་ཐོ་ཟེར་བ་ཅི་ཞིག་རེད་”ཟེར། ཡང་ལས་ བྱེད་པ་གཅིག་གིས་རྒྱ་སྐད་ཀྱིས་“户口“ཞེས་སྨྲས་པར། ཁྱིམ་བདག་ མ་དེས་ད་གཟོད་ཧ་གོ་བ་ལྟར་གྱིས། “འོ། བོད་སྐད་ཀྱིས་ཤོད་མ་གཏོགས་ རྒྱ་སྐད་དེ་དག་ཧ་མི་གོ་གི་ཟེར།“ དེར་ཡོད་ལས་བྱེད་པ་ཚང་མ་གད་མོ་ ཤོར། གོང་གི་ཁྱིམ་བདག་རྒན་མོ་དེས་རྒྱ་སྐད་ལ་བོད་སྐད་དུ་འཁྲུལ་བ་ དེ་གང་གིས་ལན་པ་རེད་ཟེར་ན། དེ་ནི་གཅིག་ནས་ང་ཚོའི་བོད་སྐད་ཀྱི་ ཐོག་ནས་ཁྱིམ་ཐོ་ལ་མིང་ཞིག་མ་བཏགས་པས་ལེན་པ་དང་། གཉིས་ནས་ མི་རིགས་གཞན་གྱི་གཉའ་གནོན་འོག་ནས་གཞན་སྐད་ཀྱི་མིང་དེ་བེད་སྤྱོད་བྱེད་ཆེ་བའི་སྟབས་ཀྱིས། དེ་ནི་བོད་སྐད་ཞིག་རེད་སྙམ་གྱིན་ཡོད་ པ་སྟེ། རང་སྐད་དང་གཞན་སྐད་གང་ཡིན་ཤེས་ཀྱིན་མེད་པའི་གནས་ ཚུལ་ཡ་ང་བ་དངོས་མཐོང་འདི་ལྟ་བུ་འབྱུང་གི་ཡོད། ༤ གཞན་ཡང་བོད་ཁུལ་གྱི་སློབ་གྲྭ་ག་གེ་མོ་ཞིག་ནས་བོད་རིགས་ཀྱི་སློབ་་མ་ཉི་ཤུ་རྩ་ལྔ་དཔེ་མཚོན་བྱས་ནས་ཞིབ་དཔྱོད་བྱས་པ་ལྟར་ན། བོད་སྐད་ ཀྱི་ཐོག་ནས་གླེང་མོལ་བྱེད་ཐུབ་མཁན་མི་ལྔ་ལས་མེད་པ་ལྟ་བུ་རེད། དེ་་་ དག་ནི་ང་ཚོའི་མི་རིགས་འདིའི་སྐད་ཡིག་ཐོ་ཧྥའི་སྐད་དང་། ལོ་མྰན་གྱི་་ སྐད་ལྟར་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཞིག་མ་ཡིན་ནམ། དེ་བས་ཐབས་བརྒྱ་ཇུས་སྟོང་གིས་རང་མི་རིགས་ཀྱི་སྐད་ཡིག་གཅེས་འཛིན་་ དང་བཀོལ་སྤྱོད་བྱེད་དགོས། སྐད་ཡིག་ལ་བསྲེ་ལྷད་འདྲེས་པའམ་ཡང་ ན་མི་རིགས་གཞན་གྱི་སྐད་ཀྱིས་གནོན་ཤུགས་ཐེབས་པ་གང་རུང་གིས་ཉམས་ རྒུད་ཐེབས་ཚེ། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་སོང་ཡང་། མི་ རིགས་ཀྱི་“བླ་སྲོག”་སྐད་ཡིག་གི་གཞི་རྩ་མེད་པར་གྱུར་ན། མི་རིགས་དེ་ནི་ མིང་ཙམ་དུ་གྱུར་པ་རེད། སྐད་དང་ཡི་གེ་གཉིས་པོ་ནི་མི་རིགས་སུ་ཞིག་ཡིན་ཡང་ཐམས་ཅད་ཀྱི་རྩ་བར་ངེས་པ་དང་། ང་ཚོ་བོད་མི་རིགས་ལ་མཚོན་ནའང་བོད་སྐད་དང་། བོད་ཡིག་གཉིས། བོད་ཀྱི་རིག་གཞུང་། ཡུལ་སྲོལ། གོམས་གཤིས། ལོ་རྒྱུས་སོགས་ཡོད་ཚད་ཀྱི་རྟེན་གཞིར་གྱུར་པ་ཡིན་པས། གལ་སྲིད་ཁྱོད་ ལ་རང་སྐད་གཙང་མ་སྨྲ་བར་བྱེད་པའི་རོ་འཛིན་དང་བྲལ་ཞིང་། གཞན་་ སྐད་ཉག་ཉོག་ལད་ཟློས་བྱེད་པའི་སྤྲེལ་ལད་ལ་དགའ་ཚེ། ཡུལ་སྲོལ་ དང་གོམས་གཤིས་སོགས་ཀྱང་གཞན་གྱི་གནོན་ཤུགས་འོག་ཏུ་ཚུད་ན། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་ཟད་ཕྱིན་པ་ལྟར་དུ་སྣང་ཡང་དོན་ལ་མི་རིགས་དེ་ཉིད་ངོ་བོ་གཞན་ཞིག་ཏུ་གནས་འགྱུར་བ་ཡིན་པ་མ་གཏོགས། རང་མི་རིགས་ཡར་རྒྱས་ཕྱིན་པ་ག་ལ་ཡིན། དེ་དག་ནི་མི་རིགས་འགའ་ ཞིག་གི་སྐད་ཡིག་མཇུག་རྫོགས་པ་དང་རྫོགས་ལ་ཉེ་བ་དེ་དག་དང་འདྲ་་བར། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཡང་རྫོགས་ཚིག་འབྲི་ལ་ཉེ་བའི་ སྔོན་བརྡ་ཞིག་གོ། ༥ མི་རིགས་ཞིག་ལ་མཚོན་ན། སྐད་ཡིག་ནི་ཡོད་ཚད་ཀྱི་བརྟེན་གཞིར་གྱུར་ པ་ཡིན་པས་ན། གལ་སྲིད་སྐད་དང་། ཡི་གེ་ཉམས་རྒུད་དང་། འཇིག་ པར་གྱུར་ཚེ་དེ་ལ་བརྟེན་པའི་རིག་གནས་མཐའ་དག་ནུབ་པར་འགྱུར་བ་་ མ་ཟད། མི་རིགས་དེའང་མིང་ཙམ་དུ་འགྱུར་བ་རེད། ཨ་མེ་རི་ཁའི་ཨ་ར་སི་ཁ་སློབ་གྲྭ་ཆེན་མོའི་སྐད་རིག་པ་བ་ཁི་རོ་སི་Michael krauss.སོགས་སྐད་རིག་པ་དུ་མས་ལོ་བརྒྱའི་རྗེས་སུ། མིའི་ རིགས་ཀྱི་སྐད་ལས་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ནུབ་ནས་མེད་པར་འགྱུར་་ཞེས་བཤད་པ་ལྟར་ཉིན་ཞག་རེ་རེ་དང་། གཟའ་འཁོར་རེ་རེའི་འཁོར་ བསྐྱོད་ཁྲོད་ནས་ཀྱང་མིའི་རིགས་ཀྱི་སྐད་ཡིག་འཇིག་བཞིན་ཡོད། དེ་བཞིན་དུ་བོད་གངས་ཅན་གྱི་སྐད་ཡིག་དག་ཀྱང་རིམ་བཞིན་འཇིག་པར་ འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་ན། ང་ཚོའི་ད་ལྟ་ནས་ཐབས་ཚུལ་སྣ་ཚོགས་ ཀྱིས་ཉེན་ཁ་དེ་དག་སྔོན་འགོག་བྱེད་རྒྱུ་ནི། མ་འོངས་བར་ས་སྒང་འདིའི་ སྟེང་དུ་བོད་ཀྱི་སྐད་ཡིག་གནས་ཐུབ་མིན་ལ་འབྲེལ་བ་ཟབ་མོ་ཡོད་པ་ཞིག་ རེད། རྒྱུ་མཚན། ས་སྒང་འདིར་བོད་མི་རིགས་ཀྱི་སྐད་ཡིག་མ་འོངས་བར་ གནས་ཐུབ་པ་བྱེད་དགོས་ན་ངེས་པར་དུ་“སྔོན་འགོག་“དང་། “བསྲུང་་ སྐྱོབ“། “འཛིན་སྐྱོང་“གི་ཐབས་ཚུལ་འདི་གསུམ་ལ་བརྟེན་དགོས་པ་ཡིན་ པས་སོ། ། བོད་མི་རིགས་ཀྱི་སྐད་ཡིག་གཉིས་མ་འོངས་བར་ཇི་ལྟར་སྲུང་སྐྱོབ་དང་་འཛིན་སྐྱོང་བྱེད་པར་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་སྟོབས་ ཤུགས་གཅིག་ཏུ་སྦྲེལ་ཏེ། ནུས་པ་ཡོད་དགུ་འདོན་རྒྱུ་ནི་ངས་མ་བཅོས་ སེམས་ཀྱི་འབོད་སྐུལ་ཞུ་བ་ལགས་སོ།།

༢༠༠༡༠/༣/༢༡






བོད་ཡིག་གི་བྲིས་རྒྱུན་ལ་དོ་སྣང་བྱེད་དགོས་ཚུལ་གྱི་ བསམ་བློ།

གཅིག དེ་ཡང་བོད་མི་རིགས་ཀྱི་གཅེས་ནོར་དུ་འཛིན་པའི། གངས་ཅན་བོད་ཀྱི་ རིག་གནས་དག་གི་བྱེ་བྲག་ཡི་གེའི་བྲིས་རྒྱུན་ནི། དུས་རབས་འདིར་མིའི་ རིགས་ཀྱི་རིག་གནས་དང་། གོམས་གཤིས་སོགས་ཡོད་ཚད་སྲུང་སྐྱོབ་ དང་། འཛིན་སྐྱོང་གི་ཐད་ཚ་ཚ་འུར་འུར་གྱིས་འདུར་རྒྱུགས་བྱེད་བཞིན་ པའི་སྐབས་འདིར། ཁ་ཁུ་སིམ་པོར་འཕོ་འགྱུར་མེད་པའི་བོད་ཀྱི་ཡི་གེའི་ བྲིས་རྒྱུན་ལ་ནི་སུས་ཀྱང་དོ་སྣང་བྱེད་མཁན་དང་། འཛིན་སྐྱོང་དར་ སྤེལ་བྱེད་དགོས་པའི་བསམ་ཚུལ་བརྗོད་མཁན་ཙམ་ཡང་མི་འདུག་ཀྱང་། ཡི་གེའི་བྲིས་རྒྱུན་ནི་ང་ཚོའི་རིག་གནས་ཀུན་ལ་མེད་ཐབས་མེད་པའི་བྱེ་བྲག་གི་རིག་གནས་ཤིག་རེད་འདོད། ད་ལྟ་ང་ཚོའི་རིག་གནས་ཡོད་ཚད་འཛིན་སྐྱོང་རྒྱུན་འཛིན་བྱེད་པའི་འོས་ འགན་ཡོད་པ་བཞིན། གངས་ཅན་མེས་པོའི་སྲོལ་རྒྱུན་རིག་གནས་ཡི་ གེའི་བྲིས་རྒྱུན་འདིའང་རྒྱུད་འཛིན་དར་སྤེལ་བྱེད་དགོས་པ་ཞིག་རེད། འདིར་ཆེད་དུ་བརྗོད་པའི་ཡི་གེའི་བྲིས་རྒྱུན་ནི། སྤྱི་ལོ་སྔོན་གྱི་༦༡༧མེ་གླང་ལོར་འཁྲུངས་པའི་བོད་རྒྱལ་སྲོང་བཙན་སྒམ་་པོའི་དུས་སུ་དར་བ་ཡིན་ཏེ། བོད་རྒྱལ་ཆེན་པོའི་ནང་བློན་གྱི་ཐུ་བོར་གྱུར་ པ་སློབ་དཔོན་ཐོན་མི་མཆོག་གིས། རྗེ་ཡི་དགོངས་པ་བཞིན། རྒྱ་གར་ འཕགས་པའི་ཡུལ་དུ་བརྟོལ་ཏེ། རྒྱ་གར་ཡི་གེ་ལ་དཔེར་མཛད་ནས་བོད་ ཀྱི་བརྡ་སྐད་དང་མཐུན་པར་བོད་ཡིག་གཏན་ལ་ཕབས་པ་སྟེ། མཁས་པ་ སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ལས། འདིར་དགེ་འདུན་ཆོས་འཕེལ་ མཆོག་གིས། ལོ་༡༤༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཡི་གེ་འདི། རྒྱ་ གར་གྱི་གུཔྟའི་ཡི་གེ་ལ་དཔེ་མཛད་དེ་ཐོན་མིའི་བོད་ཡིག་གསར་བཟོ་མཛད་ པར་བཞེད། ཐོན་མི་རྒྱ་གར་དུ་གུཔྟའི་རྒྱལ་བརྒྱུད་དག་གིས་སྲིད་སྐྱོང་བའི་དུས་སུ་བྱོན་ པ་ཡིན་ཞིང་། དེ་དུས་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་ བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་། ཡིག་འབྲུ་ཕལ་ཆེ་བ་མ་བསླབ་ཀྱང་ཀློག་ཐུབ་པར་འདུག་ཅེས་གསུངས་པ་ དང་། ཞིབ་པར་བརྟག་ཚེ་དབུ་ཅན་འགྱོགས་པར་བྲིས་པ་ལས་དབུ་མེད་ རང་བཞིན་གྱིས་བྱུང་བ་ལྟར་མངོན་ལ། སྔོན་གྱི་ཡིག་རྙིང་མང་པོ་དག་ ལས་མཐོང་ཐུབ་པ་ཞིག་སྟེ། དཔེར་ན། ཀ ཀ ཀ ལྟ་བུ་སྟེ་ཡི་གེ་་་ གཞན་ཡང་འགྱུར་ཚུལ་རིགས་འགྲེས་པས་གོ་སླ། གཞན་ཡང་སྔ་མོའི་ཡི་གེ་ཕལ་ཆེར་ལ་བརྩེགས་མ་རྣམས་སྟེང་འོག་ཐད་ཀར་མེད་ཅིང་། སྔ་ཕྱི་ཚུལ་དུ་ཡོད་པ་རྒྱ་གར་གྱི་ཡི་གེ་ལྟར་དུ་སྣང་ཞིང་། དབུ་མེད་ལ་ད་དུང་ཡང་སྩ དང་ རྩ སོགས་ར་དང་ས་གཉིས་མདུན་དུ་འབྲི་ སྲོལ་ཡོད་པ་ལྟ་བུ་དང་། ཡང་ས་དང་པ་གཉིས་མཉམ་དུ་སྦྲེལ་བ་ཡ་ཡིག་ འདྲ་བ་ཞིག་བྱུང་བ་ཡང་དེར་འདུག་ཅིང་། དོན་ལསྤ་འདིའི་ཕྱེད་སྔ་མ་ ས་ཡིག་དང་ཕྱེད་ཕྱི་མ་པ་ཡིག་ཏུ་སྣང་ཞེས་སོགས་གསུངས་སོ།།

            གཉིས། དེ་དག་ནི་བོད་ཡིག་གི་བྱུང་བ་ཙམ་དང་མདོར་ན་ཐོན་མི་མཆོག་གིས་བོད་་

ཡིག་གི་སྲོལ་གཏོད་ཤིང་། བྲིས་དཔེ་ལྷ་སའི་རྡོ་རིང་གི་ངོས་སུ་བཏབ་ ནས་བོད་ཡིག་གི་བྲིས་རྒྱུན་ཐོག་མར་བྱུང་བ་ཡིན། དེ་ནས་བཟུང་བསྟན་ པ་སྔ་དར་དང་ཕྱི་དར་གྱི་སྐབས་དག་ཏུ་བྲིས་རྒྱུན་དར་ཁྱབ་བྱུང་ཞིང་། བོད་ཀྱི་ལོ་ཙྰ་བ་དང་མཁས་དབང་དུ་མའི་བྲིས་རྒྱུན་མི་འདྲ་བ་མང་པོ་ཞིག་ དར་ཁྱབ་བྱུང་བ་སྟེ། དཔེར་ན་སྔོན་གྱི་དུས་སུ་ཐོན་མིའི་བྲིས་“རྒྱུན་སྦལ་ ནག་བགྲད་འདྲ་”དང་། དེ་རྗེས་མང་སྲོང་གི་སྐུ་དུས་སུ་ཡིག་མཁན་དཀོན་ མཆོག་འབངས་བྱ་བའི་“ནས་སྔོན་བཀྲམ་འདྲ་”སོགས་བཙན་པོ་རིམ་བྱོན་ སྐབས་ཀྱི་ཡིག་མཁན་སོ་སོའི་སྲོལ་གཏོད་པའི་བྲིས་རྒྱུན་སྣ་ཚོགས་དང་།བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་ཡིག་མཁན་ཤཱཀྱ་རྡོ་རྗེ་དང་། ཁྱུང་པོ་ གཡུ་ཁྲི། ཞང་བཙུན་སོགས་དང་། དེ་རྗེས་གཡུ་ཁྲིའི་སློབ་མ་ཡིག་མཁན་ བཅུ་གཉིས་བྱུང་བ་རྣམས་ཀྱིས་བྲིས་རྒྱུན་དར་རྒྱས་སུ་བཏང་བ་ནས་བཟུང་ དར་ཁྱབ་རྒྱ་ཆེར་ཕྱིན་པའོ།། ད་ལྟའི་དུས་སྐབས་འདིར་ཡང་ཡིག་མཁན་སོ་སོའི་བྲིས་རྒྱུན་མི་འདྲ་བ་མང་པོ་མཆིས་པ་དེ་དག་ལས། རང་གི་མོས་པའི་བློ་དང་བསྟུན་ནས་སྦྱང་ བརྩོན་བྱེད་དགོས་པ་ནི། དེང་སང་བོད་ཡིག་གི་བྲིས་རྒྱུན་ཉམས་པར་ གྱུར་པའི་སྐབས་འདིར་ཆེས་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཏུ་མཐོང་། སྤྱིར་སུག་བྲིས་ནི་མཁས་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་སྟེ། དཔེར་ན་མི་ཞིག་ཡིན་ན་རང་གི་ལག་པ་ཟུང་དང་འདྲ་ལ། ཇི་སྐད་དུ། རྗེ་བསྟན་དར་ལྷ་རམས་པས། རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ་ཞེས་གསུངས་པ་བཞིན་ དུ་སུ་ཞིག་ཡིན་ཡང་རྩོམ་ཡིག་ཕྲན་བུ་རེ་འབྲི་ཤེས་པ་ཙམ་གྱིས་མི་ཆོག་ལ། དེ་དང་མཐུན་པའི་སུག་བྲིས་རྐང་ཚུགས་པ་རེ་ཡོད་ན་ད་གཟོད་ དཔའ་རྩལ་རབ་ཏུ་ཆེ་བའི་དཔའ་བོ་ཞིག་ལྟར་མཛེས་པར་འགྱུར་ལ། ཇི་ལྟར་མཁས་པ་ཆེན་པོ་ཞིག་གིས་བརྩམས་པའི་ལེགས་བཤད་སྙན་མོ་ཞིག་ཡིན་ནའང་སུག་བྲིས་མ་འབྱོར་ན་དཔའ་རྩལ་ཧ་ཅང་ཆེ་བའི་དཔའ་བོ་ཞིག་ལག་པ་གཉིས་ཆད་པ་དང་འདྲ་བ་ཡིན་ནོ།། གཞན་ཡང་ངག་རྒྱུན་དུ། །ཆུང་འདྲིས་བྱམས་པས་བསྐུར་བའི། །ཡིག་ ཆུང་ཨ་ཀྱོག་པ་ཀྱོག།།རང་གིས་བལྟས་ན་མི་ཤེས། །གཞན་ལ་བསྟན་ན་ ངོ་ཚ་ཞེས་པ་ལྟར་ཐ་ན་ཕན་ཚུན་ཡིག་བསྐུར་ཙམ་ལའང་གོ་བརྡ་མི་འཕྲོད་་་ པ་སོགས་ནི་སུག་བྲིས་མ་འབྱོར་བའི་སྐྱོན་ཡིན་པ་ཤེས་དགོས་པར་མ་ཟད། གནའ་མིའི་ཁ་དཔེར་ཡང་བྲིས་ངན་མི་ཡིས་མི་ཤེས། ཞག་གཅིག་འགོར་ ན་རང་གི་མི་ཤེས་ཞེས་པ་ལྟར་དུ་གྱུར་ན་བོད་ཀྱི་ཡི་གེའི་བྲིས་རྒྱུན་ཉམས་་་་་་ པར་འགྱུར་བ་མ་ཟད། སྐད་ཡིག་དང་རིག་གཞུང་ཐམས་ཅད་ངག་ཐོག་ ཙམ་དུ་འགྱུར་བར་གདོན་མི་ཟའོ།། གསུམ། ད་སྐབས་མི་ཕལ་མོ་ཆེ་ལེ་ལོ་ཆེ་ཞིང་བརྩོན་འགྲུས་ཞན་པ་དང་། རྩིས་ འཕྲུལ་སོགས་དར་ཁྱབ་ཆེ་བའི་དབང་གིས་བོད་ཀྱི་ཡི་གེའི་བྲིས་རྒྱུན་ལ་མཐོང་ཆེན་དེ་ལྟར་མི་བྱེད་པས། སྔོན་སྲོལ་བོད་ཀྱི་ཡི་གེའི་བྲིས་རྒྱུན་ འདི་དག་མི་རིང་བར་ནུབ་པར་འགྱུར་བའི་ཉེན་ཁ་ཆེ་བར་མཐོང། གནས་ བབས་དེར་བརྟེན་རང་མི་རིགས་ཀྱི་མ་འོངས་རྒྱུད་འཛིན་དུ་གྱུར་པའི་ གངས་རིའི་ན་གཞོན་དག་གིས་བོད་ཀྱི་སྲོལ་རྒྱུན་ཡི་གེའི་བྲིས་གཟུགས་རྣམས་མུ་མཐུད་འཛིན་སྐྱོང་བྱེད་རྒྱུ་ནི་མྱུར་དུ་མ་སྒྲུབ་ཐབས་མེད་ཀྱི་འགན་ འཁྲི་ཞིག་ཏུ་མཐོང་ངོ་།། མཇུག་ཏུ་སྔོན་བྱོན་མེས་པོ་མཁས་དབང་དུ་མའི་བྲིས་རྒྱུན་མཐོང་དཀོན་པའི་དཔེ་རིས་འགའ་ཞིག་ན་ཆུང་རྣམས་ལ་གཟིགས་མོར་སྤྲོའོ། །


༡ ཐོན་མིའི་བྲིས་རྒྱུན་སྦལ་ནག་ན་ལ་བགྲད་འདྲའི་དཔེ་རིས།


༢ ཆ་ངར་རིན་ཆེན་འབར་གྱི་བྲིས་རྒྱུན་སོ་ཕག་གཤིབ་འདྲའི་དཔེ་རིས།



༣ ཆབ་དཀར་བེའུ་〈བུམ་〉ཚེའི་བྲིས་རྒྱུན་བྱ་ཕོ་འཇོལ་བ་འདྲ་བའི་དཔེ་རིས།


༤ གཙང་དགེ་བསྙེན་དཀོན་མཆོོག་གི་བྲིས་རྒྱུན་ནས་སྔོན་ཕྱིང་དཀར་སྟེང་དུ་ བཀྲམས་འདྲའི་དཔེ་རིས།



༥ འབྲེའོ་ཁྲོམ་གྱི་བྲིས་རྒྱུན་མུ་ཏིག་བསྟར་ལ་བརྒྱུས་འདྲའི་དཔེ་རིས།



༦ ཚེ་སྤོང་བྱང་ཆུབ་ཀྱི་བྲིས་རྒྱུན་སྦུར་ནག་བགྲད་འདྲའི་དཔེ་རིས།



༧ འབྲེ་བ་ཡོན་ཏན་གྱི་བྲིས་རྒྱུན་ཉ་མོ་ཆུ་ནང་ནས་ཕྱུང་འདྲའི་དཔེ་རིས།



༨ གྲ་ཤོད་རྣམ་གཉིས་ཀྱི་བྲིས་རྒྱུན་སེངྒེ་གནམ་ལ་མཆོངས་འདྲའི་དཔེ་རིས།



༩ ཀ་ཁྱུང་གི་བྲིས་རྒྱུན་གསེར་ལེབ་གྲུ་བཞིའི་དཔེ་རིས། བཞི། དཔེ་རིས་འདི་དག་ནི་སྔོན་གྱི་ལོ་རྒྱུས་ཡིག་ཚང་དང་། རྡོ་རིང་སོགས་ལས་ ཕབས་བཤུས་བྱས་པ་ཞིག་རེད། ད་ལྟ་སྔོན་གྱི་རིག་གནས་ལོ་རྒྱུས་ཕལ་ཆེ་ བ་དུས་འགྱུར་གྱི་དབང་གིས་ཉམས་ཉེས་ཚབས་ཆེན་ཐེབས་པ་བཞིན། མི་ལོ་༡༤༠༠ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་ཡི་གེའི་བྲིས་རྒྱུན་ཡང་། སྔོན་ གྱི་དུས་སུ་ཡིག་གཟུགས་ལ་འགྱུར་བ་སྣ་ཚོགས་ཐེབས་ཡོད་པ་སྨོས་མི་དགོས་་ཀྱང་། དུས་སྐབས་དེ་དག་ལས་བྱུང་བའི་བྲིས་དཔེ་ནི་བཅོམ་བརླག་ཏུ་ གྱུར་པས་ད་ལྟའི་དུས་འདིར་མཐོང་དཀོན་པར་གྱུར་པ་དང་། ཅུང་ཟད་ འཚོལ་དུ་ཡོད་པ་ལས་བྱུང་བའི་དཔེ་རིས་འདི་དག་ནི། བོད་ཀྱི་ཡིག་ གཟུགས་ལ་དུང་བ་ཟབ་པའི་ན་གཞོན་དག་ལ་དགོས་པའི་གསོས་སྨན་དུ་ སྤེལ་བ་ཡིན་པས་སྦྱང་བརྩོན་དང་འཛིན་སྐྱོང་བྱེད་པར་རིགས་སོ། ། ¬¬༢༠༠༩/༥/༡༦








འཚོལ་རྟོག་རང་བཞིན།












ཁ་ཕྱོགས་མེད་པའི་《དུས་དེབ།》

དུས་རབས་གསར་བ་འདིའི་ནང་སྤྱི་སྒེར་སོ་སོའི་གཉེར་བའི་《དུས་ དེབ་》དང་། 《ཚགས་པར་》སོགས་ཧ་ཅང་གྲངས་འབོར་མང་དུ་ ཕྱིན་པར་མ་ཟད། དེ་དག་གིས་རབ་དང་རིམ་པ་བཞིན་སྤྱི་ཚོགས་ ཐོག་གི་སློབ་གསོ་དང་། མ་འོངས་འདུན་མའི་ཁ་ཕྱོགས་ལ་ཕན་ནུས་ ཡང་མི་དམན་པ་ཐོབ་བཞིན་ཡོད་པ་ནི་རང་རིགས་ལ་མཚོན་ན་དགའ་ འོས་པ་ཞིག་རེད། འོན་ཀྱང་དེའི་ཁྲོད་དུའང་རིག་གནས་ཀྱི་“གད་སྙིགས་”ཡང་མང་པོ་ཞིག་ སྐྲུན་བཞིན་མཆིས་ཏེ། འཇར་དམན་གྱི་མཁས་པ་སུའུ་པུན་ཧེར་Sc hhpenhauerགྱིས། ”རྩོམ་རིག་གི་ཁྲོད་དུའང་དཔེ་ཆ་ངན་པ་གྲངས་མེད་གཅིག་རྩྭ་ལྡུམ་ལྟར་སྐྱེས་པས་མེ་ཏོག་ལ་གནོད་པ་བྱ་བཞིན་ཡོད། དེ་ཚོ་མ་གཞིར་དངུལ་དང་གོ་གནས་ཀྱི་ཆེད་དུ་བྲིས་པ་ཡིན་ པས། ཀློག་མཁན་ཚོའི་དུས་ཚོད་དང་། སྒོར་མོ། སེམས་ཤུགས་ བཅས་ཆུད་ཟོས་སུ་བཏང་བས་དཔེ་ཆ་ལེགས་པོ་དང་། བྱ་བ་བཟང་ པོ་དོན་གཉེར་མི་འོང་པར་བྱས་“ཞེས་གསུངས་པ་ལྟར་ཕྱོགས་ཀྱི་རྩོམ་པ་པོ་མང་པོ་ཞིག་གི་རྩོམ་ཡིག་གི་སྐོར་ཕལ་མོ་ཆེ་ཞིག་“གླུ་བརྒྱ་ངག་གཅིག་”ལྟར་དུ་གྱུར་འདུག་ལ། འགའ་ཞིག་ནི་ཁེ་གྲགས་དང་། དངུལ་ སྒོར། གོ་གནས་སོགས་ཀྱི་ཆེད་དུ་སྐྲུན་པ་མང་པོ་ཞིག་མཐོང་། དེ་ དག་ནི་གོང་གི་འཇར་མན་གྱི་མཁས་པ་དེས་གསུངས་པ་བཞིན་དུ་་་་ ཀློག་མཁན་བརྒྱ་ཕྲག་དུ་མའི་སེམས་ཤུགས་དང་། སྒོར་མོ་སོགས་ཆུད་ ཟོས་སུ་བཏང་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིགས་སྒྱུ་རྩལ་ལ་ཡང་ གས་ཆག་བཟོ་ཡི་ཡོད། རིག་གནས་ཀྱི་གད་སྙིགས་དེའི་ཕྱི་དངོས་པོའི་གད་སྙིགས་ལྟར་ཁོར་ཡུག་དང་། མིའི་བདེ་ཐང་སོགས་ལ་གནོད་པ་ཙམ་མ་ཡིན་པར་ནང་ སེམས་ཀྱི་ཀུན་སློང་ལ་མི་མཐུན་པའི་གནོད་པ་ཚབས་ཆེན་ཐེབས་བཞིན་ ཡོད། སྤྱིར་དུས་དེབ་ནི་མི་རིགས་ཀྱི་རིག་གནས་གོང་འཕེལ་དང་། རྩོམ་ རིག་ཡར་རྒྱས། བསམ་བློའི་ཁྱེར་སོ་སོགས་ལེགས་ལམ་དུ་སྒྱུར་བའི་ སློབ་གསོའི་གླེང་སྟེགས་ཏེ། མདོར་ན་འདིའི་དམིགས་ཡུལ་མཐར་ཐུག་ ནི་མ་འོངས་མདུན་ལམ་གྱི་ཕྱོགས་ལ་གཞོག་འདེགས་བྱེད་ཐུབ་རྒྱུ་དེ་་་ཡིན། དེས་ན་《དུས་དེབ་》དང་། 《ཚགས་པར་》སོགས་ལ་གཙོ་ སྐྱོང་བྱེད་མཁན་དག་གིས་རང་དོན་ཙམ་དུ་མི་དམིགས་པར་བརྗོད་བྱ་རྙིང་པ་མ་ཡིན་པ་དང་། བགྲོད་ལམ་གསར་བ། ཁ་ཕྱོགས་ཁ་ཁ། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཁྱད་ཆོས་མི་འདྲ་བ་རེ་སྟོན་ཐུབ་ན། དེས་ཀློག་པ་པོའི་འདོད་བློ་སྐོང་ཐུབ་པར་མ་ཟད། རང་རིགས་ ཀྱི་ཤེས་ཡོན་གོང་དུ་འཕེལ་བ་དང་། ན་གཞོན་རྩོམ་པ་པོ་མི་ཉུང་བ་ ཞིག་མཚར་ལོངས་འབྱུང་ཞིང་། དེ་དག་གིས་མིའི་ཀུན་སློང་དང་། སྤྱོད་པ་སོགས་མཐོར་འདེགས་ཡོངས་བའི་ཕན་ནུས་ཡང་ངེས་ཅན་་ཞིག་ཡོད་པ་སྨོས་མི་དགོས། ད་དུང་《དུས་དེབ་》སོགས་རྩོམ་སྒྲིག་བྱེད་པ་ལ་དོ་སྣང་བྱེད་དགོས། གང་འདོད་འདོད་དུ་སྤེལ་བ་ལ་ཉེས་པ་མི་ཉུང་བ་ཞིག་ཡོད་དེ། དཔེར་ ན་རྩོམ་གཞི་སྒྲིག་སྟངས་ནོར་བ་དང་། པར་གཞི་གང་འདོད་འཇོགས་ པ། རྩོམ་སྒྲིག་གི་ཆུ་ཚད་ཞན་པ་བཅས་ཀྱིས་གོ་རིམ་འཆོལ་བ། མཛེས་ རྩལ་ཞན་པ། ཡིག་ནོར་མང་བ་སོགས་སྐྱོན་མི་ཉུང་བ་ཞིག་མཆིས་ པ་དང་། གཞན་ཡང་གྲགས་པ་དོན་དུ་གཉེར་བའི་སྒོ་ནས་རྩོམ་སྣ་ ཚོགས་བསྡུས་ཏེ་འགྲིམས་སྤེལ་བྱེད་པ་དེ་དག་ནི་སྤྱི་ཚོགས་ལ་གནོད་པའི་བྱ་བ་ཞིག་རེད།“རྩོམ་རིག་གི་སྣང་ཚུལ་ཡང་མི་ཚེ་དང་འདྲ་ལ།གྲུ་ག་ཐམས་ཅད་ན་གཤིས་སྤྱོད་ངན་པའི་མི་དེ་ཚོ་སྦྲང་ནག་ལྟར་འཚང་ག་རྒྱག་བཞིན་གནས་ནས་སྤྱི་ཚོགས་ལ་གནོད་འཚེ་གཏོང་བཞིན་་ ཡོད་”ཅེས་འཇར་མན་གྱི་མཁས་པ་སུའུ་པུན་ཧེར་གྱིས་གསུངས་་་་་་ ཡོད་པ་ནང་བཞིན་རེད། མི་རིགས་ལ་སྲི་ཞུ་སྒྲུབ་པར་ནུས་ཤུགས་འདོན་འདོད་པ་རྣམས་ཀྱིས་་ཁྱད་ཆོས་འབུར་དུ་དོད་པའི་《དུས་དེབ་》རེ་རྩོམ་སྒྲིག་བྱེད་འདོད་ན། ཐོག་མར་མི་རིགས་གཞན་གྱི་རིག་གནས་ལ་རྒྱུས་ལོན་དང་། རང་་ རིགས་ཀྱི་རིག་གཞུང་ལ་གོམས་མྱོང་ཆེ་བ། མ་འོངས་མདུན་ལམ་་ གྱི་བླང་དོར་ལ་བློ་མིག་གསལ་བའི་མཁྱེན་དཔྱོད་ལྡན་པས་རང་མི་རིགས་ ཀྱི་བདེ་སྡུག་དང་། འཕེལ་རྒྱས། མདུན་ལམ་བཅས་ལ་གཞིགས་ཏེ་ དབུ་བརྩམས་པ་དང་། བར་དུ་བརྗོད་བྱའི་ཁ་ཕྱོགས་གསར་པ་ཅན་ གྱི་རྩོམ་ཡིག་ལེགས་འདེམས་བྱས་ཏེ། དུས་རབས་ཀྱི་དགོས་མཁོ་དང་ བསྟུན་ནས་འགྲིམས་སྤེལ་བྱེད་དགོས་ལ། མཐར་མིའི་རིགས་ཀྱི་སྤྱི་ ཚོགས་ལ་ཕན་པའི་གྲུབ་འབྲས་མི་དམན་པ་ཐོབ་པའི་འབད་པ་ལྷོད་མེད་ཀྱིས་རྒྱུན་སྐྱོང་དགོས་པ་ཞིག་ཡིན་པ་ལས། རང་སྣང་གང་ཤར་ གྱིས་འདོན་སྤེལ་བྱེད་པ་ལ་དགོོས་པ་མ་མཆིས་སོ།། ༢༠༡༠/༨/༢༡



བོད་ཡིག་ལ་ཉེ་བར་མཁོ་བའི་“རྟགས་“སྣ་ཚོགས།


དེ་ཡང་༡༩༩༦ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཡིག་རྩོམ་སྒྲིག་ ཚད་ལྡན་དུ་གཏོང་བའི་སྐོར་གྱི་གྲོས་གཞི་བཏོན་པ་ལྟར། ཞིང་ཆེན་དང་ ལྗོངས་དྲུག་གཙོའི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ཐུན་མོང་ནས། གྲོས་གཞི་ཡང་ཡང་བྱས་མཐར་གཏན་ལ་ཕབས་པའི་ཚིག་ཤད་དང་རྟགས་ འགའ་ཞིག་༡༩༩༧ལོ་ནས་བཟུང་ཐུན་མོང་དུ་སྤྱོད་པའི་མགོ་བརྩམས་ཤིང་། དེ་དག་བོད་ཡིག་གི་《དུས་དེབ་》དང་། 《ཚགས་པར་》སོགས་ཀྱི་ སྟེང་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ད་ལྟ་རྩོམ་པ་པོ་དང་། རྩོམ་སྒྲིག་པ་སོགས་ཀྱིས་རང་སྣང་གང་ཤར་གྱིས་རྟགས་སྣ་ཚོགས་ཞིག་བཀོལ་བཞིན་ཡོད་པ། དེའི་ནང་གི་འགའ་ཞིག་ནི་གཟུགས་མཛེས་ གོས་ཀྱིས་རྒྱན་པ་བཞིན་མེད་ཐབས་མེད་པའི་ལེགས་ཆ་ཞིག་ཏུ་མཐོང་ལ། འགའ་རེ་ནི་སྦྲུལ་ལ་སུག་པ་བཏགས་པ་བཞིན་སྐྱོན་དུ་སྣང་། འདིར་བོད་ཡིག་སྤུས་ཚད་ཇེ་ལེགས་ཡོང་བའི་དགོས་པ་ལ་དམིགས་ཏེ་དཔྱོད་ལྡན་རྣམས་ལ་དཔྱད་གཞི་ཙམ་དུ་དབྱེ་ཞིབ་ཕྲན་བུ་ཞིག་བྱེད་པ་ལ། དང་པོ། བོད་ཡིག་ལ་ཉེ་བར་མཁོ་བའི་རྟགས་འགའ་ཞིག་བརྗོད་པར་བྱ་སྟེ། གཙོ་བོ་གོང་ནས་བཤད་པ་བཞིན་བོད་ཀྱི་ཞིང་ཆེན་དང་ལྗོངས་དྲུག་གི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ཐུན་མོང་ནས་གྲོས་གཞི་བྱས་པ་རྒྱུད་《བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ ཕབས་འགའ་》ཞེས་པ་ཞིག་གྲོས་མཐུན་བྱུང་བ་དེ་དག་གཞིར་བཟུང་ བ་ཡིན། རྟགས་༝༝༝འདི་ལ་སྐུང་རྟགས་ཟེར་ཞིང་དཔེ་ཆ་འགའ་རེའི་ནང་དུ་གསལ་པོར་འགོད་མི་རུང་བ་དང་། ཚིག་དུ་མ་བསྐྱར་ཟློས་དགོས་པ་ སོགས་སྐུང་བའི་མཚོན་བྱེད་ཡིན། ད་དུང་གྲངས་ཀ་མཚོན་པའི་ཕྱིར་ དུའང་སྤྱོད་པ་ཡིན་ལ་བོད་ཀྱི་དཔེ་རྙིང་དག་ལས་ཀྱང་མང་པོ་མཐོང་རྒྱུ་ཡོད་དོ།། རྟགས་《》འདི་ལ་དཔེ་རྟགས་ཟེར་ཞིང་རྩོམ་ཡིག་དག་གི་ནང་ དུ་གཞན་གྱི་དཔེ་དེབ་དང་། རྩོམ་ཡིག་སོགས་ཀྱི་ཁ་བྱང་འགོད་པར་ བྱེད་པ་དེ་དག་མཚོན་བྱེད་ཡིན་ཏེ། དཔེ་རྟགས་འདི་མཐོང་མ་ཐག་ དེའི་ནང་དུ་བཀོད་ཡོད་པ་དེ་ནི་དཔེ་མིང་གམ་རྩོམ་གང་རུང་ཞིག་གི་ཁ་བྱང་ཡིན་པ་གསར་པོར་ཤེས་ཐུབ་སྟེ་དཔེར་ན།《ཆོས་འབྱུང་ གསལ་བྱེད་སྒྲོན་མེ》ལྟ་བུའི།། རྟགས་འདི་ལ་མཆན་རྟགས་ཟེར་ཞིང་རྩོམ་དག་གི་ཚིག་བར་དུ་བཞག་ན་ཟུར་དུ་མཆན་ཡོད་པ་མཚོན་པར་བྱེད་ཐུབ། མཆན་གྱི་ མང་ཉུང་ལྟར་ཨང་གྲངས་ཡང་རིམ་པ་ལྟར་བཀོད་ཆོག་སྟེ་《སྦྲང་ཆ ར་》སོགས་《དུས་དེབ་》དག་ལ་བལྟས་པས་ཤེས་ཐུབ་བོ།། རྟགས་……འདི་ལ་བསྡུས་རྟགས་ཟེར་ཞིང་རྩོམ་གང་རུང་གི་མཇུག་ཏུ་ཡོད་ཚེ། བརྗོད་བྱ་མ་རྫོགས་ཀྱང་རེ་ཞིག་ཚིག་སྡུས་པའི་དོན་ཡིན་ པས་《དུས་དེབ་》དང་《ཚགས་པར་》སོགས་སུ་མང་པོ་མཐོང་རྒྱུ་ ཡོད་པས་ཤེས་སླའོ།། རྟགས་“ ”འདི་ལ་འདྲེན་རྟགས་ཟེར་ཞིང་། བརྩམས་སྒྲུང་དག་གི་ ནང་དུ་ཚིག་ཉོག་བསྐྱུང་ཕྱིར་མི་སོ་སོའི་སྐད་ཆ་འདྲེན་རྟགས་འདིའི་ནང་དུ་བཅུག་ན། སྐད་ཆ་བཤད་མཁན་གྱི་མིང་རེ་རེ་བཞིན་འགོད་ མི་དགོས་ཤིང་། མི་སོ་སོ་སྐད་ཆ་གང་ཞིག་ཡིན་པ་གསལ་པོར་རྟོགས་ ཐུབ་པའི་ཁྱད་ཆོས་ལྡན་པ་སོགས་ད་ལྟའི་《སྒྲུང་གཏམ་》དག་ལ་ བལྟས་པས་ཤེས་པར་འགྱུར་རོ།། གཉིས་པ། བོད་ཡིག་ལ་མི་མཁོ་བའི་རྟགས་སྣ་ཚོགས་ནི། རྟགས ? འདི་ལ་འདྲི་རྟགས་ཟེར་ཞིང་རྒྱ་ཡིག་ལྟར་ན་你是谁ལྟ་བུ་ལ་རྟགས་?འདི་བསྣན་ན་འདྲི་བའི་དོན་ཡིན་པ་རྟོགས་ཐུབ་པ་ལྟ་བུ་རྒྱ་ཡིག་ལ་མེད་དུ་མི་རུང་བ་ཞིག་ཡིན་མོད། བོད་ཡིག་ལ་“ཁྱོད་ སུ་ཡིན་”ཞེས་བརྗོད་པའི་ཚེ་“སུ་”སྒྲས་དྲི་བའི་དོན་རང་ཤུགས་སུ་རྟོགས་ཐུབ་པས་མི་དགོས་བཞིན་དེའི་སྟེང་དུ་འདྲི་རྟགས་བསྣན་ན་ སྐྱོན་དུ་སྣང་ངོ།། རྟགས་ !འདི་ལ་བརྣན་རྟགས་ཟེར་ཞིང་རྒྱ་སྐད་ལ་你坐下མཇུག་ ཏུ་བརྣན་རྟགས་བསྣན་ན་སྐུལ་ཚིག་གི་དོན་ཡིན་པས་དགོས་པ་ཆེ་ཡང་། བོད་སྐད་དུ་དགོས་མཁོ་མེད་དེ་“ཁྱོད་མར་སྡོད་ཅིག་”ཅེས་ བརྗོད་པའི་ཚེ་“ཅིག་”སྒྲས་སྐུལ་བའི་དོན་སྟོན་པའི་ནུས་པ་ལྡན་པས་དེའི་མཇུག་ཏུ་བརྣན་རྟགས་བཀོལ་ན་རྫོབ་སྐྱོན་ཡིན་པ་ཤེས་དགོས་ སོ།། རྟགས་འདི་ལ་ཆད་རྟགས་ཟེར་ཞིང་། གཞུང་དང་བསྟན་བཅོས་སོགས་གནའ་རབས་ཀྱི་ཡིག་རྙིང་དག་གི་ ཡི་གེ་ལ་ཆད་པ་དང་། མི་གསལ་བ་སོགས་བྱུང་ཚེ་ཆད་ཡོད་པ་སྟོན་བྱེད་ དུ་བཀོལ་ཀྱང་། ཆད་ལྷག་ཡོད་ཚེ་དེ་ལ་དེབ་གྲངས་དང་། ལེའུ་སོགས་ ག་ཙམ་ཆད་པ་སོགས་ཁ་གསལ་གྱི་མཆན་ཡོད་ན་བཟང་བར་མཐོང་ ངོ་། ། ད་དུང་རྟགས་(){ }※【】[ ]____{ }﹐。ལ་སོགས་པ་ མང་པོ་ཞིག་དེང་གི་རྩོམ་སྒྲིག་པ་དག་གིས་དོན་དངོས་མཁོ་མིན་ལ་མི་ལྟ་བར། རང་སྣང་གང་ཤར་གྱིས་བཀོལ་སྤྱོད་བྱེད་བཞིན་པ་དེ་ དག་དགོས་པ་ཆེར་མ་མཐོང་ལ། འདིར་བོད་ཡིག་ལ་མཁོ་མིན་གྱི་དཔྱད་ གཞི་རུ་སྤེལ་བ་ཡིན་པས་དཔྱོད་ལྡན་མཁས་དབང་རྣམས་ཀྱིས་བླང་དོར་གྱི་བཀའ་མོལ་གནང་འོས་སུ་ཆེའོ། ། སྤྱིར་དུས་རབས་ཀྱི་འགྲོས་དང་བསྟུན་ནས། མིའི་རིགས་ཀྱི་སྤྱི་ཚོགས་ ཀྱང་རིམ་བཞིན་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། དུས་སྐབས་དེར་རང་རང་སོ་སོའི་རིག་གནས་དག་ཀྱང་། འཕེལ་རྒྱས་ དང་འགྱུར་ལྡོག་འབྱུང་བཞིན་པ་ནི་ཆོས་ཉིད་ཡིན་ལ། འཕོ་འགྱུར་ དེའི་ཁྲོད་ནས་རིག་གནས་དང་། སྐད་ཡིག་སོགས་སྔར་ལས་ཕུན་སུམ་ ཇེ་ཚོགས་ཡོངས་བའི་ཐབས་ལ་འབད་པ་ནི། གཡོལ་དུ་མེད་པའི་ འོས་འགན་ཞིག་ཡིན་པ་སུས་ཀྱང་རྟོགས་དགོས་པ་ཞིག་ཡིན་ཞིང་། ད་རེས་ཀྱི་འདིའང་ང་ཚོའི་སྐད་ཡིག་ཁ་སྐོང་དང་། འཕེལ་རྒྱས་ཀྱི་ དགོས་མཁོའི་ཆེད་དུ། གཞན་གྱི་རིག་གནས་ལས་ལེགས་ཆ་བསྡུ་ ལེན་དང་། ངན་ཆ་སེལ་འདོན་བྱས་པ་བསྙོན་དུ་མེད། དེ་དག་ཀྱང་དུས་རབས་ཀྱི་འགྱུར་ལྡོག་དབང་གིས་སྟོང་ཆ་སྐོང་བ་ཙམ་ཡིན་པ་ལས། བོད་ཡིག་ལ་སྔ་མོ་ནས་དབུ་ཁྱུད་དང་། ཚིག་ཤད་ཀྱི་ རྟགས་སྣ་ཚོགས་ཤིག་ཡོད་པ་དེ་དག་གིས་གོ་མི་ཆོད་ཤིང་མི་དགོས་་པ་མ་ཡིན་ནོ། ། ༢༠༡༠/༧/༡༢







ཁམས་སྟོད་ལོ་རྒྱུས་ལ་བལྟས་པའི་མྱོང་བྱང་།

༡ ནང་ཆེན་རྒྱལ་རབས་ལས་ཡོན་ཏན་དཔལ་ཏྲེ་བོའི་ རུས་བརྒྱུད་མིན་ཚུལ། ལྡན་མ་འཇམ་ཚུལ་གྱིས་བརྩམས་པའི་《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་ སུ་བཀོད་པ་གངས་ཕྲུག་གསུ་བའི་ཤིང་རྟ་》ཞེས་པ་དེའི་ནང་གི་དོགས་ གནས་འགའ་ཞིག་ལ་བསམ་གཞིག་རེ་བྱས་ན། ཐོག་མར་ནང་ཆེན་ རྒྱལ་རབས་བརྗོད་པའི་སྐབས་སུ། ཡོན་ཏན་དཔལ་གྱི་རུས་དབོན་ སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་ཞེས་དང་། ཡོན་ཏན་དཔལ་གྱི་ལོ་རྒྱུས་ འཆད་པའི་སྐབས་སུ། བྱང་ཆུབ་མགོན་པོའི་རུས་དབོན་ཡོན་ཏན་ དཔལ་ཞེས་གྱ་ཚོམ་གྱི་སྐད་ཆ་ཞིག་བརྗོད་འདུག གོང་མ་ལྟར་ན་ཤོར་ཕུ་བའི་ལོ་རྒྱུས་ཀྱི་རྗེས་སུ་འབྲང་བ་ཡིན་འདུག་་ཀྱང་། ཞིབ་མོར་དཔྱད་ན། ཡོན་ཏན་དཔལ་ནི་བྱང་ཆུབ་མགོན་པོའི་ རུས་དབོན་ཡིན་པའི་ངེས་ཤེས་རྙེད་ཐུབ་སྟེ། གང་ལགས་ཤེ་ན། ཡོན་ ཏན་དཔལ་གྱི་རུས་དབོན་སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་ཡིན་པའི་རྒྱུ་མཚན་མེད་ལ། ནང་ཆེན་རྒྱལ་རབས་བགྲངས་ན་ཡོན་ཏན་དཔལ་ ཞེས་པ་ཞིག་མཐོང་དུ་མེད། དེ་ལས་ཀྱང་སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་གྱི་ཡབ་ནི་ཏྲེ་བོ་ཨ་ལུ་ཡིན་ཞིང་། དེས་འབེ་བཟའ་དཀར་མོ་ཁབ་ཏུ་བཞེས་པས་སྐུ་མཆེད་བདུན་ བྱུང་བ་ལས། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནི་དེའི་གྲས་ཀྱི་གཅིག་ཡིན་ པ་སོགས་དངོས་ཀྱི་ལོ་རྒྱུས་ལྟར་ནོར་འཁྲུལ་མེད་ལ། དེ་བས་ཡོན་ ཏན་དཔལ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རུས་དབོན་ཡིན་པའི་རྒྱུ་མཚན་ ལོ་རྒྱུས་གང་དུ་ཡང་མ་མཐོང་ངོ་།། དེ་ལས་སྣག་དབོན་ཡིན་པའི་རྒྱུ་མཚན་འདུག་སྟེ། 《འབའ་རོམ་ཆོས་ འབྱུང་གསལ་བྱེད་སྒྲོན་མེ་》སོགས་ལོ་རྒྱུས་མང་པོ་ལས་གསལ་བ་ལྟར་་ ན། ཡོན་ཏན་དཔལ་ནི་བྱང་ཆུབ་མགོན་པོའི་གདུང་འོག་ཡིན་ཞིང་། བྱང་ཆུབ་མགོན་པོའི་རུས་ནི་འབེ་ཡིན། དེ་ལྟར་ན་ཡོན་ཏན་དཔལ་ རུས་འབེ་མ་ཡིན་པར་ཏྲེ་ཡིན་པའི་བསྙོན་འདོར་སུ་ཡིས་བྱེད། ཡོན་ ཏན་དཔལ་གྱི་རུས་འབེ་ཡིན་པའི་རྒྱུ་མཚན་གྱིས་སྤྱན་སྔ་ཆོས་ཀྱི་རྒྱལ་་____________ ལུས་མེད་རྡོ་རྗེའི་བཀའ་བབ་ཀྱི་སློབ་ཆེན་རྣམ་བཞིའི་གྲས་རྟེན་འབྲེལ་བཀའ་བབ་བྱང་ཆུབ་མགོན་པོ་ཡིན། མཚན་ནི་ཁོང་གི་སྣག་དབོན་ཡིན་པའི་ངེས་ཤེས་ཡང་དག་རྙེད་ཐུབ། དེ་བས་གོང་གི་ཡོན་ཏན་དཔལ་གྱི་ལོ་རྒྱུས་དངོས་ལས་བྱང་ཆུབ་མགོན་པོའི་རུས་དབོན་ཡིན་པར་བརྗོད་པ་དེ་ནི་འཁྱོགས་བརྗོད་མིན་པའི་ བདེན་པའི་ལོ་རྒྱུས་སུ་མཐོང་ངོ་།། ༢ འབའ་རོམ་དར་མ་དབང་ཕྱུག་གི་འཁྲུངས་འདས་ཀྱི་ལོ་ཚིག་ འགའ་ལ་དཔྱད་པ། འབའ་རོམ་དར་མ་དབང་ཕྱུག་གི་སྐྱེས་ལོ། རབ་བྱུང་གཉིས་པའི་སྤྱི་ལོ་ ༡༡༢༧རབ་མིག་མེ་ལུག་ལོར་འཁྲུངས་པ་ལོ་རྒྱུས་ཕལ་མོ་ཆེ་ལས་ཡོངས་གྲགས་ལྟར་དོགས་གནས་མེད་ལ། འབའ་རོམ་དར་མ་དབང་ཕྱུག་ གིས་འབའ་རོམ་དགོན་ཐོག་མར་བཏབ་པའི་ལོ་ཚིགས་ལ་མི་འགྲིགས་པ་མཆིས་ཏེ། ཁ་གཅིག་གིས་དྭགས་པོའི་འདས་ལོ་སྟེ། སྤྱི་ལོ་༡༡༥༣ ལོར་བཏབ་པར་འདོད་པ་དང་《བོད་རྒྱ་ཚིག་མཛོད་》ལས་ཀྱང་དེ་ལྟར་ སྣང་ལ།འགའ་ཞིག་གིས་དར་མ་དབང་ཕྱུག་དགུང་ལོ་༣༤བཞེས་པའི་ ལོ་སྟེ་སྤྱི་ལོ་༡༡༦༠ལ་འབའ་རོམ་དགོན་བཏབ་པར་བཞེད། _________  ད་ལྟའི་༢༠༡༠ལོའི་བར་མི་ལོ་༨༨༤འདས། སྔ་མ་ལྟར་ན་ལོ་ཚིགས་དང་ལོ་རྒྱུས་མི་འགྲིགས་པའི་སྐྱོན་མཆིས་ཤིང་། ཕྱི་མའི་འདོད་ཚུལ་ཡིན་ན་རྒྱུ་མཚན་འདུག་སྟེ། སྤྱིར་དར་མ་དབང་ ཕྱུག་དྭགས་པོ་རིན་པོ་ཆེ་སྐུ་མ་གཤེགས་ཀྱི་བར་དུ་ཞབས་ཕྱིར་སྡད་ པ་ཡིན་ལ། སྤྱི་ལོ་༡༡༥༣རབ་མེ་ཆུ་བྱ་ལོར་དྭགས་པོ་དགུངས་ལོ་༧༥ བཞེས་ཏེ་གཤེགས་པ་ཡིན། དེ་དུས་དར་མ་དབང་ཕྱུག་དགུང་ལོ་ ༢༧ཡིན། དེའི་ཕྱི་ལོར་འབའ་རོམ་དུ་བྱོན་ནས་ལོ་བདུན་ལ་སྒྲུབ་པ་ མཛད་ཅེས་《ལྷོ་རོང་ཆོས་འབྱུང་》ལས་གསལ་ཞིང་།《འབའ་རོམ་ ཆོས་འབྱུང་》དང་《གསེར་ཕྲེང་》སོགས་ལས་ཀྱང་དྭགས་པོ་རིན་པོ་ ཆེ་འདས་རྗེས་སུ་བྱང་འབའ་རོམ་དུ་ཕེབས་པར་གསུངས་པ་དང་། དེ་ནས་རྫ་རིན་ཆེན་སྤུངས་པ་དང་། མདོ་ཡི་བྲག་སོགས་ལ་དྲང་སྲོང་ ལྟ་བུ་གཅིག་པུར་སྒྲུབ་པ་མཛད་ཅེས་གསུངས་འདུག་པ་སོགས་ལ་གཞིག་ན། དར་མ་དབང་ཕྱུག་གིས་དྭགས་པོ་རིན་པོ་ཆེ་སྐུ་གཤེགས་རྗེས་ ཀྱི་ལོ་ཕྱི་མ་དེ་ནས་བཟུང་ལོ་བདུན་ལ་སྒྲུབ་པ་མཛད་པའི་ལོ་དེའི་བར་དར་མ་དབང་ཕྱུག་དགུངས་ལོ་༢༨ནས་༣༤བར་ཡིན། ལོ་དེ་དག་གི་ རིང་ལ་ཁོང་གིས་རྒྱགས་སྐྱེལ་ཞང་བཙུན་འབྱུང་གནས་མ་གཏོགས་སུས་ཀྱང་མ་མཐོང་བར་དྲང་སྲོང་ལྟ་བུར་གཅིག་པུར་སྒྲུབ་པ་མཛད་ཅེས་གསལ་བ་ལྟར་ན། དར་མ་དབང་ཕྱུག་གིས་དགུང་ལོ་༣༤་བཞེས་ པའི་ལོ་སྟེ། སྤྱི་ལོ་༡༡༦༠ལོ་དེར་འབའ་རོམ་དགོན་བཏབ་པར་འདོད་ པ་ནི་དགོངས་པ་ཅན་ཡིན་ནམ་སྙམ་མོ།། ཡང་འབའ་རོམ་དར་མ་དབང་ཕྱུག་གི་འདས་ལོ་ལ་ཡང་བཤད་ཚུལ་ མང་པོ་འདུག་སྟེ། 《འབའ་རོམ་ཆོས་འབྱུང་》དང་《འབའ་རོམ་གསེར་ ཕྲེང་》སོགས་ལོ་རྒྱུས་ཕལ་མོ་ཆེ་ལས་དགུང་ལོ་༧༢བཞེས་པ་རབ་མེ་ ས་རྟ་སྤྱི་ལོ་༡༡༩༨ས་ག་ཟླ་བའི་ཚེས་གཉིས་ཀྱི་ནུབ་མོ་ནམ་གུང་འདས་་པར་བཞེད། 《ལྷོ་རོང་ཆོས་འབྱུང་》ལས་༡༡༩༩ རབ་མེ་ས་ལུག་ལོར་ འདས་པར་བཤད། 《ཁམས་སྟོད་ལོ་རྒྱུས་》ལས་༡༢༠༠ལོར་འདས་ཟེར། ཀརྨ་ཕྲིན་ལས་ཀྱིས་འབའ་རོམ་དར་མ་དབང་ཕྱུག་སྤྱི་ལོ་༡༢༠༣ ལ་་ དགུང་ལོ་༧༧བཞེས་ནས་འདས་པར་གསུངས། གོང་གི་ལོ་ཚིགས་ཁག་ མི་མཐུན་པ་བཞི་ཙམ་བྱུང་བ་དེ་དག་ལས་ཡོངས་གྲགས་འབའ་རོམ་ དར་མ་དབང་ཕྱུག་དགུང་ལོ་༧༢བཞེས་པ་རབ་མེ་ས་རྟ་སྤྱི་ལོ་༡༡༩༨ས་ག་ཟླ་བའི་ཚེས་གཉིས་ཀྱི་ནུབ་མོ་ནམ་གུང་འདས་པར་འདོད་་་ལ་དེ་དག་དཔྱད་གཞི་རུ་བཀོད་པ་ཡིན་ནོ།།

_________  ད་ལྟའི་༢༠༡༠ལོ་རབ་མི་ལོ་༨༡༢འདས།

༣ ལོ་ཚིགས་འགའ་ལ་དཔྱད་པ། ཁམས་སྟོད་ལོ་རྒྱུས་སྨད་ཆ་ནང་གི་རྒ་རྗེའི་གདུང་ལས་བྱོན་པའི་གསང་་ བ་ལུས་མེད་རྡོ་རྗེ་མཆོག་གི་རིགས་དབོན་བྱང་ཆུབ་གཞོན་ནུའི་རྣམ་ ཐར་ལས། བྱང་ཆུབ་གཞོན་ནུས་སྤྱི་ལོ་༡༡༩༢རབ་མདའ་ཆུ་འབྲུག་ལ། གསེར་སྡོང་ཆེན་མོའི་གཡོན་ངོས་སུ་ལུས་མེད་རྡོ་རྗེའི་གདུང་འབུམ་དང་། ལྷ་ཁང་འབུམ་ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་ སྐུ་ཆེན་མོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་བསམ་ལས་འདས་ པ་བཞེངས་ཞེས་པའི་ལོ་ཚིགས་གཟི་བརྗིད་ཅན་ཞིག་དང་། ལོ་ཁམས་ སྙན་མོ་ཞིག་འོལ་ཚོད་ཀྱིས་བཙན་བསྒྲིགས་བྱས་འདུག ལོ་ཚིག་དེ་ ནི་བྱང་ཆུབ་གཞོན་ནུ་མ་འཁྲུངས་སྔོན་གྱི་རང་བྱུང་གསུམ་པའི་སྐོར་ཡིན་ལ། རབ་མདའ་ཆུ་འབྲུག་ཞེས་པའང་ནོར་ཏེ། ༡༡༩༢ཀྱི་དབང་ དུ་བྱས་ན་རབ་མདའ་ཆུ་འབྲུག་མ་ཡིན་པར་ཡོངས་འཛིན་ཞེས་པ་་ ཆུ་ཕོ་བྱི་བའི་ལོ་ཡིན་ནོ།། བྱང་ཆུབ་གཞོན་ནུ་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ་༡༢༥༤ལ་འཁྲུངས་པ་ལོ་རྒྱུས་ཀུན་ལས་ཡོངས་གྲགས་ལྟར་ཡིན་ལ། གོང་གི་ལོ་ཚིགས་ དེ་དག་ལོ་རྒྱུས་སྨྲ་བ་པོས་ཐུགས་ཉམས་མ་བཞག་པ་འམ། འོལ་ཚོད་ ཀྱིས་བྲིས་པའམ། ཡང་ན་ཁུངས་ལྡན་གྱི་ལོ་རྒྱུས་མ་གསན་པ་སོགས་ གང་ཡིན་མི་ཤེས་ཀྱང་ནོར་འཁྲུལ་ཞིག་སྟེ། ཚད་མའི་ལོ་རྒྱུས་《ཆོས་ འབྱུང་གསལ་བྱེད་སྒྲོན་མེ་》སོགས་ལས། བྱང་ཆུབ་གཞོན་ནུས་གསེར་ གདོང་ཆེན་མོའི་གཡོན་ངོས་སུ་གདུང་འབུམ་དང་། ལྷ་ཁང་འབུམ་ ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་སོགས་སྐུ་ གསུང་ཐུགས་ཀྱི་རྟེན་མཆོད་བསམ་ལས་འདས་པ་བཞེངས་ཞེས་གསུངས་པ་ལྟར་དོན་དངོས་ཀྱི་ལོ་རྒྱུས་མ་ནོར་བ་དེ་ལྟར་ལགས་སོ། ། ད་དུང་《ཁམས་སྟོད་ལོ་རྒྱུས་》ལ་ཞིབ་པར་བལྟས་ན་དོགས་གཞི་དང་། ཡིག་ནོར་ཧ་ཅང་མང་པོ་ཞིག་འདུག་ཀྱང་འདིར་མ་སྤྲོས་སོ།། སྤྱིར་ལོ་རྒྱུས་སྨྲ་བ་ལ་ང་ཁྱོད་ཕྱོགས་སུ་མ་ལྷུང་བས་དངོས་ཀྱི་ལོ་རྒྱུས་ཇི་ལྟར་བྱུང་བ་དེ་གློག་བརྙན་བླང་པ་བཞིན་སྒྲོ་འདོགས་དང་། སྐུར་ འདེབས་སོགས་ཀྱིས་མ་ལྷད་པར། སྐྱོན་དང་ཡོན་ཏན་གང་ཡིན་ཡང་ དྲང་པོར་བརྗོད་པ་ནི། ལོ་རྒྱུས་སྨྲ་བའི་ཆེས་ཚད་གཞི་ཞིག་རེད། དེ་ ལ་ཡང་ལོ་ཚིགས་ནི་ལོ་རྒྱུས་དང་ལོ་ཚིགས་ལ་སྒྲོ་སྐུར་བྱས་པའམ།འོལ་ཚོད་ཀྱིས་བྲིས་པ་སོགས་ཀྱིས་ཆད་ལྷག་གང་རུང་བྱུང་ཚེ། དོན་ དངོས་ལོ་རྒྱུས་ཀྱི་སྲོག་རྩ་ཆད་ཚར་བ་ཡིན་པས། དེ་འདྲའི་ལོ་རྒྱུས་ ནི་སྲོག་མེད་ཀྱི་བེམ་པོ་ལྟ་བུ་རེད། དེ་བས་ལོ་རྒྱུས་སྨྲ་བ་པོས་ཐུགས་ ཉམས་བཞག་སྟེ། དྲང་བདེན་གྱིས་ལོ་རྒྱུས་ལ་ཞིབ་འཇུག་དང་སྨྲ་ བ་གལ་ཆེའོ།། ༢༠༠༩/༩/༢༠










ལེགས་བཅོས་རང་བཞིན།














དགེ་སློབ་གཉིས་ཀྱི་ལག་ལེན།

དེ་ཡང་དགེ་སློབ་གཉིས་ཀྱི་ལག་ལེན་ཅུང་ཟད་བརྗོད་པ་ལ་གཉིས། དགེ་རྒན་གྱིས་སློབ་ཁྲིད་ཇི་ལྟར་བྱེད་ཐབས་དང་། སློབ་མས་ཇི་ལྟར་སྦྱང་ བརྩོན་བྱེད་ཐབས་སོ།། དང་པོ་དགེ་རྒན་གྱིས་སློབ་ཁྲིད་ཇི་ལྟར་བྱེད་ཐབས་ལ་སྦྱོར་དངོས་འཇུག་གསུམ་ལས། སྦྱོར་བ་སློབ་ཁྲིད་ཀྱི་གྲ་སྒྲིག་ཇི་ལྟར་བྱེད་པའི་ཐབས་ལ། དང་ པོ་རྒན་རང་ཉིད་ཚད་དང་ལྡན་པ་བྱ་དགོས་སྟེ་རིག་པའི་གཞུང་ལུགས་ཀུན་ ལ་སྦྱང་འབྲས་ཐོན་པ་ཞིག་མ་བྱུང་ན་གཞན་ལ་སྟོན་པའི་ཚུལ་བྱེད་པ་ནི། ནམ་ཞིག་རྗེས་ངན་གསལ་བར་འགྱུར་བ་ཞིག་སྟེ། ཇི་སྐད་དུ། དབྱངས་ ཅན་གྲུབ་པའི་རྡོ་རྗེས། འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་ པའི་གྲལ་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན་ཞེས་དང་། ནམ་ཞིག་ རྗེས་ངན་གསལ་བར་འགྱུར་ཞེས་གསུངས་པ་ལགས་པས། ཐོག་མར་རྒན་རང་ ཉིད་ཚད་དང་ལྡན་པར་བྱས་ཏེ། སློབ་ཁྲིད་ཀྱི་དངོས་གཞི་ལ་འབྲས་བུ་བཟང་ པོ་འབྱུང་བའི་ཐབས་སྦྱོར་བ་སློབ་ཁྲིད་ཀྱི་གྲ་སྒྲིགས་བྱེད་ཐབས་འདི་གནད་ དུ་བཟུང་བ་གལ་ཆེ། འདིར་སློབ་ཁྲིད་གྲ་སྒྲིག་གི་གྲུབ་ཆ་རྣམས་མཚོན་ བྱེད་ཙམ་བརྗོད་ན། ༡ ཐོག་མར་སློབ་ཕྲུག་རྣམས་ལ་སྔོན་གྱི་བྱུང་བ་དང་སྦྲག འདས་པའི་ལོ་ རྒྱུས་ཀྱི་ཆག་གྲུམ་དང་། ད་ལྟའི་གནས་བབ་ཀྱི་འོས་འགན། མ་འོངས་མདུན་ ལམ་སོགས་ཀྱི་སློབ་གསོའི་བག་ཆགས་འཇོག་པ་ནི་སློབ་བུ་རྣམས་ལ་རིགས་་ ཞེན་དང་། ཤེས་རིག་ལ་འདུན་པའི་བག་ཆགས་ཟབ་མོ་ཐེབས་པའི་ཆེད་དུ་ཡིན། དེ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ནི། སློབ་མ་རྣམས་ལ་མི་གཞི་ལེགས་པོ་ ཞིག་ཆགས་ཐུབ་པའི་ཆེད་དུ། ཀུན་སྤྱོད་དང་། བསམ་བློ་ལེགས་ལམ་དུ་ བསྒྱུར་བའི་སློབ་གསོ་ལ་གཞི་འཛིན་དགོས་སོ།། ༢ སློབ་ཅིང་འཁྲིད་པའི་ཐབས་ལ་ཐོག་མར་གཞུང་ངམ་སློབ་ཚན་གང་ཡིན་ གྱིི་འགོ་ནས་མཇུག་པར་ཁ་བྱང་དང་། ས་བཅད། ཚིག་དོན་རྣམས་སློབ་མ་ རྣམས་ལ་མགོ་མི་འཁྲུགས་པའི་ཕྱིར་ངོ་སྤྲོད་མདོར་བསྡུས་ཞིག་བྱས་ཏེ་རྣམ་ དཔྱོད་ཡངས་པའི་གཞིར་བྱེད་པ་ནི་སློབ་ཁྲིད་ཀྱི་འཆར་གཞི་ཡིན། ༣ སློབ་ཚན་སོ་སོའི་ནང་གི་བརྗོད་བྱ་གཙོ་བོ་རྣམས་ཡང་ཡང་བསྐྱར་ཟློས་་་་་ ཀྱིས་སློབ་མའི་རྒྱུད་ལ་ངེས་ཤེས་སྐྱེ་བར་བྱེད་དགོས་པར་མ་ཟད། སློབ་ ཁྲིད་ཀྱི་དཀའ་གནད་རྣམས་བློར་འཛིན་པ་དང་། འབྲི་སྦྱོང་བྱེད་པ་ནི་སློབ་ ཁྲིད་ཀྱི་དོན་དུ་གཉེར་བྱ་གཙོ་བོ་ཡིན། ༤ འཆད་ཁྲིད་ཀྱི་དུས་ཡུན་གཙོ་བོ་སློབ་མའི་ཁམས་མོས་དང་བསྟུན་ནས་ ཉིན་རེ་བཞིན་ཁྲིད་བྱའི་སློབ་ཚན་མང་ཉུང་ཡང་གང་བདེ་བྱེད་དགོས། དཔེར་ན་སློབ་མ་རྣམས་སློབ་ཁྲིད་ལ་སྤྲོ་བས་སུན་པ་མེད་པའི་སྐབས་སུ་་ཅུང་ཟད་རྒྱས་པའི་སློབ་ཁྲིད་བྱེད་པ་དང་། ཡང་སློབ་མ་རྣམས་སློབ་ཁྲིད་ ལ་སུན་པ་སྐྱེ་བའི་སྐབས་སུ་སློབ་ཁྲིད་ཅུང་ཟད་ཐུང་དུ་བཏང་ནས། སློབ་ མ་རྣམས་ལ་ངལ་གསོའི་གོ་སྐབས་སྤྲད་པ་དང་། སླར་ཡང་སློབ་གསོའི་ཤེས་ ཡོན་ལ་སྦྱང་པའི་སྤྲོ་བ་སྐྱེ་རུ་འཇུག་པ་སོགས་སློབ་ཁྲིད་ཀྱི་དུས་ཡུན་དམ་ འཛིན་བྱེད་དགོས་པ་ལས་རང་གིས་གང་འདོད་བྱེད་རྒྱུ་མེད། ༥ སློབ་ཁྲིད་ཀྱི་བརྒྱུད་རིམ་གཞུང་ངམ་སློབ་ཚན་གང་ཡིན་གྱི་འགོ་ནས་ མཇུག་བར་བརྗོད་དོན་གཙོ་བོར་བཟུང་སྟེ་སློབ་ཁྲིད་དམ་འཛིན་བྱེད་དགོས་ལ། དེ་དག་ནི་དངོས་གཞི་སློབ་ཁྲིད་ལ་འབྲས་བུ་བཟང་པོ་འཕེལ་བའི་ སྔོན་འགྲོའམ་སྦྱོར་བ་སློབ་ཁྲིད་ཀྱི་གྲ་སྒྲིག་ཇི་ལྟར་བྱེད་པའི་ཐབས་སོ།། ༢༽ དངོས་གཞི་སློབ་ཁྲིད་བྱེེད་སྟངས་སྐབས་སུ་བབས་པའི་ཁྲིད་བྱ་གང་ ཡིན་པ་དེ་ཉིད་ས་པཎ་གྱིས། ཚིག་དོན་རྣམ་པར་ཕྱེས་ཏེ་བསྟན་ཞེས་དང་། ལྷག་ཆད་ནོར་འཁྲུལ་མེད་པར་བཤད། ཅེས་གསུངས་པ་ལྟར་བརྗོད་བྱེད་ ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་ཀ་སློབ་མ་རྣམས་ལ་ཆད་ལྷག་ནོར་འཁྲུལ་་ མེད་པར་བཤད་དགོས་པར་མ་ཟད། ད་དུང་སློབ་མ་རྣམས་ལ་སྤྲོ་བ་སྐྱེད་ པའི་གཏམ་རྒྱུད་དང་། ཤེས་རབ་འཕེལ་བའིི་དོགས་སློང་། བློ་སྒོ་འབྱེད་ པའི་དྲི་བ། དཀའ་གནད་སེལ་བའི་སློབ་སྟོན་སོགས་གང་ལ་གང་འཚམ་་་་ གྱིས་ཤེས་བྱའི་གནས་ལ་སྤྲོ་བའི་བག་ཆགས་འཇོག་པ་དང་། དེ་དག་འཆད་ པའི་སྐབས་སུ་ཡང་ཕན་སེམས་དང་། སྐྱོ་ངལ་མེད་པས་བཤད་དགོས་པ་ལས། ཕྱོགས་རིས་ཀྱིས་བཤད་པ་དང་། ཐེ་ཚོམ་གྱིས་བཤད་པ། གོང་འོག་ནོར་ནས་ བཤད་པ། ཚིག་དང་བརྡ་ལེགས་པར་མི་སྤྲོད་པ། སྣ་ཟིན་སྤུ་ཟིན་དུ་བཤད་ པ་སོགས་སྤངས་དགོས་པ་ཞིག་ཡིན་ཏེ། འཇམ་མགོན་ས་པཎ་གྱིས་འཆད་ པའི་སྐྱོན་རྣམས་སྤངས་ནས་ནི། །ཤིན་ཏུ་བརྩེ་བའི་བསམ་པས་བཤད། ། ཅེས་གསུངས་པ་ལྟར་སློབ་བུ་རྣམས་ལ་རང་གི་བུ་ལྟར་ཤིན་ཏུ་བརྩེ་བའི་བསམ་་ པས་བཤད་དགོས་ཤིང་། ཉིན་རེའི་སློབ་ཁྲིད་ཀྱི་རྗེས་སུ་དུས་ཚོད་ཐུང་ངུ་ རེ་བེད་སྤྱད་དེ། སློབ་མ་རྣམས་ལ་གོང་གི་སློབ་ཁྲིད་དེ་དག་གི་དཀའ་གནད་ རྣམས་ཡང་བསྐྱར་དྲི་བ་དྲིས་ལན་གམ། རེ་རེ་བཞིན་དག་ཐེར་བྱེད་པ་གང་ རུང་གིས་གཙོ་གནད་རྣམས་དྲན་གསོའི་ཚུལ་དུ། བསྐྱར་སྦྱོང་བྱས་ན་སློབ་ མའི་རྒྱུད་ལ་འབྱོར་བའི་ཕན་ཐོགས་ཆེན་པོ་ཡོད་དོ།། ༣༽ མཇུག་ཏུ་སློབ་ཁྲིད་ཀྱི་ལག་ལེན་ཇི་ལྟར་ལེགས་གྲུབ་བྱེད་པའི་ཐབས་ ནི། གོང་དུ་ཁྲིད་ཟིན་པའི་སློབ་ཚན་དེ་དག་སློབ་བུ་རྣམས་ལ་སྦྱངས་ འབྲས་ལེགས་པོ་ཐོབ་ཆེད་ཤེས་པར་བྱ་བའི་གཙོ་གནད་དག་ཕྱོགས་བསྡོམས་་་བྱས་ཏེ་སྦྱང་རྩོན་རང་ཚུགས་ཐུབ་པ་བྱེད་དགོས། སློབ་མ་རྣམས་ལ་ ཡོན་ཏན་ཇི་ལྟར་ལོབས་མིན་དགེ་རྒན་ལ་རག་ལས་པས་སློབ་མའི་ཡོན་ཏན་ཞན་ན་དགེ་རྒན་གྱི་གསོ་སྐྱོང་དམན་པའི་སྐྱོན་ཡིན། དེ་ལྟར་སྦྱོར་དངོས་ མཇུག་གསུམ་གྱི་ལག་ལེན་ཇི་བཞིན་སྒྲུབ་པ་ནི་དགེ་རྒན་གྱི་བྱ་བ་ཡོངས་་ སུ་ལེགས་གྲུབ་བྱེད་པའི་ཐབས་སོ།། གཞན་ཡང་བྱིས་པ་ཇི་ལྟར་གསོ་སྐྱོང་བྱེད་ཐབས་《ཨ་རི་བས་བྱིས་པར་སློབ་ གསོ་སྤྲོད་ཐབས་ཁྲིམས་སྲོལ་བཅུ་གཅིག་》དང་།《བྱིས་པའི་ནོར་འཁྲུལ་ བཅོས་ཐབས་བདུན་》སོགས་ལ་ལྟས་ན་ཤེས་པར་འགྱུར། བྱིས་པ་ནི་མ་ འོངས་པའི་བརྒྱུད་འཛིན་ཡིན་པས། མ་འོངས་པར་དར་རྒུད་ཅི་བྱེད་བྱིས་ པ་ཚོར་རག་ལས་ཡོད་ལ། མ་འོངས་པར་རེ་བ་ཡོད་ཚད་བཅོལ་ས་ནི་ན་ ཆུང་བྱིས་པ་དག་ཡིན་པས། ཕ་མ་དང་དགེ་རྒན་སུ་ཞིག་ཡིན་ཡང་བྱིས་པར་ ཧ་ཅང་མཐོང་ཆེན་བྱེད་དགོས། ལྷག་པར་དུ་བྱིས་པ་ལ་དེང་རབས་ཀྱི་སློབ་གསོ་སྤྲོད་ཕྱོགས་ཀྱི་ལག་ལེན་གྱིས་བྱིས་པའི་ནོར་འཁྲུལ་ཡོ་བསྲང་དང་། ལེགས་ལམ་དུ་བཀྲི་བའི་ཐབས་ ལ་བརྩོན་དགོས། བྱིས་པའི་ཕུགས་བསམ་དང་སྙིང་སྟོབས་ལ་གནོད་པའི་ འཇིགས་སྐུལ་དང་ཅར་རྡུང་བྱེད་པ་སོགས་བྱེད་མི་རུང་། བྱིས་པ་ནི་གསར་ སྐྱེས་ཀྱི་ལྗང་སྨྱུག་དང་འདྲ་བས། དེ་ལ་འཇམ་པོའི་སྒོ་ནས་སློབ་གསོའི་ཆར་ ཆུ་སྦྱིན་པ་ལས། གཅར་རྡུང་གིས་འབུར་འཇོམས་གཏན་ནས་བྱེད་མི་ ཉན། མདོར་ན་དགེ་རྒན་གྱིས་བྱིས་པར་རིག་གནས་ཡག་པོ་ཞིག་སྦྱང་བརྩོན་བྱེད་ དུ་འཇུག་དགོས་པ་ནི་སྨྲ་མི་དགོས་ལ། དེ་ལས་ཀྱང་ནང་གི་བསམ་བློ་ དང་། ཕྱི་ཡི་ཀུན་སྤྱོད་གང་གི་ཐད་ནས་ཡིན་ནའང་གཞུང་དྲང་། ཚུལ་ མཐུན་དུ་ཆགས་ཐུབ་པ་བྱ་རྒྱུ་དང་། མི་བུ་འཇོན་ནུས་ལྡན་པ་ཞིག་སྐྱེད་ བསྲིང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ངོ་།། གཉིས་པ། སློབ་མས་ཇི་ལྟར་སྦྱང་བརྩོན་བྱེད་ཐབས་ལ་ཇི་སྐད་དུ། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་སླ་བ་ཞེས་གསུངས་ པ་ལྟར་རང་གི་བློ་དང་འཚམ་པའི་སྦྱང་བརྩོན་བྱེད་དགོས་པ་དང་། སློབ་ མ་དེ་ཡང་མཚན་ཉིད་དང་ལྡན་པས་སློབ་ཁྲིད་ཀྱི་སྐབས་སུ་འདུ་ཤེས་ལྔ་ལྡན་གྱི་སྒོ་ནས་སྤངས་བྱའི་གནས་དུ་མ་ཡོད་པ་ལས་སྣོད་ཀྱི་སྐྱོན་གསུམ་ དྲི་མ་དྲུག་མི་འཛིན་པ་ལྔ་སོགས་སྤངས་མ་ཐུབ་ན་སློབ་ཁྲིད་མགོ་མེད་_

___________________ རང་ལ་ནད་པའི་འདུ་ཤེས། དགེ་རྒན་ལ་སྨན་པའི་འདུ་ཤེས། ཤེས་བྱ་ལ་སྨན་གྱི་འདུ་ཤེས། དགེ་རྒན་གྱི་སློབ་ཁྲིད་གནང་ བ་ལ་གནད་བཅོས་པའི་འདུ་ཤེས། རང་ཉིད་ཀྱིས་བསླབ་བྱའི་དོན་རྟོགས་པ་ལ་ནད་ལས་གྲོལ་བའི་འདུ་ཤེས། རྣ་བ་མི་བཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་བརྡོལ་ལྟ་བུའི་སྐྱོ། །ཉོན་མོངས་དང་འདྲེེས་དུག་ཅན་ལྟ་བུའི་སྐྱོན། གནམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེེད་པ་དང་། །ཕྱི་རོལ་གནམ་གཡེང་ནང་དུ་སྡུད། ། སྐྱོ་བས་ཉན་པ་དྲི་མ་ཡིན།། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། ལོག་པར་འཛིན་པ། མ་ལུས་པར་མི་འཛིན་པ། གཞུག་མེད་དུ་སོང་ནས་རང་གི་རྒྱུད་ལ་ཡོན་ཏན་ཅི་ཡང་ཐོབ་མི་ཐུབ་པར་་ མ་ཟད། དུས་ཚོད་ཇི་སྙེད་ཆུད་ཟོས་སུ་འགྲོ་བ་ལས་ཉིན་རེ་བཞིན་ཡར་ཐོན་ ཅི་ཡང་མེད་དོ།། སློབ་ཁྲིད་ཉན་པ་ལ་འདུན་པ་རབ་ཏུ་རྩེ་གཅིག་པས་ཉན་དགོས་ཏེ་དཔེར་ན། གཡག་ལྟོག་གིས་རྩ་ཟོས་པའམ་སྐོམ་པས་ཆུ་འཐུང་བ་ལྟ་བུ་ཞིག་དགོས་པར་གསུངས། དེ་ལྟར་སློབ་ཁྲིད་སྐབས་ཀྱི་སྤངས་བླང་ལེགས་པར་བྱེད་པ་ནི་ ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བའི་ཐབས་དམ་པ་ཞིག་གོ། གཞན་ཡང་སློབ་སྦྱོང་གི་སྐབས་སུ་བརྩོན་པ་ནམ་ཡང་ལྷོད་མི་ཉན། དཀའ་ བ་ཇི་ལྟར་འཕྲད་ནའང་སློབ་སྦྱོང་ལ་དཀའ་སྤྱད་དང་སྡུག་རུས་བྱེད་དགོས་ཏེ་ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག། །བདེ་བར་སྡད་ན་མཁས་ མི་སྲིད་ཅེས་གསུངས་པ་ལྟར་ཡིན་ལ། སློབ་སྦྱོང་གི་སྐབས་སུ་བརྩོན་འགྲུས་ ཞན་པའི་མི་ལ་ཡོན་ཏན་རྒྱུད་ལ་མི་འབྱོར་བ་དང་། མི་ཚེ་སྟོང་ཟད་དུ་འགྱུར་ བ་ཡིན། དེ་བས་ཤེས་བྱའི་ཕ་མཐའ་བརྒལ་བར་བརྩོན་འགྲུས་ཀྱི་རྟ་མཆོག་དང་ འགྲོགས་ནས་ད་གཟོད་མཁས་པའི་གོ་སར་སྙེགས་པ་ཡིན་པས། གང་ཞིག་མཁས་ པར་འདོད་པ་དེས་ཤེས་བྱའི་ཕ་མཐའ་བརྒལ་བར་བརྩོན་གྲུས་ཀྱི་རྟ་མཆོག་་ལ་བརྟེན་དགོས་པ་ཤེས་པར་བྱའོ།། ༢༠༡༠/༧/༩


སྙན་ངག་ལས་འཕྲོས་པའི་བསམ་གཞིག

༡ དེ་ཡང་གངས་ཅན་བོད་ཀྱི་རིག་པའི་གནས་ཆེན་ཀུན་གྱི་ཡ་གྱལ་སྒྲ་རིག་པའི་བསྟན་བཅོས་ཀྱི་རྗེས་འབྲེལ་རིག་གནས་ཆུང་བ་ལྔ་ལས། ཚིག་རྒྱན་ཤེས་ ན་སྙན་ངག་ལ་མི་རྨོངས་ཞེས་པའི་སྙན་ངག་དེ་ཉིད་སྦྱང་དགོས་པའི་དོན་ དང་ཡོན་ཏན་ནི། མཉམ་མེད་ཙོང་ཁ་བས། ”རིག་ལམ་རྣམ་པར་འབྱེད་པའི་ རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་ རྣམ་གསུམ་སྣང་”ཞེས་གསུངས་པ་བཞིན་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ སྙན་ངག་ནི་རིན་ཆེན་རྣམ་གསུམ་གྱི་ཡ་གྱལ་ཞིག་ཡིན་པར་གསུངས་པ་ དང་། སློབ་དཔོན་ཙཎྡྲ་གོ་མིས”གང་ཕྱིར་མཁས་པའི་ལས་གསུམ་ལས། ། རྩོད་འཆད་ངག་ལ་མ་ངེས་པ”། ། ཞེས་སྙན་པའི་ངག་དང་མི་ལྡན་ན་མཁས་ པའི་བྱ་བ་གསུམ་ལས་རྩོམ་པའི་ལག་ཆ་བོར་བ་ཡིན་ཞིང་། མཁས་པའི་བྱ་ བ་གསུམ་ལས་མཆོག་ཏུ་གྱུར་པ་རྩོམ་པ་ལ་སྙན་ངག་མེད་དུ་མི་རུང་བ་ཡིན་ པར་བསྟན་ཡོད་པ་དང་། དབྱངས་ཅན་དགྱེས་རོལ་གྱིས། ”རྨད་བྱུང་ཚིག་ གི་ཉམས་འགྱུར་ཡིད་འོང་དེས། ། ས་གསུམ་བརྟན་པ་དབང་མེད་འཕྲོག་ ལ་ལྟོས། ཞེས་གསུངས་པ་བཞིན་ལེགས་བཤད་གང་བརྩམས་པ་དེའི་ཚིག་ སྦྱོར་འབྲེལ་ཆག་པ། གོ་བདེ་བ། སྙན་ཞིང་འཇེབས་པ། ཚིག་གི་ཆ་ལ་སྐྱོན་ མེད་པ། ཕ་རོལ་པོའི་ཡིད་དབང་མེད་འཕྲོག་པར་བྱེད་པ་སོགས་ཀྱི་ཁྱད་ ཆོད་ནི་སྙན་ངག་སྦྱང་པའི་ཡོན་ཏན་དང་། གཞན་ཡང་སྙན་ཞིང་འཇེབས་ པའི་ཚིག་སྦྱོར་ཕུན་སུམ་ཚོགས་པས། དེ་བཞིན་གཤེགས་པར་ཤྭོ་ལོ་ཀ་ གཅིག་གིས་བསྟོད་ན། བསྐལ་པ་དུ་མའི་བསོད་ནམས་གྱི་ཕུང་པོར་འགྱུར་ བ་སོགས་དགོས་པ་མཐའ་ཡས་པར་བཤད་དོ། །

དེ་ལས་ལྡོག་སྟེ་སྙན་ངག་མ་སྦྱང་བའི་སྐྱོན་ནི། སྐྱེས་རབས་ལས། ”མཚུངས་ མེད་རྒྱལ་བའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས་ ”ཞེས་དང་། ཟུར་མཁར་བས། ”རྒྱལ་པོ་ལང་ཚོའི་དྲེགས་གྱུར་ཅིང་། ། རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་ན། །བསྟན་ བཅོས་མཁས་ལ་རྩིས་སུ་མེད”། །ཅེས་དང་། ”ཡི་གེ་དག་དང་སྙན་ངག་ མི་ལྡན་ན། བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན”། ཞེས་སོགས་ གངས་ཅན་གྱི་མཁས་དབང་དུ་མས་སྙན་པའི་ངག་དང་མི་ལྡན་པའི་སྐྱོན་ མཐའ་ཡས་པ་གསུངས་ཡོད་དོ། ། ཡང་འགའ་ཞིག་གིས་སྙན་ངག་ཤེས་པ་ལ་དགོས་པ་ཅི་ཡང་མེད་དོ་ཟེར་ན་ མ་ཡིན་ཏེ། མཁས་འཇུག་ལས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་ རྟོགས་པ་ཡིན་པར་འདོད། ། ཅེས་གསུངས་པ་བཞིན་གང་ཞིག་མཁས་པར་ འདོད་པ་དེས་དང་པོ་རིག་པའི་གནས་ཆུང་ལྔ་ནས་བཟུང་སྟེ་རིམ་བཞིན་རིག་གནས་ཆེ་བ་དག་ལ་སྦྱང་བརྩོན་བྱེད་དགོས་ཤིང་། དེ་ནས་འཆད་ རྩོད་རྩོམ་གསུམ་གྱི་བྱ་བས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ་བ་ལས། ཚེ་བློས་གཏང་གི་བྱ་བ་ཐམས་ཅད་ཡོངས་སུ་བྲལ་ཞིང་རིམ་གཉིས་ ཀྱི་དོན་ལ་རྩེ་གཅིག་ཏུ་བརྩོན་པའི། རྗེ་བཙུན་མི་ལ་ལྟ་བུ་ཡིན་ན་མ་གཏོགས་ སོ་སྐྱེ་ལས་དང་པོ་བ་དག་ཐོག་མ་ཉིད་ནས་བྱ་རྒོད་ནམ་འཕང་གཅོད་པ་་ བཞིན་དགོས་ན་དཀའ་བར་སྣང་། ལམ་གྱི་རིམ་པ་དང་སྦྱར་བའི་སྦྱང་བརྩོན་ གྱིས་ཤེས་བྱའི་དེ་ཁོ་ན་ཉིད་ཇི་བཞིན་རྟོགས་པ་དེ་ལ་མཁས་པར་བྱ་བ་ཡིན་གྱི། དེ་ལས་ལྡོག་སྟེ་སྙན་ངག་དགོས་པ་མེད་པར་འདོད་པ་དང་། མཐོང་ ཆུང་གིས་མ་སྦྱང་བ་དག་གིས་རང་ཉིད་མཁས་པ་པཎ་ཊི་ཏ་ཆེན་པོ་ཡིན་པར་འདོད་ན། ཁྱོད་ཀྱིས་མཁས་པའི་བྱ་བ་གསུམ་ལས་རྩོམ་པའི་བྱ་བ་ ལ་འཇུག་པའི་ཚེ། རྩོམ་བཟང་ངན་སྙན་ངག་ཤེས་མི་ཤེས་ཀྱི་རྗེས་སུ་ འགྲོ་བས་སྙན་ངག་ནི་མཁས་པར་མེད་དུ་མི་རུང་བའི་ཤེས་བྱ་ཞིག་ཡིན་པ་རྟོག་ངེས་ཏེ། ”སྙན་ངག་མེད་པའི་མཁས་པ་ནེ་ཙོའི་ཀློག་དང་མཚུངས་”ཞེས་གསུངས་པ་ཇི་བཞིན་དང་། གང་ཞིག་བསྟན་བཅོས་རྩོམ་པ་ལ་སྙན་ ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་བྲལ་བ་ཞིག་སྦྱར་ན་ཇི་སྐད་དུ། ”དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་བོ་བ་ལང་ཉིད་བརྗོད་བྱེད་” ཅེས་སྙན་ངག་གི་བྲོ་བ་དང་མི་ལྡན་པའི་ཚིག་ཉེས་པ་ཅན་ཞིག་སྦྱར་ན།བསྟན་བཅོས་དེ་ཉིད་གཞན་གྱིས་དོར་བར་མ་ཟད། སྦྱོར་བ་པོ་ཡང་བ་ ལང་ཉིད་དུ་བརྗོད་པར་བྱེད་པ་སྟེ། བླུན་རྨོངས་མི་གཟུགས་ཅན་གྱི་བ་ ལང་ལྟ་བུར་གོ་བར་བྱེད་ཅེས་པའི་དོན་ཡིན་པས་དེ་ལྟ་བུ་དེ་ལ་ནི་མཁས་ པར་བྱ་བ་མ་ཡིན་ནོ།། ༣ གཞན་ཡང་ད་ལྟའི་བོད་ཀྱི་སྙན་ངག་པར་ཁས་འཆེ་བ་ཕལ་མོ་ཆེ་ཞིག་རང་ ཉིད་ཀྱི་ཁ་ཕྱོགས་གང་ཞིག་ཡིན་པའང་ཤེས་ཀྱིན་མེད་ལ། སྔོན་བྱོན་མཁས་ དབང་དུ་མར་སྐྱོན་བརྗོད་པ་གཟི་བརྗིད་དུ་སྒོམ་ནས། རང་ཉིད་ཀྱི་མཚན་ སྙན་དང་ཁེ་ཕན་ལ་དམིགས་པ་ཁོ་ནས་སྙན་ངག་པའམ་སྨྱུག་འཛིན་པ་ཞིག་ ཡིན་པར་རློམ་འདུག སྙན་ངག་པ་ཞིག་ཡིན་ན་ཐོག་མར་རང་ཉིད་ཀྱི་འོས་འགན་ཤེས་དགོས། ཁྱོད་ཀྱིས་སྨྱུག་གུ་ལག་ཏུ་བཟུང་བ་ནས་ངེས་པར་དུ་ཁ་ཕྱོགས་ཞིག་དང་མདུན་ལམ་ཞིག་ཡོད་དགོས་པ་དང་། དྲང་བདེན་གྱིས་རིག་གཞུང་སྲུང་ སྐྱོབས་ཆེད་དང་མི་རིགས་ལ་སྲི་ཞུ་སྒྲུབ་པའི་བསམ་བློ་ནི་ཆེས་ཐོག་མར་ མེད་དུ་མི་རུང་བ་ཞིག་ཡིན། གཞན་ཡང་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཀྱང་”བདེན་གཏམ་སྨྲ་བ་ནི་རྩོམ་པ་པོའི་ཆེས་ཚད་གཞི་ཞིག་རེད་”ཅེས་གསུངས་པ་བཞིན་ མ་མཐར་ཡང་རང་ཉིད་ཀྱི་སྨྱུག་གུ་ན་སྙན་དང་ཁེ་ཕན་གྱི་ཆེད་དུ་མི་བསྐྱོད་་་ པ་ཞིག་དགོས་པར་མཐོང་ལ། ཨ་རིའི་བླ་ན་མེད་པའི་སྙན་ངག་པ་ཝོད་ ཝེད་མེན་walt whi teman (དུས་རབསབཅུ་དགུ་ ༡༨༡༩ ལོར་སྐྱེས་ཤིང་། ཆུང་དུས་ནས་དམའ་ འབྲིང་གི་སློབ་གསོ་མྱང་སྟེ་རྩོམ་རིག་ལ་ཤིན་ཏུ་མོས་པ་ཞིག་ཡིན། འཛམ་གླིང་གི་རྩམ་ཆོས་མང་པོ་གཟིགས་ཤིང་དམངས་གཙོ་རིང་ ལུགས་སོགས་སྤྱི་ཚོགས་ཀྱི་བསམ་བློ་དང་ལེན་མཛད། དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུ་པའི་དུས་མགོ་ནས་བཟུང་རྩོམ་ རིག་གསར་རྩོམ་གྱི་མགོ་བརྩམས་ཤིང་།རྗེས་སུ་སྒྲུང་དང་སྙན་ངག་མང་པོ་སྤེལ། ཁོང་གིས་བརྩམས་པའི་སྙན་ངག་གིས་བྲན་གཡོག་ལམ་ ལུགས་དང་མི་རིགས་གཉའ་གནོན་ལ་ངོ་རྒོལ་བྱེད་པ་དང་། འབྱོར་ལྡན་གྲལ་རིམ་གྱི་ཡ་ང་བའི་གདུག་རྩུབ་དང་ཧམ་སེམས་ལ་སུན་ འབྱིན་དྲག་པོ་གནང་བ་དང་། མ་འོངས་བར་སྙིང་སྟོབས་ཀྱིས་ཁེངས་པས་དམངས་གཙོ་རིང་ལུགས་པའི་བསམ་བློའི་ཕྱོགས་ལྷུང་ མངོན་པར་གསལ།སྒྱུ་རྩལ་གྱི་རྣམ་པའི་ག་ཁོང་ལ་གསར་གཏོད་ཀྱི་ཐུགས་སྟོབས་ཆེས་ཆེར་ལྡན་པས། སྲོལ་རྒྱུན་སྡེབ་སྦྱོར་དམ་པོའི་དྲ་ རྒྱ་ལས་ཐར་ཏེ་རང་མོས་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་དུ་གྱུར། ཨ་རི་དང་ཡོ་རོབ་གླིང་གི་སྙན་ངག་འཕེལ་རྒྱས་ལ་ཤུགས་སྣོན་ ཆེན་པོ་བྱུང་བ་རེད།)གྱིས”སྙན་ངག་གིས་ངེས་པར་དངོས་ཡོད་སྤྱི་ཚོགས་མཚོན་དགོས་པ་དང་། དུས་རབས་ཀྱི་སྙིང་སྟོབས་བརྗོད་པ། ཡིད་འགུགས་ཀྱི་ནུས་ པ་དང་། བློ་འབྱེད་ཀྱི་ནུས་པ་ལྡན་དགོས་ཞེས་སོགས་ཁོང་གིས་སྙན་ངག་ གིས་ངེས་པར་མིའི་བློ་སེམས་འགུགས་པའི་ནུས་པ་ལྡན་དགོས་པ་དང་།འཚོ་བས་སྙན་ངག་གསར་རྩོམ་ལ་ནུས་ཤུགས་འདོན་ཐུབ་”ཅེས་གསུངས་ཡོད་པ་རེད། ད་ལྟའི་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་དང་། དུང་ཞེན་སོགས་ བརྗོད་བྱ་དོན་གྱིས་ཕྱུག་པའི་སྙན་ངག་གི་ལུས་ཡིད་དུ་འོང་བ་དེ་ཉིད་ལ་ཚིག་གི་རྒྱན་ཕུན་སུམ་ཚོགས་པས་ལེགས་པར་སྤྲས་ཏེ། ཉམས་འགྱུར་གྱི་ ལམ་ནས་སྟོན་ན་ད་གཟོད་ཀློག་པ་པོར་སེམས་འགུལ་ཐེབས་སྲིད་པར་མ་་ཟད། སྙན་ངག་གི་བྲོ་བ་མངར་མོ་ཞིག་མྱོང་ཐུབ་ཤིང་སྙན་གཞུང་ལས་ བསྟན་པའི་〈ལུས་〉དང་〈རྒྱན་〉ཞེས་པ་དེའི་ཁྱད་ཆོས་གསལ་པོར་ མཐོང་ངེས་སོ།། ༤ དེ་བས་ད་ལྟའི་དངོས་ཡོད་ཀྱི་འཚོ་བ་བརྗོད་བྱ་བྱས་ཏེ་བོད་ཀྱི་རྩོམ་རིག་་ཡར་རྒྱས་ལ་དོ་སྣང་བྱ་རྒྱུ་ནི་གལ་ཆེ་བར་མཐོང་སྟེ་དཔལ་དོན་གྲུབ་རྒྱལ་ གྱིས་”དེང་རབས་རྩོམ་གྱི་ལྷ་ལམ་ངོར། །སྒྱུ་རྩལ་འཕུར་མདའ་བགྲོད་པའི་ ཚེ། །སྟོད་པའི་བུང་བུ་ལ་ཞོན་ནས། །མཁའ་ལ་འཕུར་འདོད་ངལ་བའི་རྒྱུ་ ཞེས་གསུངས་པ་ལྟར་རྩོམ་རིག་གོང་འཕེལ་དུ་སྐྱོད་པ་ལ་དེང་རབས་སྒྱུ་རྩལ་ཕུལ་དུ་བྱུང་བའི་ཐབས་ལམ་ལ་བརྟེན་ནས་རང་རེའི་རྩོམ་རིག་གི་སྒྱུ་རྩལ་་ འཐོར་འདེགས་བྱེད་དགོས་ཚུལ་བསྟན་ཡོད་པ་དང་། རྩོམ་པ་པོ་སྐོར་ཞིག་ སྔོན་ལྟར“བསྟོད་ཚོགས”ཀྱི་རྩོམ་སྙིགས་ཁོ་ནར་རེ་སྙེག་བྱེད་པ་དག་ནི། དེང་རབས་ཁྱད་ཆོས་གསར་པའི་རྩོམ་རྩལ་གྱི་རྗེས་ནམ་ཡང་མི་ཆོད་པར་མ་ཟད། དེ་དག་ནི་ངལ་བའི་རྒྱུ་ཙམ་ལས་དོན་འབྲས་ཅི་ཡང་མེད་པར་ བསྟན་འདུག དེང་རབས་ཀྱི་སྒྱུ་རྩལ་ཕུལ་དུ་བྱུང་བའི་སྙན་ངག་གི་འགྲོས་སུ་བསྙེག་པ་ལ་ཨ་རིའི་སྙན་ངག་པ་ཝོད་ཝེད་མེན་གྱི་བླ་ན་མེད་པའི་ཕུགས་བསམ་དང་སྙིང་སྟོབས་ལས་ཐོན་པའི་སྙན་ངག་དང་། བོད་རང་གི་དེང་རབས་རྩོམ་ པ་པོ་དོན་གྲུབ་རྒྱལ་གྱི་རྩམ་ཆོས་ལྟ་བུ་ལ་དཔེ་ཟླ་བྱེད་པར་འོས་སུ་ཆེ་ལ། མདོར་ན་བོད་རང་གི་སྤྱི་ཚོགས་ཀྱི་འཚོ་བ་དང་། ཁོར་ཡུག་ལ་འབྲེལ་བ་ ཟབ་ཤིང་། སྤྱི་ཚོགས་ཀྱིས་ཁྱོད་ལ་སྐྲུན་པའི་ཉམས་མྱོང་དང་། ཁྱོད་ཀྱིས་ སྤྱི་ཚོགས་ལ་བཞག་པའི་བག་ཆགས་ཟབ་མོས་དགའ་སྐྱོ་དང་། ཕུགས་ བསམ་སོགས་ཁྱོད་ཀྱིས་བརྗོད་བྱ་དོན་གྱི་ཕྱུག་པར་འགྱུར་ལ། སྙན་ངག་ གསར་རྩོམ་བྱེད་པ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེ་བས་འདིར་ ཨ་རིའི་སྙན་ངག་པ་ཝོད་ཝེད་མེན་waltwhitemanགྱིས་བརྩམས་་ པའི་སྙན་ངག་ཁག་གཅིག་དཔེ་བརྗོད་ཀྱི་ཚུལ་དུ་བཀོད་ན་འདི་ལྟར། “ཁྱེད་ཀྱི་ཆེད་དུ་ཡིན་ཏེ། ཨེ་མ། དམངས་གཙོ་ལགས། ངས་སྐད་ངག་འདར་ གྱིན་སྙན་ངག་གླུ་རུ་ལེན་”སོགས་ཀྱིས་དམངས་གཙོ་དང་རང་དབང་ལ་་བསྟོད་གླུ་ཕུལ་ཡོད་ཅིང་། བྲན་གཡོག་ལམ་ལུགས་དང་། མི་རིགས་གཉའ་ གནོན་ལ་ངོ་རྒོལ་གནང་བ་དང་། ཐུགས་སྤྲོ་བས་མི་རིགས་འདྲ་མཉམ་གྱི་ ཐོབ་ཐང་ལ་དད་མོས་མཛད་དེ། རང་བྱུང་ཁམས་གྱི་ངལ་རྩོལ་པར་བསྔགས་ བརྗོད་གནང་བ་སོགས་ཁོང་གིས་བླ་ན་མེད་པའི་ཕུགས་བསམ་མཚོན་ཡོད་པ་དང་། དེ་དུས་སྤྱི་ཚོགས་སྟེང་གི་འཚོ་བར་ཡོད་པའི་དཀའ་སྡུག་དང་། རྙོག་འཛིང་དག་བརྗོད་བྱར་བྱས་ཡོད་པས་རྩོམ་པ་པོ་རང་ཉིད་ཀྱི་ཕུགས་བསམ་དང་། བསམ་བློའི་ཁ་ཕྱོགས་གསལ་ལེར་མཚོན་ཡོད་ཅིང་། མི་ སེམས་སྒུལ་བའི་ནུས་པ་ཁྱད་པར་བ་ལྡན་ཡོད་པ་ལྟར་རོ།།

                              ༢༠༠༩/༨/༡༦





འབྲོག་ཕྱོགས་ཀྱི་སློབ་གསོའི་བྱ་བའི་སྐོར་གྱི་དྲན་རྟོག


དེའང་དུས་རབས་གསར་པ་འདིའི་ནང་དུ་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་རུ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ ཀྱིས་བཀས་བཅད་བྱས་ཡོད་པའི་གཞི་རྩའི་སྲིད་ཇུས་ལྟར། ཡིག་རྨོངས་སེལ་ བའི་སྐོར་གྱི་བྱ་བ་གལ་ཆེན་རང་བཞིན་ཡིན་པར་བརྒྱུད་བསྒྲགས་བྱས་ཡོད་ པ་དང་། ལྷག་པར་དུ་ཞིང་འབྲོག་གི་ས་ཆར་དངོས་གཞི་ལྟར་དུ་བཟུང་ དགོས་པར་བསྟན་ཡོད། དེ་དག་ནི་རང་མི་རིགས་ལ་མཚོན་ན་གནག་ཕྱུག་གི་སྤུན་ཟླར་གྱུར་པའི་་ རོང་འབྲོག་པ་མང་ཚོགས་དག་ལ་ཡོད་དགོས་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། དམངས་ཡོངས་ཀྱི་རིགས་གནས་སྤུས་ཚད་གོང་ འཕེལ་ཡོང་བ་བཅས་ཀྱི་དགོས་མཁོ་སྐོང་བའི་བྱ་བ་གལ་ཆེན་ཞིག་ཏུ་གྲུབ། དེ་དག་ལས་ང་ཚོའི་ཡིག་རྨོངས་སེལ་བའི་བྱ་བའི་ཁྲོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རྨང་གཞིའི་སློབ་གསོ་ཐེབས་པ་དང་། བསམ་བློ་རྗེས་ལུས་ སུ་གྱུར་པའི་འབྲོག་ཕྲུག་དག་ལ་ལྟ་ཚུལ་གསར་པ་དང་། འཚོལ་སྙེགས་ཀྱི་ བློ་སྤོབས་རྒྱས་པ་སོགས་གོམ་གང་མདུན་སྐྱོད་ཀྱིས་འཕེལ་རྒྱས་ཀྱི་ནུས་་པ་ཇེ་ཆེར་གཏོང་རྒྱུ་ནི་ཤོར་མི་ཉན་པའི་དུས་ཚོད་བཟང་པོ་ཞིག་ཡིན་ཡང་། དེང་སང་ཁྱི་རྒན་རྒྱ་བོའི་རྗེས་སུ་བསྙེགས་པའི་རང་རིགས་ཀྱི་ལས་བྱེད་པ་སྐོར་ཞིག་གིས། དུས་རྒྱུན་ཉམ་ཐག་པའི་མི་རིགས་ཀྱི་བདེ་སྡུག་ལ་སེམས་ ཁུར་དང་། མང་ཚོགས་ཀྱི་དཀའ་ངལ་ལ་དོ་སྣང་ཙམ་ཡང་མི་འདུག་ལ། རིམ་པ་གོང་ནས་ཡིག་རྨོངས་སེལ་རྒྱུ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་ ཤིག་ཡིན་པར་མ་ཟད། ཡིག་རྨོངས་ཐེབས་པའི་ཞིང་འབྲོག་མང་ཚོགས་ ཀྱི་ས་ཆར་སློབ་གསོའི་རྨང་གཞི་གལ་ཆེན་དུ་འཛིན་དགོས་ཚུལ་ཇི་སྙེད་་ གཅིག་བསྟན་ཡོད་ནའང་། ཁོང་ཚོའི་ཡིག་རྨོངས་སེལ་བ་ཡིན་ཞེས་ཉིན་ གཉིས་གསུམ་གྱི་རིང་ལ་རང་ཡུལ་གྱི་རྒན་གཞོན་ཐར་ཐོར་རེ་བསྡུས་ཏེ་ཕ་མགོ་བུ་གཡོགས་བྱེད་ཀྱི་ཡོད་ལ། ཁོ་ཚོས་ཉིན་ཞག་གཉིས་གསུམ་གྱི་རིང་ ལ་ཞིང་འབྲོག་མང་ཚོགས་ཀྱི་ཡིག་རྨོངས་སེལ་བ་རེད། རིམ་པ་གོང་ནས་ ____________ རང་གི་ཕ་ཡུལ་ཕྱོགས་ནས་རྒྱུས་ལོན་བྱུང་བ་ལྟར། ཞིང་འབྲོག་མང་ཚོགས་ཀྱི་ས་ཆར་ཡིག་རྨོངས་སེལ་བའི་སློབ་གསོའི་དམིགསའབེན་ཅི་འདྲ་ཞིག་ཡིན་པ་རྒྱུས་ལོན་བྱེད་ཆེད། སློབ་གཙོའི་མི་སྣ་ལོ་རེ་ བཞིན་ཐེངས་གཅིག་དང་གཉིས་འགྲོ་བཞིན་ཡོད་ཅིང་། དེ་དག་གིས་ཚོད་ ལྟའི་རྒྱུགས་རེ་ལེན་གྱི་ཡོད་ལ། དེས་སྐབས་སུ་རང་མགོ་རང་གིས་གཡོགས་ པའི་རང་རིགས་ཀྱི་ལས་བྱེད་པ་འགའ་ཞིག་གིས་སློབ་ཆེན་གྱི་སློབ་མ་དང་། ཤེས་ཡོན་ཅན་གྱི་མི་སྣ་གང་མང་ཞིག་ལ་བརྔན་པ་སྤྲད་དེ་གླ་གི་ཡོད། ད་དུང་འདི་དག་ཁོ་ཚོའི་རྒྱལ་ཁབ་ཀྱི་རྩ་དོན་ལྟར་ཡིག་རྨོངས་སེལ་བའི་ སློབ་གསོའི་ཁྲོད་སྐྱེད་བསྲིང་བྱུང་བའི་མི་སྣ་ཡིན་པར་བརྗོད་པ་སོགས་ལྐོག་་ གཡོ་ངན་འཕྲུལ་གྱིས་རང་མགོ་རང་གཡོགས་བྱེད་ཀྱིན་འདུག དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་“ཕ་མགོ་བུ་གཡོག་“དང་“བུ་མགོ་དགྲ་གཡོག་“ཞེས་པའི་ཁ་དཔེ་ལྟར། མགོ་གཡོགས་མགོ་སྐོར་གཏོང་བའི་གཡོ་འཕྲུལ་ དེས་མཐར་ཐུག་གྱོང་ས་དང་ཕམ་ས་ཞིང་འབྲོག་མང་ཚོགས་དཀྱུས་མ་དག་་་ ཡིན། དོན་དངོས་ཀྱི་ཐོག་ནས་བཤད་ན་རང་མི་རིགས་ཀྱི་མདུན་ལམ་ལ་བཀག་ རྡོ་ཆེན་པོ་ཞིག་བཟོས་ཡོད་པར་མ་ཟད། རང་མཆུ་རང་གིས་བསྡམ་པའི་ རང་མི་རིགས་ཀྱི་ལས་བྱེད་པ་དེ་དག་གིས་རང་ཁོ་ནའི་ཁེ་ཕན་གྱི་ཆེད་་་ དུ་རླབས་ཆེན་གྱི་བྱ་གཞག་ལ་འཐུས་ཤོར་དང་ཕམ་ཉེས་བྱས་པ་རེད། འདིའི་ཕྱོགས་ལ་རང་རིགས་མི་བུ་ངོ་མ་ཞིག་ཡིན་ན་དོ་སྣང་རེ་མི་བྱེད་ཐབས་་་མེད་ཡིན་ལ། ལྷག་པར་དུ་ལས་བྱེད་པ་ཞིག་ཡིན་ན་བྱ་བ་འདི་འདྲ་ཕྱིར་ གཤོལ་བྱེད་ག་ལ་རུང་། ཁོ་བོས་འདི་ནས་བསམ་བཞིན་དུ་ཁྱེད་ཚོར་མི་གཞི་དམའ་འབེབ་དང་།བརྙས་སྨོད་བྱས་པ་གཏན་ནས་མ་ཡིན། དངོས་ཡོད་ཀྱི་གནས་ཚུལ་ལས་ ཉམ་ཆུང་བའི་རང་མི་རིགས་ཀྱི་མདུན་ལམ་ལ་བསམ་ནས་བརྗོད་པའི་སྐད་་ ཆ་ཡིན་པ་ལས་དམིགས་ཡུལ་གཞན་ཁབ་རྩེ་ཙམ་ཡང་མེད་དོ།། གནས་བབ་འདི་ལྟ་བུའི་ཁྲོད་ནས་རང་ཁོ་ནའི་ཁེ་ཕན་ཙམ་མ་ཡིན་པར།ལམ་སྟོར་བའི་རང་མི་རིགས་ཀྱི་མ་འོངས་བ་ལ་བསམ་ནས། སློབ་གསོའི་ བྱ་བ་ཞིག་སྤེལ་བ་ནི་བླ་ན་མེད་པ་ཞིག་དང་། ཆེས་རིན་ཐང་བྲལ་བ་ཞིག་ རེད་ཨང་། རང་མགོ་རང་གཡོགས་ཀྱིས་སྔ་གཞུག་གང་ལའང་བསམ་བློ་མེད་པའི་མི་་རིགས་ཤིག་ལ་མཚོན་ན་ཆེས་རླབས་ཆེན་གྱི་བྱ་གཞག་ཞིག་རེད་ཨང་། མི་རིགས་ཞིག་ལ་མཚོན་ན་གོང་གི་དེ་དག་གི་ལྟ་ཚུལ་དང་། བྱ་སྤྱོད་ལ་དཔྱད་ ན་མ་འོངས་བར་མི་རིགས་དེའི་ངོ་བོ་ཅི་འདྲ་ཞིག་ཏུ་འགྱུར་སྲིད་དམ། སྤྱིའི་ ཆ་ནས་བལྟས་ན་དེ་འདྲའི་གནས་ཚུལ་ཧ་ཅང་མང་པོ་རེད། ད་ལྟ་འཛམ་གླིང་གི་མི་རིགས་ཡོངས་ཀྱི་དཔལ་འབྱོར་དང་། རིག་གནས་ འཕེལ་རྒྱས་ཀྱི་ཡང་རྩེར་སོན་དང་འགྲོ་བཞིན་པའི་སྐབས་འདིར། བོད་ མི་རིགས་འདི་ནམ་ཡང་འཕོ་འགྱུར་མེད་པར་ཁ་ཁུ་སིམ་པོར་སྲོལ་རྒྱུན་་རྙིང་པའི་འཚོ་བ་ཁོ་ནས་ཆོག་ཤེས་ཀྱིས་སྡོད་པ་ལས། འཛམ་གླིང་སྤྱིའི་ འཕེལ་རྒྱས་ཀྱི་བདེ་སྐྱིད་ལ་བལྟ་བའི་བློ་མིག་མི་ལྡན་ཞིང་། མདུན་བསྐྱོད་ དང་། འཕེལ་རྒྱས་ཀྱི་ལམ་དུ་གོམ་ཁ་སྒྱུར་བའི་འདུ་ཤེས་མེད་པས། བོད་ མི་རིགས་ཀྱི་ལེགས་བཅོས་དང་། ནང་འདྲེན། གསར་གཏོད། མཉམ་ ལས་སོགས་ཀྱི་བསམ་བློའི་ཁོར་ཡུག་ལེགས་པོ་ཞིག་ཆགས་ཐུབ་མེད། ཡིན་ནའང་དེ་དག་ལ་ང་ཚོས་ད་ནས་བཟུང་འཛམ་གླིང་སྤྱིའི་འཕེལ་ཕྱོགས་དང་མཐུན་པར། མ་མཐའ་ཡང་མི་ཡི་ལད་མོ་མི་ཡིས་བྱེད་པའི་འདུ་ཤེས་ ཀྱིས། མི་ཚེ་འདིར་སྐྱེས་པའི་མིའི་རིགས་སྤྱི་ཡིན་ནའང་འདྲ། རང་མི་ རིགས་ཡིན་ནའང་ཆོག མི་རུ་སྐྱེས་པ་ནས་བཟུང་འཚོ་དགོས་ལ། འཚོ་བ་ ལའང་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་འཚོ་བའི་ཐོབ་ཐང་ཡོད། བདེ་སྐྱིད་ དང་ལྡན་པ་ཞིག་འཚོ་བ་ལ་ད་ལྟ་འགྲོ་བ་མིའི་རིགས་སྤྱིའི་འཕེལ་ཕྱོགས་དང་མཐུན་པར། བདེ་སྐྱིད་སྐྲུན་པའི་ཐབས་ལ་འཚོལ་བསྙེག་ཀྱིས་གསར་ གཏོད་དང་། ནང་འདྲེན། བྱེད་པའི་སྙིང་སྟོབས་ཀྱི་རྨང་གཞི་བརྟན་པོ་ ཞིག་འཇོག་དགོས་པ་ལས། གདོད་མའི་འཚོ་སྟངས་རྙིང་པ་ཁོ་ནས་ང་ཚོའི་་ བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་སྐྲུན་ཐུབ་ཐབས་མེད་དེ། སྐུ་ཞབས་རང་ གྲོལ་གྱིས་“མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་་ བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གི་ཆུས་དེ་རིང་གི་ སྐོམ་པ་ག་ལ་སོད་” ཅེས་གསུངས་པ་ལྟར་རོ།། དེ་བས་གཟུ་བོར་གནས་པའི་བློའི་དྲང་པོའི་ལམ་ནས་རིག་པ་གང་ལའང་་ དོགས་སློང་དང་། དགག་སྒྲུབ་ཀྱིས་བདེན་རྫུན་རང་གིས་འབྱེད་པའི་སྤོབས་ པ་ཡོད་དགོས་པ་ལས་གཞན་གྱི་སྐད་ཆ་ཁོ་ནར་ཡིད་ཆེས་བྱས་ཏེ་སྡོད་དུ་རུང་བ་ཞིག་ག་ལ་ཡིན། རང་མི་རིགས་ཀྱི་རང་དབང་དང་། འདྲ་མཉམ་ གྱི་ལྟ་བ་དམངས་གཙོའི་ལམ་བཟང་དང་མཐུན་པར་བདེ་སྐྱིད་ཀྱི་རྩ་བ་ཡོད་་ དགུ་ཚུར་ལེན་དང་། ལེགས་ལམ་དུ་སྒྱུར་བཅོས་བྱེད་པའི་འགན་འཁྲིའི་ འདུ་ཤེས་ཀྱིས་མཉམ་སྒྲུབ་ཀྱི་བྱ་བས་ལེགས་འགྲུབ་ཡོངས་བའི་གཞི་རྩ་བརྟེན་པོ་ཆགས་ཐུབ་པ་བྱ་དགོས་ལ། མདོར་ན་རང་མི་རིགས་ཡར་རྒྱས་ཀྱི་ལམ་ དུ་བསྐྱོད་དགོས་ན། ངེས་པར་དུ་ཐབས་ལམ་འདི་དག་ལ་བརྟེན་དགོས་ པར་སེམས་སོ།། ༢༠༡༠/༩/༢༡ ___________ དོན་གྲུབ་རྒྱལ་གྱི་མིང་གཞན།


བསླུ་བྲིད་འོག་ནས་མ་ཐར་བའི་སློབ་མ།

ད་ནང་ཞོགས་པར་ཁྱུང་སྔོན་སྐྱེས་ཀྱི་ཟློས་གར་ཅིག་གིས་མུན་པའི་ཡོལ་་ རས་ཤར་ཕྱོགས་ནས་ཚུར་ཚུར་ཕྱིས་པ་དང་ལྷན་དུ། དཀར་གསལ་གྱི་འོད་ སྣང་མོག་མོག་ཞིག་གིས་ས་གཞིར་དལ་གྱིས་འཁྱུད་དུས། ཡུལ་ཤུལ་ཕྱོགས་ ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ངལ་བའི་ཨ་ཐང་ཆད་པའི་ཚུལ་ གྱིས་ཟི་ལིང་རླངས་འཁོར་འབབ་ཚུགས་སུ་འབྱོར། ཅང་མ་འགོར་བར་རླང་ འཁོར་གྱི་ཟུར་སྒོ་ཕྱེས་པ་དང་མཉམ་དུ་འགྲུལ་པ་རེ་རེ་བཞིན་གཉིད་མ་འཐོམ་ གྱིས་ཕྱོགས་བཞིར་བྱེར། དེ་ལྟའི་འཚང་ཁ་ཤིག་ཤིག་དང་། འདུ་འཛི་སྣ་ ཚོགས་ཀྱི་ཁྲོད་ནས་ན་གཞོན་སློབ་མ་གཉིས་ཀྱང་འགྲུལ་སྐྱེལ་རླངས་འཁོར་ལས་ཐམ་མེ་ཐོམ་མེའི་ངང་བབས་ཏེ། དངོས་པོ་སྣ་ཚོགས་བླུགས་པའི་ ཁུག་མ་ཞིག་དྲུད་པ་དང་། དཔེ་ཆ་སྣ་ཚོགས་བཞག་པའི་ཡིག་ཁུག་རེ་ རྒྱབ་ལ་ཁུར་ཏེ་འཆར་འཆོར་གྱིས་གོམ་སྟབས་སློབ་གྲྭའི་ཕྱོགས་སུ་བསྒྱུར་་ བཞིན་པའི་སྐབས་སུ། གློ་བུར་དུ་མདུན་ཕྱོགས་ནས་ལམ་འགྲོ་བའི་ཚུལ་ བྱས་པའི་རྒྱ་མི་ཞིག་གིས་ཧ་ལམ་རྒྱ་གོར་ཁྲི་གཉིས་གསུམ་ཙམ་ཡོད་པའི་ བམ་པོ་ཞིག་མདུན་དུ་བོར་ཏེ་སོང་། སློབ་མ་གཉིས་པོས་དེ་མཐོང་མ་ཐག་འབོད་རྩིས་བྱེད་སྐབས། ཡང་ཟུར་ནས་ རྒྱ་མི་ཞིག་རྒྱུག་ཡོངས་ནས་སྒོར་དེ་ས་ནས་བླངས་ཏེ། ཁོང་གཉིས་ལ་“ཁྱོད་ གཉིས་ཀྱིས་མ་འབོད་དང་། སྒོར་མོ་འདི་དག་ང་ཚོའི་བྱེད་ཟེར་”སློབ་བུ་ དེ་གཉིས་ཀྱིས་ཡིད་ཆེས་ལ་མ་ཆེས་པའི་ཚུལ་གྱིས་རྒྱ་མི་དེས་སྨྲས་པ་བཞིན་་ བྱ་བར་མོས་མཐུན་བྱས། ཁོང་གསུམ་པོས་སྒོར་མོ་དེ་དག་བགོ་བར་ཁུག་ ཀྱོག་གཅིག་ཏུ་འགྲོ་བར་རྩོམ་པའི་ཚེ། གོང་གི་སྒོར་མོ་བོར་སོང་བའི་རྒྱ་ མི་དེ་ཕྱིར་ཐོན་ཏེ་འཚོལ་བཞིན་འདུག སྒོར་བོར་བའི་རྒྱ་མི་དེ་ཁོང་གསུམ་གྱི་མདུན་ཐོན་ནས་འདྲི་རྩད་བྱས་པ་་དང་། ད་དུང་སྔོག་བཤེར་བྱེད་དགོས་ཟེར། ཐོག་མར་སློབ་མ་དེ་གཉིས་ཀྱི་ དཔེ་ཁུག་སྔོག་བཤེར་བྱས་པ་དང་། དེ་ནས་དངོས་པོ་སོགས་བླུགས་པའི་ ཁུག་མ་སྔོག དེ་ཚེ་དངུལ་རྙེད་པའི་རྒྱ་མི་དེས་སློབ་མ་དེ་གཉིས་ཀྱི་དཔེ་ཁུག་ ནང་དུ་སྒོར་བམ་པོ་དེ་འཇོག་བཞིན་ཡོད་ཁུལ་བྱས། དེས་ད་དུང་སློབ་མ་དེ་གཉིས་ཀྱི་གོར་མོ་ཡོད་ཚད་ཁོ་ལ་སྤྲོད་ཟེར། སློབ་ མ་དེ་གཉིས་ཀྱིས་བདེན་པར་སྙམ་ནས་གོར་མོ་(སྟོང་བཞི་ལྷག)ཡོད་ཚད་ཁོར་་ སྤྲད། སྒོར་བོར་བའི་རྒྱ་མི་དེས་ཁུག་མ་སྔོག་བཤེར་བྱས་ཚར་རྗེས། ཁོང་ གསུམ་པོའི་ལུས་ཡོངས་རྔོག་གཤེར་བྱས། ཡིན་ནའང་སྒོར་མ་རྙེད་པར་ འདི་ལྟར། ”ད་ལྟ་མི་སྐོར་ཞིག་གིས་ངའི་སྒོར་ཁྱོད་ཚོས་རྙེད་འདུག་ཟེར། ཁྱོད་ཚོས་གང་དུ་སྦས་བཞག་ཡོད།” ”ང་ཚོའི་རྙེད་མ་སོང་ལ། གང་དུའང་མ་སྦས།” ”དེ་ན་ང་ཚོ་དེར་དྲི་རུ་འགྲོ” ”འགྲོ་ན་འགྲོ” ”……” དེ་ལྟར་རྩོད་གླེང་བྱས་རྗེས་སྒོར་རྙེད་པའི་རྒྱ་མི་དེ་སློབ་མ་གཉིས་ཀྱི་ཕྱོགས་་སུ་འཁོར་ནས།”ཁྱོད་གཉིས་ཀྱིས་འདི་ནས་སྒུག ང་སོང་ཏེ་ཕྱིར་སླེབས་ ཡོངས། ང་ལ་ཁྱོད་གཉིས་ཀྱི་ལག་འཕྲིན་གཅིག་གཡོར། ང་ཚོའི་འབྲེལ་ བ་བྱེད་” རྒྱ་མི་སྒོར་རྙེད་མཁན་དེས་དེ་ལྟར་བཤད་པས། སློབ་མ་གཉིས་ཀྱིས་བདེན་ པར་སྙམ་ནས་ལག་ཕྲིན་གཅིག་ཁོ་ལ་སྤྲད། རྒྱ་མི་དེ་གཉིས་རྩོད་བཞིན་ ཡོད་ཁུལ་གྱིས་སོང་རྗེས། སློབ་མ་དེ་གཉིས་ཀྱིས་དཔེ་ཁུག་ཏུ་སྒོར་མོ་ཁྲི་ འགའ་ཡོད་སྙམ་ནས་དེ་མ་ཐག་རྒྱ་མི་དེ་མི་སྒུག་པར་སྒོར་མོ་ཡོད་ཚད་ཁོ་ གཉིས་ཀྱིས་བྱེད་པར་གྲོས་བྱས་ཤིང། མགྲོན་ཁང་ཞིག་ཏུ་སོང་ནས་དཔེ་ ཁུག་ཁ་ཕྱེས་ཏེ་ཕྱི་སློག་ནང་སློག་བྱས་ཀྱང་སྒོར་གྱི་དྲི་མ་ཙམ་ཡང་མཐོང་ རྒྱུ་མི་འདུག ཁོང་གཉིས་ཀྱིས་གཞི་ནས་གཡོ་འོག་ཏུ་ཚུད་པ་ཤེས་རྗེས་ཅི་བྱ་གཏོལ་མེད་ངང་ཕྱིར་འདང་ཞིག་རྒྱབ་ཚེ་རྒྱ་མི་དེ་གཉིས་ཕྱོགས་གཅིག་གི་ཡིན་པ་རྟོགས་པར་མ་ཟད། ཡོད་ཚད་སླུ་བྲིད་གཡོ་སྒྱུ་ཞིག་ཡིན་པ་ཤེས་ཤིང་། ཐམས་ཅད་ རྨི་ལམ་ཞིག་དང་འདྲ་བར་སེམས་པའི་དཀྱིལ་དུ་ལྷུང་བར་གྱུར། འགྱོད་གདུང་དང་ཕངས་སེམས་ཞིག་གིས་ལུས་ཡོངས་ཀྱི་སྟོབས་ཤུགས་་ཉམས་པར་གྱུར་པ་ལྟ་བུས་རང་དབང་མེད་པར་ས་རུ་འདུག་དགོས་བྱུང་། ཅུང་ཙམ་མིན་ན་དབུགས་ཀྱང་གཏོང་དཀའ་བའི་ཚད་དུ་སོན། ཁོང་ གཉིས་ཀྱི་ལག་དངུལ་ཡོད་ཚད་ཤོར་བར་མ་ཟད། ལག་འཕྲིན་ཅིག་ཀྱང་ ཤོར་བས་ད་ཅི་གོང་གི་སྤྲོ་འཛུམ་དེ་དག་ཡོངས་སུ་ཉམས་ནས་ཕམ་ཉེས་་ཤོར་བའི་དམག་མི་ཞིག་དང་འདྲ་བར་སྲང་ལམ་ནས་གོམ་སྟབས་འཁྱར་འཁྱོར་གྱིས་བསྐྱོད། རྒྱ་མི་འཁྱམས་པོའི་སླུ་བྲིད་འོག་ནས་མ་ཐར་བའི་སློབ་མ་དེ་གཉིས་རྒྱུ་དངོས་ཤོར་བའི་འགྱོད་གདུང་དང་། ངོ་ཚ་ཞིག་གིས་ཉིན་ཞག་གང་བོར་ཟས་ ཀྱི་བྲོ་བ་མེད་པར་གྱུར།གནས་ཚུལ་འདི་ནི་རྟོགས་བཟོ་བྱས་པ་ཞིག་མིན་པར་དོན་དངོས་འཚོ་བའི་ཁྲོད་བྱུང་བའི་དོན་རྐྱེན་ཞིག་རེད། དེ་ལྟར་ཟི་ལིང་གི་རྒྱ་བོད་མི་མང་འདུས་པའི་ཁྲོམ་ར་ནས་སླུ་བྲིད་འོག་ནས་ཕམ་ཉེས་སུ་སོང་བ་སློབ་མ་དེ་གཉིས་པོས་ག་ལ་ཚད། བོད་རིགས་ཀྱི་ སློབ་མ་དང་། མི་སེར། ཐ་ན་ཚོང་པ་འང་གང་མང་མང་ཞིག་རྒྱ་མི་འཁྱམས་ པོའི་གཡོ་སྒྱུའི་འོག་ནས་ཐར་མ་ཐུབ་པ་རེད་ཨང་། དོན་དངོས་བཤད་ན་དེ་ནི་མི་རེ་རེའི་ངོས་ནས་ངོ་ཚ་ཞིག་ཡིན་པར་མ་ཟད། མི་རིགས་ཞིག་གི་ངོ་ཚའང་རེད་ལ། རྗེས་ལུས་ཀྱི་མི་རིགས་ཞིག་གི་ཕམ་ ཉེས་ཡང་མ་ཡིན་ནམ། དེ་ལྟ་བས་ན་རྗེས་ལུས་ཀྱི་ང་ཚོའི་ལྟ་རྒྱ་དང་། མཐོང་ རྒྱ་དང་། ཐོས་རྒྱ་བསྐྱེད་དེ། མི་རིགས་འདུས་སྡོད་མང་སའི་གྲོང་ཁྱེར་ དག་ནས་ཅིས་ཀྱང་། འཁྱམས་པོ་དག་གི་གཡོ་སྒྱུའི་འོག་ཏུ་མ་ཚུད་པ་ཞིག་ བྱེད་དགོས། མི་རིགས་སུ་ཡིས་གྲལ་དུའང་འདྲ་མཉམ་གྱིས་འཚོ་སྡོད་ བྱེད་ཐུབ་པའི་ཐབས་ལ་བསམ་བློ་ཅུང་ཟད་རེ་གཏོང་བ་གལ། གནད་དོན་ འདི་དག་གི་ཐོག་ནས་ཀྱང་དུས་རབས་གསར་པ་འདིའི་ནང་ནམ་ཡང་སོས་དལ་དུ་སྡོད་པར་མི་རིགས་ལ། བསམ་བློ་གཏོང་བ་དང་། འགྲོ་ཤེས་འདུག་ ཤེས་བྱེད་དགོས་པའི་སྐུལ་མ་བཏང་འདུག།




གླུ་བ་བརྒྱ་ལ་གླུ་ངག་གཅིག

ཉིན་ཞིག་གྲོགས་པོ་འགའ་ཡིས་མགྲོན་བྱེད་ཟེར་ནས་ང་རང་ཟ་ཁང་ཞིག་གི་ནང་དུ་འགྲོ་བར་སྐུལ། ངས་ཀྱང་ཁས་བླངས་པ་ཡིན་ལ། ང་ཚོ་“ཁམས་ པའི་བཅུད་ལྡན་གསོལ་ཁང་”ཞེས་པའི་ཁྱད་ཆོས་ཅུང་བཟང་བའི་ཟ་ཁང་ཞིག་ཏུ་སོང་ནས་དགའ་སྤྲོའི་དཔལ་ལ་རོལ་བའི་འགོ་རྩམ་པ་ཡིན། དེར་ འདུག་སྟེགས་སུ་སྡད་བརྗེས་མདུན་ཕྱོགས་ཀྱི་གློག་བརྙན་ནང་གི་གླུ་དབྱངས་ ཟེར་སྡེར་ཞིག་ལ་བལྟས། རིམ་བཞིན་མིག་གིས་ལྟས་ཤིང་། རྣ་བས་རོལ་མྱོང་བྱས་པས། དེས་ནང་གི་ གླུ་དབྱངས་གཅིག་གིས་ང་རང་དགའ་སྤྲོའི་སེམས་པ་ཡོངས་སུ་འཕྲོག་ཤིང་་ འདང་རྒྱག་གི་གནས་སུ་ལྷུང་། འདང་རྒྱབ་ཀྱིན་རྒྱབ་ཀྱིན་དེ་ནི་གླུ་ངག་ གཅིག་འུར་སྡེབ་བྱས་ནས་བླངས་པ་ཞིག་རེད་ལ། ནང་དོན་གྱི་ཚིག་ཡང་། སྐྱར་ཟློས་བྱས་པ་ཞིག་རེད། དེ་ནི་བོད་པའི་གླུ་དབྱངས་ཁྲོད་ཆེས་བསྐྱར་ཟློས་མང་བའི་གླུ་དབྱངས་ཤིག་ཀྱང་རེད་འདུག་ལ་ཐོས་པ་ཙམ་གྱིས་ངོས་ཟིན་པར་གྱུར། བོད་མི་ཞིག་ ཡིན་ཕྱིན་གླུ་དབྱངས་(མིང་དངོས་སུ་མ་བརྗོད་)དེ་ནི་གོ་མ་མྱོང་མཁན་ཞིག་ཡོད་མི་སྲིད། ཡིན་ནའང་བོད་པའི་གླུ་བ་ཡོད་དོ་ཅོག་གིས་ད་དུང་རྗེས་ཟློས་དང་། བསྐྱར་འདོན་རྣ་ཚ་ཚའི་བར་དུ་བྱེད་བཞིན་འདུག་ལ་དེ་ནི་བོད་པའི་གླུ་་བ་བརྒྱ་ཕྲག་གི་གླུ་ངག་གཅིག་པུ་དེ་རེད་འདུག ང་ཚོའི་དུས་དང་རྣམ་པ་ཀུན་ཏུ་རང་རེའི་ཟུར་ངོས་དང་འབུར་གཤོང་གང་དུའང་མིག་གི་གཅེར། རྣ་བས་ཉན་ནས་ཡོད་པས་ན་དེ་རིང་ཡང་གནས་ ཚུལ་ཞིག་གམ་དོན་དག་ཞིག་ལ་དོ་སྣང་དང་། བསམ་གཞིག་བྱེད་དགོས་ པའི་གནད་དོན་ཞིག་ལ་འཕྲད་བྱུང་། སྤྱིར་ན་གླུ་བ་ནི་རང་གི་ལྷན་སྐྱེས་ཀྱི་སྐད་ངག་ལ་བརྟེན་ནས་རོལ་དབྱངས་དང་། ཉམས་འགྱུར། སྐད་ངག་སོགས་ཀྱི་སྒྱུ་རྩལ་ལ་མི་ལོ་དུ་མའི་རིང་ སློབ་གྲྭ་ནས་ཆེད་སྦྱོང་བྱས་ཏེ། སྒྱུ་རྩལ་གྱི་ཡོན་ཚད་ངེས་ཅན་ཞིག་ལ་ བསླེབས་པ་དང་བསྟུན་ནས། སྐད་ངག་དང་། ཉམས་འགྱུར། རོལ་དབྱངས་ སོགས་སྒྱུ་རྩལ་གྱིས་ཕྱུག་པའི་གླུ་དབྱངས་རེ་ལེན་པ་དང་། སྙན་འཁོར་ བཟོས་ཏེ་འགྲིམས་སྤེལ་བྱས་ན་ཁྱད་ཆོས་ཡོད་པར་མ་ཟད། ཉན་མཁན་ དང་ལྟ་མཁན་ཁྲི་སྟོང་མང་པོའི་དགའ་བསུ་ཐོབ་ངེས་ཤིང་། འདེང་འཇོག་ ཆེན་པོ་བྱེད་ཀྱི་རེད་ལ་སེམས་སྒུལ་བའི་ནུས་པ་ཡོད་པའོ།། གོ་རིམ་ཡོད་པའི་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ལ་བསླེབས་པའི་ཕྱི་རྒྱལ་གྱི་གླུ་བ་དེ་དག་ལ་མི་དཔེ་བྱས་ཏེ། དེ་དག་གི་རྗེས་སུ་སྙེགས་ན་དོན་སྙིང་ ཡོད་མོད་ཀྱང་། དེང་སང་བོད་ཀྱི་ཕོ་མོ་ཕལ་ཆེ་བ་གླུ་བ་གླུ་མ་ཡིན་སྣང་ ཤར་ནས་གླུ་སྐད་གཅིག་ལ་རྒྱུད་པའི་གླུ་དབྱངས་རེ་ལེན་པ་དང་། ཉམས་ འགྱུར་དང་། རོལ་དབྱངས་གི་སྒྱུ་རྩལ་གང་ཡང་མེད་པའི་ར་འབའ་ལུག་ འབའི་སྐད་ཀྱིས་གནམ་ས་བཀང་ཡང་དོན་དུ་དཔལ་འབྱོར་འཕྲོ་བརླག་དང་། བོད་པའི་གླུ་བའི་སྡེ་ལ་ཉམས་རྒུད་དུ་འགྲོ་བའི་རྒྱུ་མ་གཏོགས་ཅི་ ཡང་མི་འདུག་གོ། དེང་སང་ཀ་ངོ་ཡིག་ངོ་མི་ཤེས་པའི་འབྲོག་པའི་ཕོ་མོ་དག་གིས་ཀྱང་ལོ་རེར་ ཟེར་སྡེར་རེ་ཕུད་པར་བྱེད། དེ་དག་ནི་ལད་ཟློས་དང་སྐྱར་འདོན་ཁོ་ན་ ཡིན་པ་ལས་ཁྱད་ཆོས་ཡོད་པའི་གླུ་དབྱངས་ཞིག་གང་ན་ཡོད། ད་དུང་ངོས་ གཞན་ཞིག་ནས་བཤད་ན་དཔལ་འབྱོར་འཕྲོ་བརླག་དང་། མི་ཚེ་སྟོང་ཟད་ གཏོང་བའི་གཞི་མ་དང་། བོད་ཀྱི་གླུ་བའི་སྡེ་ལ་གད་སྙིགས་སྤུང་བཞིན་པ་ ལས་དོན་འབྲས་ཅི་ཡང་མི་འདུག། གནས་བབས་དེ་དག་ལ་བསམ་ནས་ བོད་ཀྱི་གླུ་དབྱངས་སྒྱུ་རྩལ་དང་། གླུ་བའི་མ་འོངས་བའི་སོགས་ནས་ཀྱང་ སྣང་མེད་དུ་འཇོག་མི་རུང་བ་ཞིག་ཡིན་པ་མཐོང་། ༢༠༡༡/༤/༡༢









བློ་འབྱེད་རང་བཞིན།














དཔེ་ཀློག་ལ་ལྟ་བ།

1 དེ་ཡང་ཨུ་རུ་སུའི་བསམ་བློ་མཁས་ཅན་དང་རྩོམ་པ་པོ་ཧོར་ཚན་གྱིས་“དཔེ་དེབ་ལྟ་ཀློག་མ་བྱས་ཚེདངོས་འབྲེལ་གྱི་སློབ་གསོ་ཐོབ་མི་ཐུབ། “ཅེས་ དང་། ཧྥ་རན་སིའི་མཚན་ཉིད་རིག་པ་མཁས་ཅན་དང་རྩིས་རིག་མཁས་ པ་ཏི་ཁར་གྱིས་“དཔེ་དེབ་ཡག་པོ་ཞིག་བལྟས་པ་དེ་མི་ཡ་རབས་ཅན་མང་པོ་ཞིག་དང་གཏམ་གླེང་བྱས་པ་དང་མཚུངས“ཞེས་སོགས་གསུངས་་པ་བཞིན་དཔེ་དེབ་ཀློག་པ་ནི་བསམ་བློའི་རྒྱགས་ཕྱེའི་དབུལ་བའི་མི་ བུ་དག་ལ་མཚོན་ན་སྐོམ་པ་ལ་ཆུ་མཁོ་བ་ལྟར་དུ་གྱུར་ཡོད། འཛམ་གླིང་གི་ཕུན་སུམ་ཚོགས་པའི་རིག་གནས་ལ་ལྟ་རྒྱ་དང་མཐོང་་རྒྱ་དོགས་པའི་ང་ཚོར། ཕྱི་དངོས་པོའི་དཔལ་ཡོན་དང་། ནང་བསམ་ བློའི་གོ་རྟོགས་སོགས་སྔོན་ཐོན་གྱི་མི་རིགས་དག་དང་། བསྡུར་ཐབས་ ཡེ་ནས་མེད་པ་ཞིག་ཏེ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཤེས་གསལ་་ལྟར་ཡིན་ལ། མིའི་རིགས་གང་ཞིག་ཡིན་ཡང་རང་ཉིད་སྔོན་ཐོན་གྱི་ གྲལ་དུ་འགྲོ་བ་ལས་རྗེས་ལུས་སུ་གྱུར་ན་མི་ལེགས་པས། སྔོན་ཐོན་ ནི་ཇི་ལྟར་སྔོན་ཐོན་གྱི་གྲལ་དུ་སྙེགས་དགོས་ཚུལ་ལ་བསམ་བློ་ལྡན་་པ་དང་། ཇི་ལྟར་སྔོན་ཐོན་གྱི་གྲལ་དུ་འགྲོ་དགོས་ཚུལ་ལ་བསམ་བློ་ མི་ལྡན་པ་གཉིས་ཀྱི་རྗེས་སུ་འགྲོ་གི་ཡོད། དེ་ལས་ང་ཚོ་ནི་ཕྱི་མ་རེད། ཡིན་ནའང་ང་ཚོས་ཕྱི་མ་དེ་དོར་ནས་སྔ་མ་དེ་རྩོ་ལེན་བྱེད་དགོས། ཇི་ལྟར་ལེན་པར་བྱ་ཞེ་ན། ང་ཚོའི་བསམ་བློའི་རྒྱགས་ཕྱེ་འཚོལ་སྒྲུབ་ བྱེད་དགོས་པ་སྟེ། དེ་ལ་ཡང་ཏེ་པུ་ལའོ་ཀེ་ལིན་གྱིས་གསུངས་བཞིན་ སློབ་སྦྱོང་གི་རྩ་དོན་ཆེན་པོ་གསུམ་ལས། དཔེ་དེབ་ཀློག་པ་ནི་ཆེས་ མཐོང་ཆེན་བྱེད་དགོས་པ་ཞིག་རེད། དཔེ་ཀློག་ཇི་ལྟར་བྱེད་ཐུབ་ན་ དེ་ཙམ་གྱིས་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་བར་མ་ཟད་བླང་དོར་གྱི་བློ་གྲོས་རྙེད་སྲིད་པས་སོ། ། 2 དེ་ལས་ཀྱང་ཆེས་མ་བལྟས་ཐབས་མེད་ཀྱི་དཔེ་ཆ་ནི་ཕྱི་རྒྱལ་གྱི་མཁས་ དབང་དག་གིས་བརྩམས་པའི་དཔེ་ཆ་དག་ཡིན་ལ། ཤེས་རིག་དར་ བའི་ཡང་རྩེར་སོན་པའི་སྔོན་ཐོན་གྱི་མི་རིགས་དེ་དག་གི་བླ་ན་མེད་པའི་བསམ་བློའི་རིན་ཐང་གིས་ང་ཚོ་རྗེས་ལུས་ཀྱི་མལ་ལས་ཡར་འགྲེང་ སྟེ་འོད་ཟེར་ལམ་ལམ་འཕྲོ་བའི་དུས་རབས་གསར་པའི་འཇིག་རྟེན་དུ་ཇི་ལྟར་མདུན་བསྐྱོད་བྱ་དགོས་ཚུལ་གྱི་བསླབ་བྱ་དང་མདུན་ལམ་ བསྟན་ཡོད་པས་སོ།། དཔེ་དེབ་ཀློག་པའི་བྱ་བ་ཧ་ཅང་གུ་དོག་པའི་ང་ཚོའི་དགེ་རྒན་དང་།སློབ་མའམ། ཤེས་ཡོན་ཅན་གྱི་མི་སྣ་མང་ཆེ་བ་དག་གིས་ཀྱང་རང་ རིགས་ཀྱི་མཁས་དབང་དག་གིས་བརྩམས་པའི་“སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད་“པའི་དཔེ་དེབ་ཙམ་ལས།“སྔོན་ཆད་མ་བརྗོད་པ་ཞིག་འདིར་བརྗོད་ཡོད་“པའི་དཔེ་ཆ་ཞིག་གཏན་ནས་ཀློག་ཐུབ་ཀྱིན་མེད་ལ། སྔོན་ཐོན་གྱི་མི་རིགས་གཞན་པའི་ཕུལ་དུ་བྱུང་བའི་རིག་ གནས་ལ་ནམ་ཡང་མཇལ་བའི་སྐལ་བ་ལྡན་མེད། དེ་བས་ང་ཚོ་ན་གཞོན་རྣམས་ཀྱིས་ངེས་པར་དུ་དཔེ་ཀློག་གི་ཤེས་བྱ་སྦྱོང་བ་གལ་ཆེན་དུ་འཛིན་ནས། མིའི་རིགས་ཀྱི་གོ་རྟོགས་མཐོར་འདེཊ་ དང་། འཚོ་བ་ཡང་དེ་བས་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་ལེགས་བཅོས་ བྱེད་དགོས། ཡིན་ནའང་ཆེས་ཡིད་སྐྱོ་བ་ཞིག་ལ་ང་ཚོའི་མི་རིགས་ཀྱི་རིག་གནས་་ཧ་ཅང་ཆུ་ཚད་དམའ་བའི་རྐྱེན་གྱིས། མ་བལྟས་ཐབས་མེད་ཀྱི་དཔེ་ ཆ་གང་མང་ཞིག་སློབ་ཆེན་གྱི་དགེ་རྒན་རེ་ཟུང་ཙམ་ལས་ཕལ་ཆེ་བ་ ཞིག་གིས་ཀློག་ཐུབ་ཀྱིན་མེད།

                 3

བསམ་བློའི་སྔོན་ཐོན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཁས་དབང་དག་གིས་ བརྩམས་པའི་དཔེ་ཆ་གང་མང་ཞིག་རང་གི་སྐད་ཡིག་ཐོག་བསྒྱུར་བསྐྲུན་ བྱེད་རྒྱུ་ནི་ཤེས་ཡོན་ཅན་དག་གི་ཕྲག་ཏུ་བབས་པའི་འོས་འགན་དང་ བྱ་བ་གལ་ཆེན་ཞིག་ཏུ་མཐོང་། གང་ལགས་ཞེ་ན་མི་རིགས་གཞན་གྱི་རླབས་ཆེན་གྱི་དཔེ་ཆ་དག་བསྒྱུར་བསྐྲུན་བྱེད་ཐུབ་ན་ང་ཚོ་དྲག་ཞན་ཐམས་ཅད་ཀྱིས་ཀློག་ཐུབ་པར་མ་ཟད། བསམ་བློའི་དཔལ་ཡོན་གྱི་སྟོང་ཆ་མི་ཉུང་བ་ཞིག་ཁ་སྐོང་ཐུབ་ པ་དང་། སྐད་རིགས་ལ་བྱང་ཆུབ་པའི་ཤེས་ཡོན་ཅན་རེ་ཟུང་ལས་ ཕལ་ཆེ་བས་མི་རིགས་གཞན་གྱི་རིགས་གནས་ལ་རྒྱུས་ལེན་བྱེད་མི་ ཐུབ་པའི་དཀའ་ངལ་འདི་སེལ་ཐུབ་པར་སྙམ། མི་སུ་ཞིག་ཡིན་ཡང་ལྟ་ཚུལ་གཅིག་ཁོ་ནར་འཐམ་སྟེ་སྡད་པ་ཡིན་ན་ ནམ་ཡང་འཕོ་འགྱུར་དང་ཡར་རྒྱས་ཡོང་མི་སྲིད་ལ། དོགས་སློང་ དང་། དགག་སྒྲུབ། ལེགས་བཅོས་ཀྱི་བསམ་བློ་དང་བྲལ་བའི་མི་ ལ་མདུན་སྐྱོད་ཀྱི་སྤོབས་པ་དང་། བླང་དོར་གྱི་བློ་མིག་ལྡན་མི་སྲིད་ དོ།། སློབ་གསོའི་དཔེ་དེབ་ཇི་ལྟར་ཀློག་ཐུབ་པ་དེ་ཙམ་གྱིས་མི་ལ་གནམ་ ས་གོ་འབྱེད་པ་ལྟར་མཐོང་རྒྱ་ཆེ་རུ་འགྲོ་བ་དང་། སྒྱིད་ལུགས་ཀྱི་སྤྱི་ ཚོགས་དང་ཁོར་ཡུག་འདིར། ལྟ་ཚུལ་གསར་པ་ཞིག་དང་། ལེགས་ བཅོས་ཀྱི་རང་བཞིན་ཞིག་མཐོང་བའི་བློ་གྲོས་རྒྱས་པར་འགྱུར།

                 4

གཞན་ཡང་སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུའུ་ཧུའོ་ལུའུ་ལུན་ སི་ཅིན་གྱིས་“ལྟ་ཀློག་བྱ་རྒྱུའི་དཔེ་དེབ་དང་དུས་དེབ་ཁག་ཧ་ཅང་ཏན་ཏིག་གིས་གདམ་གསེས་བྱ་དགོས།བལྟ་རྒྱུའི་དཔེ་དེབ་དག་ཚོ་འཛིན་ བྱེད་མཁས་པོ་བྱས་ཏེ། སློབ་སྦྱོང་གི་སྒྲིག་ལམ་ལ་གནོད་པའི་དཔེ་ དེབ་རྣམས་འདོར་ཐུབ་པ་བྱེད་དགོས་“ཞེས་པ་ལྟར་སློབ་སྦྱོང་གི་སྐབས་ སུ་དཔེ་ཆ་ངན་པ་རྣམས་འདོར་ཐུབ་པ་བྱེད་དགོས་ལ། དོན་དངོས་ ལག་ཏུ་བླང་བྱའི་ཐོག་ནས་བཅུད་ལེན་བྱེད་པ་གཙོ་གནད་དུ་བཟུང་ནས་བསམ་པའི་ཐོག་ཉམས་མྱོང་དང་བསླབ་བྱ་ལེན་དགོས་པ་ཞིག་རེད། འཛམ་གླིང་གི་སྙན་གྲགས་བླ་ན་མཐོ་བའི་མཁས་པ་དག་གི་བསམ་བློ་དང་། ཆབ་སྲིད། གསར་གཏོད། དམག་དོན་སོགས་འཇིག་རྟེན་ གྱི་འཚོ་གནས་སྟེང་ཡང་དག་པའི་ལག་ལེན་དང་། ཉམས་མྱོང་ཕུན་ སུམ་ཚོགས་པ་ཞིག་བཅུད་ལེན་བྱེད་རྒྱུ་ཡོད་པ་དེ་དག་ང་ཚོའི་མ་འོངས་བའི་རེ་ལྟོས་བྱ་ཡུལ་ན་གཞོན་རྣམས་ཀྱི་འགན་འཁྲི་ཡིན་པ་ཤེས་ དགོས།

               5

ང་ཚོའི་ཕྱི་དང་ནང་གི་འཚོ་གནས་དེང་རབས་ཅན་དུ་བསྒྱུར་བའམ། འཕོ་འགྱུར་ཅན་དུ་གཏོང་བ་ལ་ཏེ་པུའུ་ལའོ་ཀེ་ལན་གྱི་དགོངས་པ་བཞིན་སློབ་སྦྱོང་བྱ་རྒྱུའི་ཐད་རྩ་དོན་ཆེན་པོ་གསུམ་གྱི་སྟེང་ནས་འགྲོ་ དགོས་པར་བསྟན་ཡོད། དེ་ནི་“མཐོང་ཐོས་རྒྱ་ཆེར་གཏང་བ་དང་། དཔེ་ཆ་མང་ཙམ་ཀློག་དགོས་པ། ཚོད་ལྟ་ཡང་ཡང་བྱ་དགོས་པ་“བཅས་ རྩ་དོན་ཆེན་པོ་གསུམ་ཡིན་ལ། དབྱིན་ཇི་རྩོམ་པ་པོ་གྲགས་ཅན་ཤིག་ སེ་པིར་གྱིས་“དཔེ་དེབ་ནི་མིའི་རིགས་ཀྱི་ཤེས་བྱ་ཕྱོགས་བསྡོམ་དང་། འཛམ་གླིང་ཡོངས་ཀྱི་འཚོ་བཅུད་གཅིག་ཡིན་“ཞེས་གསུངས་ཡོད་པ་དང་། ཨ་རིའི་དངོས་ཁམས་རིག་པ་མཁས་ཅན་ཁའེ་ལེས་ཀྱིས་ ཀྱང་“དཔེ་དེབ་གསར་པ་ནི་གྲུ་གཟིངས་ཤིག་དང་འདྲ་བར་ང་ཚོ་གུ་དོགས་པའི་གནས་ནས་འཚོ་བའི་མཐའ་ཡས་པའི་རྒྱ་མཚོར་འཁྲིད་ངེས་ཡིན“ཞེས་སོགས་ཉམས་མྱོང་གི་བསླབ་བྱ་ལྷུག་པོར་བསྩལ་ཡོད་ པ་བཞིན། དཔེ་ཆ་ཀློག་པའི་བྱ་བ་ལ་འཇུག་པ་དང་། དེ་ལ་སྤྲོ་བའི་ མི་རིགས་གང་ཞིག་ཡིན་ཡང་དེའི་མདུན་ལམ་ནི་འཕེལ་རྒྱས་ཀྱི་ལམ་ དུ་བསྐྱོད་ཐུབ་པ་ཡིན་ཞིང་། འཕེལ་རྒྱས་དེའི་ཁྲོད་ནས་མིའི་རིགས་ ཀྱི་སྤྱི་ཚོགས་ཀྱི་འཚོ་གནས་ཡང་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་བར་་་ ཡིད་ཆེས་བྱེད་ཆོག། དེ་ལས་ལྡོག་སྟེ་མིའི་ཀུན་སྤྱོད་དང། ལྟ་བ། བསམ་བློ་སོགས་གཅིག་ ཏུ་གྱུར་པའི་དཔེ་དེབ་ཁོ་ན་ཀློག་པའི་མི་རིགས་ཀྱི་མདུན་ལམ་ནི་འཕོ་འགྱུར་མེད་པའི་མུན་ནག་གི་འཇིག་རྟེན་ལས། འོད་སྟོང་ལྡན་པའི་ མི་ཡུལ་གྱི་མཐོ་རིས་སུ་སྙེགས་པའི་སྤོབས་པ་དང་། སྙིང་སྟོབས་ནམ་ཡང་ ཡོད་མི་སྲིད་ལ། དེ་དག་འདས་པའི་ལོ་རྒྱུས་དང་དངོས་ཡོད་མཐོང་ ཐོས་ཀྱིས་མཛུབ་སྟོན་དང་། ར་སྤྲོད་བྱས་ཡོད་པས་སུས་ཀྱང་རྟོགས་ པར་འགྱུར་བ་ཞིག་མ་ཡིན་ནམ། ༢༠༡༠ /༢ / ༡༨





བློ་སྒོ་འབྱེད་པའི་ལྡེ་མིག

《བློ་འབྱེད་དཔེ་ཚོགས་》བཀླགས་པའི་འཆར་སྣང་། བློ་གྲོས་ཀྱི་སྒོ་མོ་འབྱེད་པར་བློ་འབྱེད་དཔེ་དེབ་ཀྱི་ལྡེ་མིག་ལ་བརྟེན་དགོས་་པ་མྱོང་བས་གྲུབ། ཨུ་རུ་སུའི་བསམ་བློ་མཁས་ཅན་ཧོར་ཚན་གྱིས་“དཔེ་ དེབ་ལྟ་ཀློག་མ་བྱས་ཚེ། དངོས་འབྲེལ་གྱི་སློབ་གསོ་འཐོབ་མི་ཐོབ་ལ་་་་། བླང་དོར་གྱི་ནུས་པའང་ལྡན་མི་སྲིད་”ཞེས་དང་། ཧྥ་རན་སིའི་མཚན་ཉིད་ རིག་པ་མཁས་ཅན་ཏི་ཁར་གྱི་“དཔེ་དེབ་ལེགས་པོ་ཞིག་ལྟ་ཀློག་བྱས་པ་དེ། མི་ཡ་རབས་ཅན་མང་པོ་ཞིག་དང་གཏམ་གླེང་བྱས་པ་དང་མཚུངས“ཞེས་གསུང་པ་ལྟར་དོན་སྙིང་ལྡན་ཞིང་། རིན་ཐང་ཡོད་པའི《བློ་འབྱེད་དཔེ་ ཚོགས་》ཞེས་པའི་དཔེ་ཆ་འགའ་ཞིག་ཉེ་ཆར་ལྟ་ཀློག་བྱེད་པའི་སྐལ་བ་དང་ལྡན་་པར་གྱུར། དེ་ནི་ངའི་བློ་སྒོ་འབྱེད་པའི་ལྡེའུ་མིག་ལྟ་བུར་གྱུར་སོང་། ངས་དཔེ་དེབ་ དེ་དག་ལྟ་ཀློག་བྱས་པ་རྒྱུད་འཇིག་རྟེན་གྱི་གསང་བ་ཇི་སྙེད་གཅིག་རྟོགས་ཐུབ་པར་མ་ཟད། བླང་དོར་གྱི་བློ་གྲོས་མང་པོ་ཞིག་རྙེད་སོང་། དེ་བས་ དཔེ་དེབ་འདི་དག་ནི་བསམ་བློའི་འཚོ་བཅུད་བྲལ་བའི་མི་བུ་དག་གིས་མ་བལྟས་ཐབས་མེད་ཀྱི་དཔེ་ཆ་ཞིག་ཏུ་མཐོང་། གང་ལགས་ཤེ་ན། འཕེལ་ རྒྱས་ཀྱི་བསམ་བློ་དང་། ལག་ལེན་གྱིས་དབུལ་བའི་རྗེས་ལུས་ཀྱི་མི་རིགས་ དག་ལ། མི་ཚེའི་བྱ་བར་ཡར་ཐོན་ཡོང་བའི་དགོས་མཁོ་དང་། འཇིག་ རྟེན་གྱི་འཚོ་བར་ལེགས་བཅོས་བཟོ་བའི་ཐབས་ལམ་ཇི་སྙེད་གཅིག་མཛུབ་མོ་རི་སྟོན་བྱས་འདུག་པར་མ་ཟད། སྒྱིད་ལུགས་དང་ལེ་ལོ་ཁོ་ན་ལས། མ་ འོངས་བའི་ཁ་ཕྱོགས་ལ་བསམ་བློའི་བློ་མིག་མི་ལྡན་པ་དག་ལ་ལམ་འཚོལ་གྱི་སྤྱན་མིག་བསྩལ་ཡོད་པས་སོ། ། སྤྱིར་དཔེ་ཀློག་བྱ་རྒྱུ་ནི་མིའི་རིགས་ཀྱི་ཀུན་སྤྱོད་དང་བསམ་བློ་ལེགས་ལམ་དུ་བསྒྱུར་བའི་དགོས་མཁོ་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་ཀྱང་《བློ་འབྱེད་དཔེ་ཚོགས་》ནི་མིང་དོན་མཚུངས་པའི་བློ་འབྱེད་དཔེ་ཚོགས་ ཤིག་སྟེ། ཁྱོད་ཀྱིས་ཐེངས་གཅིག་བཀླགས་སྟེ་ཞིབ་མོས་བསམ་གཞིག་གྱིས་ དང་། ཁྱོད་ལ་དགོས་ངེས་ཀྱི་ངེས་ཤེས་དུ་མ་ཞིག་སྐྱེ་སྲིད། 《བློ་འབྱེད་དཔེ་ཚོགས་》འདི་རུ་ང་ཚོའི་གུ་དོག་པའི་བསམ་བློ་དང་། ཀུན་སྤྱོད་ལས་བརྒལ་ཏེ། དཀྱེལ་ཡང་གི་བསམ་བློ་དང་། ཡོངས་ཁྱབ་ རིན་ཐང་། དམངས་གཙོའི་ཐབས་ལམ། རང་དབང་གི་ཁོར་ཡུག་སོགས་ དང་། གཞན་ཡང་འགན་ཁྲིའི་འདུ་ཤེས་ལྟ་ཚུལ་དང་། འཕེལ་རྒྱས་ཀྱི་ ལག་ལེན། སློབ་གསོའི་ལྟ་བ་སོགས་ལྟ་རྒྱ་དང་མཐོང་རྒྱ་སྐྱེད་ཐུབ་པ་དང་། ང་ཚོའི་བསམ་བློ་གུ་དོགས་དང་། འཚོ་སྟངས་རྙིང་པ་ཁོ་ན་ཙམ་མ་ཡིན་ པར། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལེགས་ལམ་དུ་ཇི་ལྟར་འགྲོ་ བའི་ཐབས་ཚུལ་ཁོ་ན་བསྟན་འདུག 《བློ་འབྱེད་དཔེ་ཚོགས་》འདི་འདྲ་ལྟ་བ་ནི། ཕལ་པའི་དཔེ་དེབ་བརྒྱ་ཕྲག་ བལྟས་པ་ལས་ཀྱང་རིན་ཐང་ཆེ་བ་ཞིག་རེད། བློ་འབྱེད་དཔེ་ཚོགས་འདི་འདྲ་ང་ཚོའི་ཁོར་ཡུག་ཏུ། ཡར་རྒྱས་ཀྱི་ལམ་དུ་ གོམ་ཁ་བསྒྱུར་བའི་སྔོན་འགྲོ་རུ་སྤེལ་ཐུབ་སོང་བ་ནི་ཆེས་རིན་ཐང་ལྡན་་པ་ཞིག་ཡིན་ལ། མ་འོངས་བར་ང་ཚོ་འདི་ལྟར་ལྟས་ལྟས་རིག་རིག་ལ་ རྗེས་ལུས་ཐེབས་མི་སྲིད་པར་མ་ཟད། འབྱུང་འགྱུར་འོད་སྟོང་ལྡན་པའི་ མདུན་ལམ་ཞིག་ཏུ་སླེབས་ཐུབ་པའི་རེ་བ་ཡོད་འདུག་སྙམ་པའི་ཡིད་ཆེས་ཞིག་དང་། སྤོབས་པ་ཞིག་རང་ཤུགས་ཀྱིས་སྐྱེ་ཡོང་། 《བློ་འབྱེད་དཔེ་ ཚོགས་》འདི་ནི་ང་ཚོའི་མུན་ནག་གི་དུས་རབས་མཇུག་རྫོགས་སྟེ། འཕེལ་རྒྱས་བདེ་སྐྱིད་ཀྱི་རང་དབང་ཉིན་བྱེད་འདྲེན་པའི་སྐྱ་རེངས་ཐོག་་མ་དེ་ཡིན་ངེས། འོན་ཀྱང་ཡིད་ཕངས་པ་ཞིག་ལ། དུང་ཞེན་གྱིས་ཕྱོགས་ སུ་ལྷུང་བས་ཀློག་པར་མི་སྤྲོ་བའམ། ཡང་ན་ཤེས་རབ་ཀྱི་བློ་མིག་གིས་མི་ ཆུན་པ་གང་ཡིན་མི་ཤེས་ཀྱང་། རིན་ཐང་ཆེ་བའི་བློ་འབྱེད་དཔེ་ཚོགས་ འདི་དག་ལྟ་ཀློག་བྱེད་མཁན་ཧ་ཅང་ཉུང་། མཇུག་ཏུ་རང་དང་སྐལ་བ་མཉམ་པའི་ན་གཞོན་དག་ལ་རེ་བ་ཞུ་འདོད་པ་ ཞིག་ནི། གནས་ལུགས་དང་། བདེན་དོན་གྱིས་ཕྱུག་པའི་དཔེ་ཆ་འདི་ དག་དུང་ཞེན་གྱིས་མ་བསླད་པར་ལྟ་ཀློག་རེ་ཅིས་ཀྱང་མཛོད་ཅེས་ཞུའོ།།

༢༠༡༠/༡༠/༢༣








འཕེལ་རྒྱས་དང་ཉམས་རྒུད་ཀྱི་ཁྱད་པར།

ཐོག་མར་རྒྱལ་ཁབ་བམ། མི་རིགས་སམ། ཁྱིམ་ཚང་གང་ཞིག་ཡིན་ཡང་། དེའི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་ཁྱད་པར་ནི། ལོ་རྒྱུས་རིང་མིན་དང་། རང་བྱུང་ཐོན་ཁུངས་ཡག་བཙོག་ལ་རགས་ལས་པ་ཞིག་མ་ཡིན་ཏེ། སོ་སོའི་ ཀུན་སྤྱོད་བཟང་ངན་དང་། བསམ་བློའི་སྙིང་སྟོབས་ལྡན་མིན་ལ་རགས་ ལས་པ་རེད། དཔེར་ན་རྒྱལ་ཁབ་བམ། མི་རིགས་གང་ཞིག་ཁ་ཁུ་སིམ་པོར་གྲགས་ འགུལ་ཅི་ཡང་མེད་པ་ཞིག་ཡིན་ཚེ། རྒྱལ་ཁབ་དང་མི་རིགས་དེའི་ངོ་ བོ་ནི། བླུན་རྨོངས་རྗེས་ལུས་ཀྱི་རང་བཞིན་ཡིན་ལ། གང་ཞིག་རྩོད་ གླེང་དང་། ལེགས་བཅོས་ཀྱི་བསམ་བློའི་ཚ་རླབས་འཕྱུར་བཞིན་པའི་རྒྱལ་ ཁབ་བམ་མི་རིགས་ཞིག་ཡིན་ན། དེའི་ངོ་བོ་ནི་འཕོ་འགྱུར་དང་། འཕེལ་ རྒྱས་ཀྱི་རང་བཞིན་ཡིན། དེ་བས་རྒྱལ་ཁབ་བམ། མི་རིགས་སམ། ཁྱིམ་ _________________  དོགས་སློང་དང་། ལེགས་བཅོས་བྱེད་པའི་བསམ་བློའི་སྙིང་སྟོབས་ལ་ཟེར ། ཚང་གང་ཞིག་ཡིན་ཡང་དེའི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་ཁྱད་པར་ནི། སོ་སོའི་འགན་འཁྲིའི་འདུ་ཤེས་ཀྱིས་ལེགས་བཅོས་བྱེད་པའི་བསམ་བློའི་ སྙིང་སྟོབས་ལྡན་མིན་ལ་ཐུག་ཡོད་པ་རེད། གསལ་པོར་བཤད་ན་མ་འོངས་ བའི་བྱ་གཞག་ལ་ཕུགས་བསམ་གྱི་སྙིང་སྟོབས་ཡོད་མེད་ལ་རགས་ལས་་་ པའོ།། དཔེ་མཚོན་ཆུང་ཆུང་ཞིག་བརྗོད་ན། ཁྱིམ་ཚང་ཕལ་པ་ཞིག་གི་དབང་དུ་ བྱས་ན། ཁྱིམ་ཚང་དེའི་འཕེལ་རྒྱས་དང་། ཉམས་རྒུད་ཀྱི་ཁྱད་པར་ནི་ཁྱིམ་ མི་ཡོངས་ལ་ཕུགས་བསམ་དང་སྙིང་སྟོབས་ལྡན་མིན་ལ་ཐུག་ཡོད། གལ་སྲིད་ཁྱིམ་ཚང་དེའི་ཁྱིམ་མི་ཡོངས་ལ། མ་འོངས་བའི་བྱ་གཞག་ལ་ ཕུགས་བསམ་དང་། འགན་འཁྲིའི་བྱ་བ་དང་ལེན་བྱེད་པའི་སྙིང་སྟོབས་ མེད་པར། དེ་རིང་གི་ཁ་ལ་ཟ་རྒྱུ་དང་། རྒྱབ་ལ་གྱོན་རྒྱུ་རྙེད་སོང་བ་ཙམ་ གྱིས་ཆོག་ཤེས་བྱེད་པའི་གོམས་གཤིས་ཞིག་ཆགས་ཡོད་ཚེ། ཁྱིམ་ཚང་ དེ་ནམ་ཡང་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་མི་སྲིད། དེ་ལས་ལྡོག་ཏེ་ཁྱིམ་ཚང་ཕལ་པ་དེའི་ཁྱིམ་མི་ཡོངས་ལ་མ་འོངས་བའི་བྱ་་བར་ཕུགས་བསམ་ལྡན་པ་དང་། ལེགས་བཅོས་བྱེད་པའི་བསམ་བློའི་སྙིང་ སྟོབས་ཡོད་པས། དེ་རིང་གི་ལྟོ་མ་ལྟོགས། རྒྱབ་མ་འཁྱགས་པའི་བསམ་ བློ་ཙམ་མ་ཡིན་པར། སང་ཉིན་གྱི་བྱ་བ་བརྩོན་སྒྲུབ་དང་། ལེགས་བཅོས་ བྱེད་པའི་སྙིང་སྟོབས་ལྡན་པ་ཞིག་ཡིན་ཚེ། ཁྱིམ་ཚང་དེ་ཉིན་རེ་ནས་ཉིན་ རེ། འཕེལ་རྒྱས་གྱི་ལམ་དུ་འགྲོ་ཐུབ་པ་ཞིག་ཡིན། མི་རིགས་ཡང་དེ་དང་ འདྲ་ལ། རྒྱལ་ཁབ་ཡང་དེ་དང་འདྲ་བ་ཡིན་ནོ། ། སུ་ཞིག་གིས་གང་དེའི་འཕེལ་རྒྱས་ཀྱི་འབྱུང་རྩ་ནི། ལོ་རྒྱུས་རིང་མིན་དང་། ཁོར་ཡུག་བཟང་ངན། རིགས་རྒྱུད་ཡག་བཙོག་ཞིག་ཡིན་པ་རེད་སྙམ་ པ་ནི་ནོར་འཁྲུལ་ཞིག་ཡིན། དཔེར་ན། ཨོ་སི་ཐྲི་ལེ་ཡ་དང་། ནིའུ་ཟེ་ ལན་ལོ་ངོ་༡༥༠ཙམ་གྱི་སྔོན་ལ་མིང་ཙམ་ལས་མེད་ཀྱང་། ད་ལྟ་འཕེལ་ རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཚུལ་ལ་ལྟོས། རྒྱ་གར་དང་། ཨེ་ཅིབ་ ལྟ་བུ་ལོ་རྒྱུས་ཤིན་ཏུ་རིང་བའི་རྒྱལ་ཁབ་དག་ཀྱང་། ད་ལྟ་ཉམམ་རྒུད་ཡིན་ པ་ལ་གཟིགས་དང་། འཕེལ་རྒྱས་དང་ཉམས་རྒུད་ཀྱི་ཁྱད་པར་ལོ་རྒྱུས་ རིང་མིན་ལ་རགས་ལས་པ་མ་ཡིན་པའི་ངེས་ཤེས་གསལ་པོ་ཞིག་སྐྱེ་ངེས། ཡང་། འཇར་པན་ལ་ས་རྒྱ་ཧ་ཅང་ཆུང་བར་མ་ཟད། བརྒྱ་ཆ་༨༠ནི་ལོ་ ཏོག་འདེབས་དཀའ་བའི་ས་རྒོད་ཡིན་མོད། ཡིན་ནའང་། འཛམ་གླིང་གི་ དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཨང་གཉིས་པར་བགྲངས་བཞིན་ ཡོད་པར་ལྟོས། གཞན་ཁོར་ཡུག་ལེགས་ཤིང་ཐོན་ཁུངས་བཟང་བའི་རྒྱལ་ཁབ་དག་ཀྱང་དབུལ་ཕོངས་ཆགས་ཚུལ་ལ་གཟིགས་དང་། འཕེལ་རྒྱས་དང་ཉམས་རྒུད་ཀྱི་ ཁྱད་པར་རང་བྱུང་གི་ཐོན་ཁུང་ལེགས་མིན་ལ་རགས་ལས་པ་ཞིག་ཀྱང་་མིན་པའི་བདེན་དཔང་བྱེད་ཐུབ། འདི་འདྲ་བའི་དཔེ་མཚོན་གང་མང་་་ མང་རེད། དེ་བས་འདི་ནས་བརྒྱ་བཤད་ཚིག་གི་རྩ་བ་ཅི་ཞིག་རེད་ཟེར་ན། མི་སུ་ ཞིག་ཡིན་ཡང་རང་ཉིད་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་བ་ལས། རྗེས་ལུས་ སུ་འདུག་ན་འདོད་མཁན་ཞིག་ཕལ་ཆེར་ཡོད་མི་སྲིད། དེ་ཕྱིར་འདི་ནས་ཅི་ཞིག་བྱས་ན་རྗེས་ལུས་འབྱུང་བ་དང་། གང་ཞིག་སྒྲུབ་ ན་འཕེལ་རྒྱས་ཡོངས་བའི་ངེས་ཤེས་གསལ་པོ་ཞིག་སྐྱེ་ཐུབ་རྒྱུ་དེ་ནི། ཤེས་ པར་བྱ་དགོས་རྒྱུ་དང་། ལག་ལེན་བྱེད་དགོས་རྒྱུ་གཙོ་བ་ནང་གི་གཙོ་བོ། སྙིང་པོའི་ནང་གི་ཡང་སྙིང་ཡིན། མི་དབུལ་པོ་ཞིག་ཡིན་ན་རང་ཉིད་ཕྱུག་པོ་བྱེད་སྙམ་པའི་ཧམ་སེམས་དང་། སྙིང་སྟོབས་ཡོད་དགོས། རྗེས་ལུས་ཀྱི་མི་རིགས་ཞིག་ཡིན་ན་འཕེལ་རྒྱས་ ཀྱི་ལམ་དུ་འགྲོ་བའི་སྤོབས་པ་དང་སྙིང་སྟོབས་ཡོད་དགོས་པའོ།། འཕེལ་རྒྱས་ནི་ལེགས་བཅོས་དང་། བླང་དོར་གྱི་ལག་ལེན་བྱེད་པའི་སྙིང་ སྟོབས་ལ་བརྟེན་ནས་བྱུང་བ་ཡིན་ལ། རྗེས་ལུས་ནི་ཀུན་སྤྱོད་དང་བསམ་ བློའི་གནོན་ཤུགས་འོག འཇིག་དད་དང་། སྒྱིད་ལུགས་ཀྱི་བསམ་བློ་གུ་དོག་ པས་ལེགས་བཅོས་དང་། བླང་དོར་བྱེད་པའི་སྙིང་སྟོབས་ཞན་པའི་རྐྱེན་ གྱིས་རྗེས་སུ་ལུས་པ་རེད། རྗེས་ལུས་ཀྱི་རྒྱལ་ཁབ་བམ། མི་རིགས་སམ། ཁྱིམ་ཚང་སུ་ཞིག་ཡིན་ཡང་ ཕྱི་དངོས་པོའི་དཔལ་ཡོན་དང་། ནང་བསམ་བློའི་གོ་རྟོགས་ཡོད་ཚད་ རང་གི་འབད་པས་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས། ད་གཟོད་ཡར་ རྒྱས་གོང་འཕེལ་གྱི་ལམ་དུ་སོང་བ་ཞིག་རེད། རྒྱུ་མཚན། ད་ལྟ་འཕེལ་རྒྱས་ཀྱི་རྒྱལ་ཁབ་དང་། མི་རིགས་དེ་དག་གི་ དཔལ་ཡོན་ནི་ལྷ་ཡིས་གནང་བ་མིན་ལ། ཀླུ་ཡིས་བྱིན་པའང་མིན། གང་ རེད་ཟེར་ན་ཁོ་ཚོ་རང་རང་གིས་འབད་པས་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་སྐྲུན་པ་ཡིན་པས་སོ།། དེའི་ཕྱིར་ན་གང་ཞིག་ཡིན་ཡང་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་མིན་ནི། རང་རང་འབད་པས་སྒྲུབ་པའི་སྙིང་སྟོབས་ལ་ཐུག་ཡོད། མི་ཡིས་སྒྲུབ་ཐུབ་ པ་ཞིག་རང་ཉིད་ཀྱིས་ཀྱང་སྒྲུབ་ཐུབ་སྙམ་པའི་ཡིད་ཆེས་ཡོད་དགོས། དེ་ ནི་རང་ཉིད་ཀྱང་མི་ཡིན་པས་སོ། ། འཛམ་གླིང་གི་མཁའ་བསྐྱོད་གནམ་གྲུ་ཡང་མི་ཡིས་བཟོས་པ་ཡིན་ལ། དེང་རབས་ཀྱི་བརྡ་འཕྲིན་གློག་ཆས་ཀྱང་མི་ཡིས་བཟོས་པ་ཡིན། ཚོང་ ལས་དཔལ་འབྱོར་ཡང་མི་ཡིས་བཟོས་པ་ཡིན་ལ། ཚན་རིག་ལག་རྩལ་ ཡང་མི་ཡིས་སྐྲུན་པ་ཡིན། རྗེས་ལུས་ཀྱི་ང་ཚོའི་དེར་ཡ་མཚན་དང་། ཧ་ ལས་དགོས་དོན་ཅི་ཡང་མེད། དེ་དག་ནི་ང་ཚོས་ཤེས་མི་ཐུབ་པ་ཞིག་དང་། སྒྲུབ་མི་ཐུབ་པ་ཞིག་གཏན་ནས་མ་རེད། དེ་ནི་རང་ཉིད་ལ་འབད་པས་ སྒྲུབ་པའི་སྙིང་སྟོབས་ལྡན་ན་སུས་ཀྱང་ཤེས་ལ་སྒྲུབ་ཐུབ་པ་ཞིག་རེད། རང་ ཉིད་མི་ཞིག་གི་ཚད་ལ་བཞག་སྟེ། ཅི་ཡང་སྒྲུབ་ཐུབ་ལ། གང་ཡང་ ཤེས་ཐུབ་སྙམ་པའི་ཡིད་ཆེས་དང་སྤོབས་པ་ཡོད་དགོས་སོ།། རང་གིས་རང་ལ་དམའ་འབེབས་དང་མཐོང་ཆུང་བྱེད་མི་ཉན། རང་གིས་ རང་ལ་དམའ་འབེབས་དང་མཐོང་ཆུང་བྱེད་པ་དང་། ངས་ཅི་ཡང་མི་ཤེས། ངས་གང་ཡང་སྒྲུབ་ཐུབ་རྒྱུ་མ་རེད་སྙམ་པ་ནི་བླུན་རྨོངས་དང་རྗེས་ལུས་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན། མི་ཞིག་ཡིན་ན་རང་ཉིད་གང་ནས་ཡིན་ཡང་ མདུན་གྲལ་དུ་འགྲོ་ཞིང་། ནམ་ཡང་མདུན་གྲལ་དུ་འདུག་པ་ལས་རྗེས་ ལུས་སུ་མི་འདུག་སྙམས་པའི་སྤོབས་པ་ཞིག་ཡོད་དགོས་ལ་དེ་ནི་འཕེལ་་ རྒྱས་ཀྱི་སྔོན་འགྲོ་ཡིན། ང་ཚོའི་འདི་ནས་རྟོགས་དགོས་པའི་གནད་དོན་གཙོ་བོ་ཡང་དེ་རེད། མདོར་ བསྡུས་ན། ཅི་ཞིག་གིས་འཕེལ་རྒྱས་འབྱུང་བ་དང་། གང་ཞིག་གིས་རྗེས་ ལུས་སུ་འགྱུར་བ་ཡིན་པ་གསལ་པོ་ཤེས་རྟོགས་བྱུང་རྗེས། མ་འོངས་བར་ རང་རང་གི་གནས་བབས་ལ་གཞིག་ནས་ལེགས་བཅོས་དང་། བླང་དོར་ བྱེད་པའི་སྙིང་སྟོབས་ཀྱིས་ལག་ལེན་བྱེད་རྒྱུ་དེ་གཙོ་བོ་ཡིན་ནོ།།







འཚོལ་སྙེག་རང་བཞིན།














རང་དབང་དང་དམངས་གཙོའི་ཐབས་ལམ།

རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། གཅིག མི་རུ་སྐྱེས་པའི་སྐྱེ་བོ་དྲག་ཞན་སུ་ཞིག་ཡིན་ཡང་རང་དབང་གི་བདེ་སྐྱིད་ལ་ལོངས་སུ་སྤྱོད་དགོས་ན་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ་གྱི་ གོ་དོན་མ་ནོར་བའི་དམངས་གཙོའི་ཐབས་ལམ་བླ་ན་མེད་པ་འདི་ལ་བརྟེན་ དགོས། གོ་སླ་མོར་བཤད་ན་དམངས་གཙོ་ནི། རང་དབང་གི་རྩ་དོན་ཞིག་ཡིན་ ལ།“རང་དབང་ནི། སྐྱེས་བུར་ཕྱིའི་བཙན་ཤུགས་ཀྱི་གཉའ་གནོན་མི་ ཐེབས་པའི་ཐོབ་ཐང་ཞིག་དང་། སྐྱེས་བུའི་འཚོ་གཞེས་ལ་ཕྱིའི་བཙན་ ཤུགས་ཀྱི་ཚོད་འཛིན་དང་བསྡམ་བཅུན་མི་ཐེབས་པའི་ཐོབ་ཐང་ཞིག་ལ་ཟེར་གྱི་ཡོད་”ཅེས་ཧུའུ་ཧྲི་ཡིས་གསུངས་ཡོད། དམངས་གཙོའི་མཚན་ ___________  ཧུའུ་ཧྲི། 适1891---1962རྒྱ་ནག་གི་དེང་རབས་མཁས་པ་དང་། བསམ་བློ་མཁན། ཉིད་ནི་ལིན་ཁོན་གྱིས། “དམངས་གཙོ་ནི་མི་དམངས་ཀྱི་ཆེད་དང་། མི་ དམངས་ཀྱིས་བཙུགས་པའི་གཞུང་ཞིག་ཡིན་“པར་གསུངས་པ་ལྟར་རེད། འགྲོ་བ་མིའི་རིགས་རང་དབང་དང་། ཞི་བདེའི་ངང་ནས་བདེ་སྐྱིད་འདྲ་ མཉམ་གྱིས་ལོངས་སུ་སྤྱོད་དགོས་ན་དམངས་གཙོའི་ཐབས་ལམ་ལག་ལེན་མི་བྱེད་ཐབས་མེད་ཡིན། རྒྱུ་མཚན་ནི་དཔེར་ན། དམངས་གཙོ་ནི་འཚོ་གནས་ཀྱི་གནས་ཁང་ལྟ་བུ་ ཡིན། གོ་བདེར་བཤད་ན། མི་བུ་ཞིག་ཡིན་ན་རང་ཉིད་འཚོ་བ་སྐྱིད་པོ་ ཞིག་རོལ་དགོས་ན་ཐོག་མར་རང་ཉིད་ཀྱི་གནས་ཁང་ལེགས་པོ་ཞིག་བསྐྲུན་དགོས། གནས་ཁང་མེད་ན། དབྱར་དགུན་སྟོན་དཔྱིད་ཀྱི་གྲང་རླུང་སེར་ གསུམ་ཇི་ལྟར་གཟོད། དེ་བཞིན་རང་ཉིད་འཇིག་རྟེན་ཁམས་འདིར་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་འདོད་ན། ཐོག་མར་དམངས་གཙོའི་ལམ་བཟང་འདི་འཚོལ་དགོས། དམངས་ གཙོའི་ལམ་བཟང་འདི་མེད་ན། གཅིག་གིས་གཅིག་ལ་བཙན་གནོན་གྱི་ མནར་གཅོད་ཇི་ལྟར་བཟོད། དེ་དཔེ་བཞག་པ་ཙམ་ཡིན། མདོར་ན་་་་་ དམངས་གཙོའི་ཐབས་ལམ་ནི་རང་དབང་དང་བདེ་སྐྱིད་ཀྱི་རྩ་བ་ཡིན་ནོ།། སྤྱིར་དུས་རབས་བཅུ་དགུ་པའི་ཚུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཁུར་བྱས་པ་ནས་བཟུང་། སྤྱི་དམངས་ཀྱིས་རང་དབང་ དང་དམངས་གཙོའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་ཡང་། ད་དུང་སྒེར་གཅོད་ཀྱི་རྒྱལ་ཁབ་དང་། མི་རིགས་འགའ་ཞིག་ལ་དེ་འདྲའི་ འགན་སྲུང་མེད་ལ། ལག་ལེན་བྱེད་ཀྱིན་མེད། བྲན་གཡོག་ལམ་ལུགས་ ཀྱིས་དད་མོས་དང་། རང་དབང་ལ་བཀག་འགོག་བྱེད་བཞིན་ཡོད་པས། ཉམ་ཆུང་གི་མི་རིགས་གང་མང་ཞིག་ལ་བཙན་གནོན་གྱི་མནར་གཅོད་ཐེབས་བཞིན་ཡོད། དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ནས་ཁས་ལེན་པའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ལ་བརྩི་སྲུང་མི་བྱེད་པའི་གདོལ་སྤྱོད་པ་ཁག་ གཅིག་གི་སྤྱོད་པ་རེད། དབང་སྒྱུར་གྱི་ཟློས་གར་འཁྲབ་མཁན་དག་གིས་རང་ཉིད་ཀྱི་གཅིག་སྡུད་རིང་ལུགས་ལག་སྟར་བྱེད་ཆེད་བེད་སྤྱོད་བྱེད་བཞིན་པའི་དམངས་གཙོ་ནི། བེད་སྤྱོད་ལོག་པར་གཏོང་བཞིན་པ་ལས། དོན་དངོས་ཀྱི་མི་དམངས་ གི་དམངས་གཙོའི་ཐབས་ལམ་མ་ནོར་བ་གཏན་ནས་ལག་ལེན་བྱེད་ཀྱིན་མེད་པ་ཀུན་གསལ་རེད། གཉིས། དེང་སྐབས་འཛམ་བུ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཧ་ཅང་ཇེ་གསལ་དུ་འགྱུར་བཞིན་ཡོད་པ་དང་། འགྲོ་བ་མིའི་རིགས་ཡོངས་ཀྱིས་ རང་དབང་གི་ཐོབ་ཐང་དང་། དམངས་གཙོའི་ལམ་བཟང་ལ་རེ་སྙེག་ ཆེན་པོ་བྱེད་བཞིན་ཡོད་ལ། སྒེར་གཅོད་པའི་སྲིད་ལུགས་འོག་ཏུ་མནར་ གཅོད་མྱོང་བཞིན་པའི་མི་རིགས་སུ་ཞིག་ཡིན་ཡང་། རང་རང་གི་རང་ དབང་དང་། དམངས་གཙོའི་ཐབས་ལམ་ལ་འཚོལ་བསྙེག་བྱེད་དགོས། རང་དབང་ནི་རང་ཉིད་འགྲོ་བ་མི་རུ་སྐྱེས་པ་ནས་བཟུང་ཡོད་ལ། རང་དབང་ དེ་ཉིད་རང་གིས་བསྲུང་བའི་དབང་ཆ་དང་ཐོབ་ཐང་ཡོད། དེ་བས་ང་ཚོ་མི་རིགས་གང་ཞིག་ཡིན་ནའང་ཕན་ཚུན་གཅིག་གིས་གཅིག་ལ་འགྲོ་བ་མིའི་རིགས་ཀྱི་རང་དབང་ལ་རྡོག་རྫིས་བཏང་སྟེ། གདུག་ རྩུབ་ཀྱིས་དབང་སྒྱུར་དང་གཉའ་གནོན་བྱེད་པའི་དབང་ཆ་སུ་ལའང་མེད།གང་ལགས་ཤེ་ན། འགྲོ་བ་མི་རུ་སྐྱེས་པ་ཐམས་ཅད་འདྲ་མཉམ་གྱིས་ འཚོ་ཆོག་པའི་བདག་དབང་ཡོད་པས་སོ།། གང་ན་རང་དབང་ཡོད་ན་དེར་བདེ་སྐྱིད་ཡོད་ལ། གང་ན་རང་དབང་ མེད་ན་དེར་སྡུག་བསྔལ་གྱི་རང་བཞིན་ཡིན། གང་ན་དབང་སྒྱུར་དང་ གཉའ་གནོན་ཡོད་ན་དེར་འོས་ལང་དང་ངོ་རྒོལ་ཡོད་ལ། གང་ན་གཞན་ དབང་གི་སྡུག་བསྔལ་ཡོད་ན་དེར་རང་དབང་གི་འཚོལ་སྙེག་ཡོད་པ་ཡིན། གསུམ། འདི་ནས་ཐབས་ལམ་དང་སྙིང་སྟོབས་ཇི་ལྟ་བུ་ཞིག་ལ་བརྟེན་ནས་རང་དབང་དང་བདེ་སྐྱིད་བཙལ་བའི་བརྒྱུད་རིམ་དོན་དངོས་ཀྱི་ལོ་རྒྱུས་ཟོལ་བཅོས་ཀྱི་རྙོག་མས་མ་བསླད་པ་འགའ་ཞིག་བསོང་པོར་བརྗོད་པར་བྱའོ། ། དབྱི་སི་རལ་israelཞེས་པའི་རྒྱལ་ཁབ་དེའི་མི་རིགས་ནི་འཛམ་གླིང་དུ་་གྲགས་ཆེ་བའི་མི་རིགས་ཞིག་ཡིན་ལ་རང་གི་རྒྱལ་ཁབ་ལ་ཧ་ཅང་ཤ་ཞེན་་་་ དྲག་པོ་ཞིག་ཡོད་པ་རེད། དབྱི་སི་རལ་ཆགས་ནས་ལོ་༡༤༠༠རྗེས་ལ་རོམ་Romeཟེར་བའི་སྟོབས་་ལྡན་རྒྱལ་ཁབ་ཞིག་ཡོད། རྒྱལ་ཁབ་མང་པོ་ཞིག་དེ་ལ་སྐྱབས་བཅོལ་ཞུ་ དགོས་པ་ཆགས་འདུག་ཀྱང་དབྱི་སི་རལ་མི་རིགས་དེ་ཚོ་རང་གི་རྒྱལ་ཁབ་ལ་ཤ་ཞེན་ཆེ་བའི་སྟབས་ཀྱིས་མགོ་བཏགས་མ་བཅོལ་བར་ངོ་རྒོལ་ཆེན་པོ་་བྱས་ཀྱང་། རོམ་རྒྱལ་ཁབ་སྟོབས་ཤུགས་ཆེ་བས་དབྱི་སི་རལ་གྱི་རྒྱལ་ཁབ་ རྩ་གཏོར་བཏང་བར་མ་ཟད། དབྱི་སི་རལ་གྱི་རྒྱལ་ས་ཇི་རུ་སི་ལམ་Jerusalemཡོངས་རྫོགས་བླངས་ པ་རེད། དམག་འཁྲུགས་སྐབས་སུ་ལྷག་མར་ལུས་པའི་དབྱི་སི་རལ་གྱི་ མི་རིགས་རྣམས་རང་ཡུལ་བཟུང་བའི་སྟོབས་ཤུགས་བྲལ་ནས་འཛམ་གླིང་་གི་རྒྱལ་ཁབ་སོ་སོར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་། རང་ཡུལ་མི་ལ་ཤོར་ནས་གཞན་ཡུལ་དུ་མི་ལོ་༣༠༠༠སྐོར་སྡོད་དགོས་བྱུང་བའི་དབྱི་སི་རལ་གྱི་མི་རིགས་དེ་དག་མཐུན་འབྲེལ་ཆེ་ཞིང་ལས་ལ་བརྩོན་པ་ཞིག་སྟེ། རང་གི་རིག་གནས་དང་གོམས་གཤིས་སོགས་ཉམས་བརླག་ ཏུ་མ་བཏང་བར་མི་ལོ་༣༠༠༠ལྷག་ལ་སྲུང་སྐྱོབ་བྱས་པ་མ་ཟད། ཕྱི་ཡི་ཤེས་ བྱ་ཡོན་ཏན་ལ་སྦྱང་བརྩོན་ཁྱད་དུ་འཕགས་ཤིང་། དབྱི་སི་རལ་གྱི་མི་ རིགས་ཞེས་འཛམ་གླིང་སྙན་གྲགས་ཡོད་པ་སྟེ། ཐེངས་དང་པོའི་རྡུལ་ཕྲན་ མཚོན་ཆ་བཟོ་མཁན་ཡང་དབྱི་སི་རལ་གྱི་མི་རིགས་ཡིན། ཁོ་ཚོ་ནི་མི་རིགས་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་རིག་པ་ལྡན་ཞིང་བརྩོན་འགྲུས་ཆེ་བའོ།། དུས་རབས་བཅུ་དགུ་པའི་སྔོན་ཙམ་ལ་དབྱི་སི་རལ་ཁ་ཆེའི་རྒྱལ་ཁབ་ཀྲར་ཀི་ཞེས་པའི་དབང་བསྒྱུར་འོག་ཏུ་ཚུད། དེ་རྗེས་འཛམ་གླིང་དམག་ཆེན་ དང་པོའི་སྐབས་དབྱི་སི་རལ་གྱི་མི་རིགས་ཀྱི་ཚན་རིག་མཁས་པ་ཝི་ཇི་མན་་་ཟེར་བས་མེ་སྒྱོག་གི་མདིལ་རྫས་བཙལ་རྙེད་ལ་བརྟེན་ན་འཛམ་གླིང་དུ་་ དབྱི་སི་རལ་གྱི་མི་རིགས་ཀྱི་གྲགས་པ་ཇེ་ཆེར་གྱུར་པ་དང་། དབྱི་སི་རལ་ གྱི་མི་རིགས་ཀྱི་མཛའ་བརྩེ་ཇེ་ཟབ་དང་། གཞན་ཡུལ་དུ་གྱར་བའི་དཀའ་ སྡུག་ཡོད་ཚད་དང་དུ་བླངས་ཏེ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་རྡོག་རྩ་གཅིག་ཏུ་སྦྲེལ་ཏེ་གདོང་མཆོང་བྱས་པ་རྒྱུད། རྒྱལ་ཁབ་གཞན་གྱི་ མཐོང་ཆུང་དང་བཙན་གནོན་ཅི་ཙམ་བྱས་ཀྱང་ཁོ་ཚོར་སེམས་ཤུགས་ཇེ་ཆེར་འགྲོ་བའི་མཐུན་རྐྱེན་དུ་གྱུར་བ་དང་། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ མེད་ཀྱང་རང་གི་ལུས་པོ་རང་གི་རྐང་པས་འདེགས་ཐུབ་པ་ཙམ་བྱུང་བ་་་ རེད། ཕྱི་ལོ་༡༩༤༧ལོར་མཉམ་སྦྲེལ་རྒྱལ་ཚོགས་ནས་དབྱི་སི་རལ་ལ་རང་བཙན་་་སྤྲོད་རྒྱུ་ཐག་གཅོད་བྱས། ཡིན་ནའང་ཁ་ཆེ་བ་ཚོས་དབྱི་སི་རལ་གྱི་རྒྱལ་ ས་བདག་བཟུང་བྱས་ཡོད་སྟབས་རང་དབང་མ་བྱུང་ལ། ཕྱི་ལོ༡༩༤༨ལོར་ དབྱི་སི་རལ་གྱི་མི་རིགས་དང་། ཁ་ཆེའི་རྒྱལ་ཁབ་བར་དམག་འཁྲུགས་ དྲག་པོ་བྱས་ཤིང་། དབྱི་སི་རལ་གྱི་དམག་ནི་ཁ་ཆེ་བའི་དམག་ལས་ལྡབ་ དགུ་ཙམ་གྱིས་ཉུང་ལ། གོ་མཚོན་སོགས་ཁ་ཆེའི་རྒྱལ་ཁབ་དང་བསྡུར་ ཐབས་མེད་ཀྱང་། འཐབ་འཁྲུགས་དངོས་ཀྱི་སྐབས་དབྱི་སི་རལ་གྱི་མི་རིགས་ ཀྱིས་རྒྱལ་ཁ་བླང་པ་རེད། དབྱི་སི་རལ་གྱི་མི་རིགས་ཚོར་བདེན་པ་ལ་ཡིད་ཆེས་དང་། ཆིག་སྦྲེལ་གྱི་ སེམས་ཤུགས་ཡོད་པའི་སྟབས་ཀྱིས་ཁོ་ཚོར་རྒྱལ་ཁ་ཆེན་པོ་ཐོབ་པ་སྟེ། ཉམ་ཆུང་བའི་མི་རིགས་སྟོབས་ལྡན་དུ་ཆགས་པའི་བརྒྱུད་རིམ་ཁྲོད་ཁྱད་དུ་འཕགས་པའི་ལྐོག་གྱུར་གྱི་གསང་བ་མང་པོ་མཆིས། ནང་ལོ་༢༠༠༠རྗེས་དབྱི་སི་རལ་གྱི་མི་རིགས་ལ་དངོས་སུ་རང་དབང་རང་ བཙན་ཐོབ། ད་ལྟ་ཉམ་ཆུང་གི་མི་རིགས་དེ་སྟོབས་ལྡན་གྱི་རྒྱལ་ཁབ་དུ་ མ་ཞེད་སྣང་སྐྱེ་དགོས་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་གྱུར་ཡོད་འདུག བཞི། དེ་ལྟར་དབང་བསྒྱུར་དང་གཉའ་གནོན་གྱི་འོག་ཏུ་ཚུད་པའི་རྒྱལ་ཁབ་དང་་མི་རིགས་སུ་ཞིག་ཡིན་ཡང་། དེ་དག་ལ་རང་དབང་དང་བདེ་སྐྱིད་ཡོད་ མི་སྲིད་ལ། དཔེར་ན། དབྱི་སི་རལ་གྱི་མི་རིགས་དག་གི་བཙན་བྱོལ་ ཁྲོད་ཀྱི་དཀའ་སྡུག་ལྟ་བུ་རེད། གཡོ་ཟོལ་གྱི་གཉའ་གནོན་གང་དུ་ཡོད་པ་དེར་རང་དབང་གི་འཚོལ་སྙེག་་ཡོད་སྲིད་ལ། རང་དབང་གི་འཚོལ་སྙེག་གང་དུ་ཡོད་ན་དེར་བདེན་པའི་ རྒྱལ་ཁ་ཡོད་པ་གོང་གསལ་དབྱི་སི་རལ་གྱི་མི་རིགས་ཀྱིས་རང་དབང་ཐོབ་པ་ལྟ་བུ་ཡིན། འགྲོ་བ་མི་རུ་གཏོགས་པ་ཐམས་ཅད་བསམ་བློ་གཏོང་ཤེས་ པ་དང་། རྒྱུ་མཚན་རྟོགས་ཤེས་མཁན་ཞིག་ཡིན་སྟབས། མི་རིགས་ཕན་ ཚུན་བར་དང་། རིགས་རུས་མཐོ་དམན་གྱི་དབྱེ་བ། ཕོ་མཆོག་མོོ་དམན་ གྱི་ལྟ་བ་སོགས་ཀྱིས་གཅིག་གིས་གཅིག་ལ་བྲན་གཡོག་དང་། མཐོང་ཆུང་། བཀོལ་སྤྱོད་། གཉའ་གནོན་བྱེད་པ་ནི་ཆེས་མི་འོས་པའི་གདུག་རྩུབ་གྱི་ སྤྱོད་པ་ཁོ་ནར་ངེས་པ་སུས་ཀྱང་རྟོག་པར་འགྱུར་བ་ཞིག་ཡིན་ལ། གལ་ སྲིད་དེ་དག་ལ་བསམ་བློ་མི་གཏོང་བར་གདོལ་སྤྱོད་ཀྱི་ལས་ལ་གང་བྱུང་དུ་འཇུག་པ་ནི། འགྲོ་བ་མིའི་ཐོབ་ཐང་ལ་དམའ་འབེབས་བྱས་པ་ཞིག་རེད། རུལ་སུངས་ཀྱི་ལྟ་བ་དང་། འདྲ་མཉམ་མ་ཡིན་པའི་སྤྱོད་པ་སོགས་ནི། བྲན་གཡོག་དང་། གདོལ་སྤྱོད་ཀྱི་འདུ་ཤེས་ངན་པ་ཆགས་པའི་གཞི་མ་ ཡིན་ལ། འདུ་ཤེས་དེས་མི་བུ་རང་སྐྱ་ཐུབ་པ་ཞིག་དང་། མི་བུ་འཇོན་་ ཐང་ལྡན་པ་ཞིག་ནམ་ཡང་འཚར་ལོངས་འབྱུང་དཀའ་བས་སོ། ། དེ་ལས་ཀྱང་རྨད་དུ་བྱུང་བ་ཞིག་ནི་དབྱིན་ཇི་རྒྱལ་ཁབ་ཀྱིས་མི་ལོ༢༠༠ལྷག་གི་རིང་ལ་རྒྱ་གར་བའི་མི་རིགས་དག་ལ་དབང་སྒྱུར་དང་། གཉའ་གནོན་ གྱིས་མནར་སྤྱོད་ཚད་མེད་བཏང་བ་དང་། ས་ཆ་དང་ཁྲོམ་ར་སོགས་བཙན་ བཟུང་བྱས་ཏེ། མི་རིགས་དང་ཆོས་སྲིད་ལ་ཉམས་ཉེས་ཚབས་ཆེན་ཐེབས་ པའི་སྐབས་སུ། རྒྱ་གར་གྱི་རླབས་ཆེ་བའི་སྐྱེས་བུ་མ་ཧཱ་གྷན་དྷི་མཆོག་གིས་ དབུ་ཁྲིད་འོག་དྲང་བདེན་དང་། འཚེ་མེད་ཞི་བ་གཙོ་བོར་བཟུང་སྟེ། མི་ དམངས་ཀྱི་འགུལ་བསྐྱོད་རྣམ་པའི་སྒོ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་།འཐབ་རྩོད་མཐར་ཕྱིན་གནང་བས་སྤྱི་ལོ་༡༩༤༧ལོར་མེ་མདའ་ཐེངས་གཅིག་འཕེན་དགོས་མ་བྱུང་བར་དབྱིན་ཇི་བའི་བཙན་གནོན་འོག་ནས། རྒྱ་་ གར་གྱི་མི་རིགས་དག་གིས་བླ་ན་མེད་པའི་རང་དབང་རང་བཙན་བླངས།དུས་ཡུན་རིང་པོར་མནར་སྤྱོད་མྱང་བའི་རྒྱ་གར་བའི་མི་སེར་དུང་ཕྱུར་མང་་ པོར་རང་དབང་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་ཐུབ་པ་བྱུང་ངོ་། ། ལྔ། མིའི་རིགས་ལ་བདེ་སྐྱིད་དགོས་ན་ཐོག་མར་རང་དབང་ཡོད་དགོས། རང་་ དབང་མེད་ན་བདེ་སྐྱིད་ཞིག་གཏན་ནས་ཡོང་ཐབས་མེད། དེ་དག་ནི་ གཞན་དབང་དུ་གྱུར་པའི་རྒྱལ་ཁབ་དང་། མི་རིགས། ཁྱིམ་ཚང་། ཐ་ན་ རང་ཉིད་གཅིག་པུ་ལ་དཔེ་བཞག་པ་ཡིན་ནའང་བདེ་སྐྱིད་ཅིག་ཡོང་ཐབས་ཡོད་མེད་ཤེས་པར་འགྱུར་བ་ཞིག་ཡིན་ལ། གཞན་དབང་གི་གནོན་ཤུགས་ ཇི་ལྟར་ཆེ་ན་དེ་ལས་ལྷག་པའི་རང་དབང་གི་བདེ་སྐྱིད་འཚོལ་བའི་སྤོབས་་ པ་ཡོད་དགོས་པའོ།། གཞན་ཡང་ཨ་རིའི་སྲིད་འཛིན་ཨང་བཅུ་དྲུག་པ་ལིན་ཁོན་མཆོག་གིས་ཨ་རིའི་བྲན་གཡོག་ལམ་ལུགས་ཁྲིམས་ཐོག་ནས་མེད་པར་བཟོས་ཏེ། ཞི་ བདེ་དམངས་གཙོའི་ཁྲིམས་སྲོལ་གཏན་འབེབས་བྱས་པ་ནས་བཟུང་། མི་ རིགས་དཀར་ནག་གི་དབྱེ་བ་དང་། ཆོས་ལུགས་ཕན་ཚུན་བར་གཉའ་ གནོན་གྱི་བྱེད་ཐབས་མཐའ་དག་མཇུག་རྫོགས་ཤིང་། གདུག་རྩུབ་དང་ གཉའ་གནོན་འོག་མནར་གཅོད་མྱོང་བཞིན་པའི་མི་རིགས་ནག་པོའི་མི་སེར་དཀྱུས་མ་དག་གིས་ནམ་ཡང་རེ་སྨོན་བྱེད་བཞིན་པའི་རང་དབང་གི་་ རྨི་ལམ་མངོན་གྱུར་བྱུང་བ་དང་། ཆོས་ལུགས་ཕན་ཚུན་བར་དང་། ཤ་ མདོག་དཀར་ནག་གི་མི་རིགས་ཕན་ཚུན་བར་ལག་བརྡང་གཅིག་ཏུ་སྦྲེལ་ཏེ་འགྲོ་བ་མིའི་རིགས་བཅིང་གྲོལ་དང་། རང་དབང་ཐོབ་པའི་སྨོན་གླུ་བླངས་ ཡོད། སྤྱི་ལོ་༡༩༨༨ལོར་འབར་མའི་ཡུལ་ནས་ཀྱང་དམངས་གཙོའི་ལས་འགུལ་ཤུགས་ཆེན་སྤེལ་བའང་། དེ་དུས་ཀྱི་འབར་མའི་སྲིད་ཇུས་མི་ལེགས་པའི་ འོག། སྲིད་དབང་སྒེར་གཅོད་ཀྱི་ལག་ལེན་ཚད་བརྒལ་དང་། ལྐོག་ཟ་ རུལ་སུངས་ཀྱི་བྱེད་སྟངས་ཁོ་ན་ལས་མ་འདས་པས། མི་སེར་དཀྱུས་མ་དག་ ལ་འཚོ་བའི་དཀའ་ངལ་བཟོད་གླག་མེད་པ་བྱུང་བར་བརྟེན། སློབ་ཕྲུག་ ཚོས་དེ་ལ་ངོ་རྒོལ་རྔམས་སྟོན་ཁྲོམ་སྐོར་བྱས་པ་ཡིན་ལ། དེ་དག་བཙན་ གནོན་གྱི་འོག་ནས་རང་ལ་ཐོབ་ཆོག་ཆོག་དང་། ཐོབ་འོས་པའི་རང་དབང་་ དང་བདེ་སྐྱིད་བརྩོན་ལེན་བྱེད་པའི་བློ་སྤོབས་ལ་ཡི་རང་དང་། རྗེས་དྲན་ བྱེད་འོས་པ་ཞིག་མ་ཡིན་ནམ། དྲུག རང་མི་རིགས་ནི་བཙན་རྒྱལ་རིང་ལུགས་པས། བཙན་གནོན་བྱས་ནས་ མི་ལོ་༥༠ལྷག་འདས་པའི་མུན་ནག་གི་བར་སྟོང་ཆེན་པོ་འདི། ལོ་རྒྱུས་ སྟེང་བོད་མི་རིགས་ལ་བྱུང་མ་མྱོང་པའི་ཆག་གྲུམ་ཆེན་པོ་ཞིག་ཡིན་པ་ནི་ __________ འདི་ནས་ངས་ནན་ཏན་ཆེན་པོས་གསལ་བཤད་བྱེད་འདོད་པ་ཞིག་ལ། བདེན་དོན་དང་རང་དབང་གི་ཆེད་དུ་འཚོལ་སྙེག་དང་། རྩོད་ལེན་ཇི་ལྟར་བྱས་ པའི་བརྒྱུད་རིམ་གྱི་ལོ་རྒྱུས་དུམ་བུ་འདི་དག་ལ་བསམ་གཞིག་དང་། རྒྱུས་ལོན་བྱེད་དགོས་པའི་རྒྱུ་མཚན་ནི། ང་ཚོའི་གནས་བབས་འདིའི་ཁྲོད་ནས་ཅི་ཞིག་ རྩོད་ལེན་བྱེད་དགོས་པ་དང་། གང་ཞིག་འཚོལ་རྟོག་བྱེད་དགོས་པའི་བསམ་བློ་དང་། ངེས་ཤེས་ཅུང་ཟད་རེ་རྙེད་ཐུབ་པའི་ཕྱིར་དུའོ།། རང་མི་རང་ལ་རྒྱུས་ཡོད་པ་ཙམ་མ་ཡིན་པར། འཛམ་གླིང་གི་དཔྱོད་ལྡན་ ཚང་མར་མིག་མཐོང་ལག་ཟིན་གྱུར་ཡོད། དེ་དག་ནི་གནའ་རབས་ཀེ་རི་སིའི་སྐྱོ་གར་གྱི་དུས་རབས་དང་། ཉེ་རབས་ འཇར་མན་ནཱ་ཛིས་ཇེའུས་མི་རིགས་ལ་བཏང་བའི་ནག་ཁྲིམས་ལྟ་བུ་སྟེ། ཁོ་ཚོ་ནི་རང་དབང་དང་། འདྲ་མཉམ་གྱི་ལྟ་བ་དང་བྲལ་ཞིང་། དབང་ སྒྱུར་དང་། བཙན་གནོན་གྱི་བྱེད་ཐབས་ཁོ་ནར་རྟེན་གྱི་ཡོད་པས། ཉམ་ ཆུང་གི་རྒྱལ་ཁབ་དང་མི་རིགས་དག་ལ་ཆེས་མུན་ནག་གི་བར་སྟོང་ཆེན་་ པོ་ཞིག་བསྐྲུན་ཡོད། དེ་ལས་ཀྱང་དབང་བསྒྱུར་བས་དོན་དངོས་ཀྱི་ལོག་སྤྱོད་ལ་མིང་སྙན་པོ་ཞིག་ གཡར་ཏེ་མགོ་སྐོར་བསླུ་བྲིད་གཏོང་བའི་རྫུན་ཚིག་ཁྱབ་སྒྲག་བྱེད་བཞིན། འཛམ་གླིང་གི་མི་དམངས་ཡོངས་ལ་མགོ་སྐོར་གྱི་ནག་ཉེས་བསགས་ཡོད་ལ། རང་རིགས་ཀྱི་གཡམ་རྒྱུག་པ་མང་དག་ཅིག་རྒྱུ་མཚན་དེ་ལ་མགོ་བོ་ འཐོམས་ནས་འདུག་གོ། ང་ཚོའི་མུན་ནག་གི་དུས་སྐབས་འདི་དག་གི་རིང་ལ། གདུག་རྩུབ་ཀྱི་དབང་ སྒྱུར་འོག་ནས་བཙན་གནོན་གྱི་མནར་གཅོད་ཇི་ལྟར་འཇིགས་རུང་། དཔའ་ ངར་གྱི་ཞི་རྒོལ་ནམ་ཡང་ཉམས་མ་མྱོང་ལ། གཡོ་སྒྱུའི་བསླུ་བྲིད་ཀྱི་འགགས་་ འཕྲང་ཇི་ལྟར་རྩུབ་ཀྱང་། རང་དབང་གི་འཚོལ་སྙེགས་ལྷོད་མི་སྲིད། རྫུན་ ཚིག་གི་མགོ་སྐོར་ཇི་ལྟར་མཁས་ཀྱང་། བདེན་དོན་གྱི་རྒྱང་འབོད་བྱས་ པའང་ཐེངས་གཅིག་ག་ལ་ཡིན། དེ་བས་ང་ཚོའི་མིག་ལྟོས་ཡར་ལྟའི་དཔེ་ལྟར་གོང་གི་བདེན་དོན་གྱི་འཚོལ་་བསྙེགས་ཇི་ལྟར་བྱས་པའི་བརྒྱུད་རིམ་དེ་དག་ལ་རྒྱང་ལྟ་བྱས་ཏེ། རང་ དབང་གི་ཆེད་དང་། དམངས་གཙོའི་ཆེད་དུ་རླབས་ཆེན་གྱི་གོམ་སྟབས་ དེ་མུ་མཐུད་མདུན་དུ་སྤོ་ཨེ་ཐུབ་མ་བལྟས་རང་བལྟས་རེད། ནམ་ཉི་མ་ཞིག་ལ་ཨ་རིའི་མར་ཏན་ལི་ཐར་ཁེན་མཆོག་གི་རྨི་ལམ་འགྲུབ་པའི་ཉིན་མོ་བཞིན། ང་ཚོར་ཡང་རང་དབང་གི་ཞི་བདེའི་གླུ་དབྱངས་ལེན་ ཐུབ་པའི་ཉིན་མོ་ཞིག་ལུས་ཡོད།

༢༠༡༠ / ༨ / ༡༥





རིག་གནས་ལོ་རྒྱུས་སྟེང་གི་སྐྱོ་གར།

དེ་ཡང་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་སྐྱོ་གར་ལ་ཕྱིར་མིག་དང་བསམ་གཞིག་བྱས་ན་དེ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ཞིག་ཡིན་པ་ཤེས་ཐུབ། ལོ་་ རྒྱུས་ཀྱི་ཉམས་མྱོང་ནི་ང་ཚོའི་མ་འོངས་པའི་ལམ་སྟོན་ཡིན། ཁ་སང་འདས་ ཟིན་པའི་ལོ་རྒྱུས་ཀྱི་ནག་ཉེས་དང་། ཕམ་ཁ་ལ་འགྱོད་བཤགས་བྱས་ཏེ། མ་འོངས་བར་ཡར་རྒྱས་ཀྱི་ལམ་དུ་ཇི་ལྟར་བསྐྱོད་པའི་ཉམས་མྱོང་དང་།བསླབ་བྱ་རུ་བལྟ་བར་འོས། སྔོན་བྱུང་ལོ་རྒྱུས་ཀྱི་སྐྱོ་གར་ལ་རེ་རེ་བཞིན་ཕྱིར་རྟོགས་དང་འགྱོད་བཤགས་ཀྱིས་སྐྱོན་ཆ་ངོས་ཟིན་པར་བྱ་བ་དང་། ལེགས་བཅོས་དང་འཕེལ་རྒྱས་ ཅན་དུ་བསྒྱུར་བའི་ཕྱིར་ཤེས་ཡོན་ཅན་ལ་མཐོང་ཆེན་དང་། བསམ་བློ་ པ་ལ་བརྩི་དཀུར་བྱས་ཏེ་སྨྲ་བརྗོད་རང་དབང་དང་། མི་རིགས་འདྲ་མཉམ། དམངས་གཙོའི་ཐབས་ལམ་སོགས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ཀྱི་འགྲོས་་སུ་བསྙེགས་དགོས་པ་ཞིག་ཆགས་ཡོད། ཐབས་ལམ་དེ་ལ་བརྟེན་ནས་མིའི་ཚེ་སྲོག་ལ་གཅེས་སྤྲས་དང་། འཇིག་ རྟེན་པའི་རིག་གནས་ལ་མཐོང་ཆེན། ཡ་རབས་དྲང་བདེན་ལ་བརྩི་སྲུང་ བྱེད་པ། རིག་གནས་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་དག་གི་བླ་མེད་ཀྱི་ བསམ་བློ་དང་། དགག་སྒྲུབ་ཀྱི་སྙིང་སྟོབས། ཞིབ་འཇུག་གི་བློ་མིག་ བླང་དོར་གྱི་བློ་གྲོས་སོགས་ལས་ཚུར་ལེན་བྱེད་པའི་སྙིང་སྟོབས་ལྡན་ཚེ། ང་ཚོའི་མག་མོག་གི་སྤྱི་ཚོགས་ཁོར་ཡུག་དང་། རིག་གནས་གསར་རྙིང་ གི་འགལ་འདུ་དང་། ཆབ་སྲིད་མཁན་གྱི་ངོ་གདོང་དང་། གསར་བརྗེའི་ སྙིང་སྟོབས་སོགས་རྟོགས་ཐུབ་ལ། ཁ་སང་བརྒྱུད་ནས་འོང་བའི་དངོས་ ཡོད་ཀྱི་ལོ་རྒྱུས་དེ་ལས་ང་ཚོའི་མ་འོངས་བའི་བགྲོད་ལམ་ཇི་འདྲ་ཞིག་གི་ཐོག་ནས་བསྐྱོད་དགོས་པའི་ངེས་ཤེས་ཟབ་མོ་ཞིག་སྐྱེ་སྲིད་པར་མ་ཟད། མུན་ནག་གི་ལོ་རྒྱུས་སྐྱོ་གར་རིང་མོ་དེ་ལས་འོད་ཟེར་སྟོང་ལྡན་གྱི་འཇིག་རྟེན་ཡང་པོར་བགྲོད་ཐུབ་པའི་རེ་བའང་ཡོད། སྤྱི་ལོ་སྔོན་གྱི་༤༨༤ལོ་ཙམ་ལ་བྱོན་པའི་ཀེ་རི་སིའི་ལོ་རྒྱུས་སྨྲ་བ་པོ་ཧེ་རོ་རྡོ་་ཐུ་སི་HerOdotusནི་གནའ་བོའི་ཀེ་རི་སིའི་ལོ་རྒྱུས་རིག་པའི་རྨང་ གཞི་བཏིངས་པ་པོ་རེད། ཁོང་ནི་སྤྱི་ཚོགས་ཀྱི་གོ་ས་མཐོ་བ་དང་། འཚོ་ བའི་ཁོར་ཡུག་བཟང་བ། ཁྱད་པར་དུ་ཁོང་གི་ཁུ་བོ་ཕ་སེ་སི་ནི་སྐབས་ དེའི་མིང་གྲགས་ཅན་གྱི་སྙན་ངག་མཁན་ཞིག་ཡིན་ཞིང་། ཁོང་རང་ཉིད་ བརྩོན་འགྲུས་ལྡན་པའི་མི་ཞིག་ཡིན་པས་དཔེ་ཆ་ཀློག་རྒྱུར་སྤྲོ་བ་དང་། ལྷག་ པར་ལོ་རྒྱུས་སྙན་རྩོམ་ཀློག་རྒྱུར་ཤིན་ཏུ་དགའ། དེ་རྗེས་ཁོང་གིས་དུས་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་དབང་བསྒྱུར་མཁན་་ལ་ངོ་རྒོལ་བྱས་སྟབས། དབང་སྒྱུར་པ་ཚོས་ཁོང་དང་ཁུ་བོ་སོགས་ཁྱིམ་མི་ དག་ལ་གདུག་རྩུབ་ཀྱི་མནར་གཅོད་དྲག་པོ་བཏང་བ་མ་ཟད། ཁོང་གི་ཁུ་ བོ་ཡང་དམར་གསོད་བྱས། ཁོང་རང་ཉིད་ཉེན་གཡོལ་དུ་ཕེབས་པས་དཀའ་སྡུག་ཚད་མེད་མྱང་ཡང་རང་ཉིད་ཀྱི་ཕུགས་བསམ་དང་། སྙིང་སྟོབས་ནམ་ཡང་ཞུམ་མ་མྱོང་། ཁོང་ ནི་ཀེ་རི་སིའི་ལོ་རྒྱུས་སྨྲ་བའི་སྲོག་ཤིང་དུ་གྱུར་ཅིང་། རླབས་ཆེ་བའི་ལོ་ རྒྱུས་རིག་པ་བ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་དང་པོ་ནས་བཟུང་གནའ་བོའི་རོམ་གྱི་རྩོམ་པ་པོས་ཁོང་ལ་“ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་སྲོལ་གཏོད་མཁན་”ཞེས་བཀུར་བཞིན་ཡོད་ལ། ད་ལྟ་ལོ་རྒྱུས་དངོས་ལ་རྟོག་དཔྱོད་བྱས་ན་དེ་ནི་ མིང་དོན་མཚུངས་པ་ཞིག་ཡིན་པ་ཤེས་ཐུབ། དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་རླབས་ཆེན་གྱི་བསམ་བློ་མཁན་ཆེར་་ནིས་ཞེ་ཧྥི་སི་ཁི་N.G.chernysherskyསྤྱི་ལོ་༡༨༢༨ལོར་སྐུ་འཁྲུངས་ཤིང་།ཨུ་རུ་སུའི་རླབས་ཆེ་བའི་གསར་རྗེའི་དམངས་གཙོ་རིང་ལུགས་པ་དང་། བསམ་བློ་པ། རྩོམ་པ་པོ་བཅས་ཡིན། ཁོང་གིས་བླ་ན་མེད་པའི་བསམ་བློ་དང་དམངས་གཙོ་རིང་ལུགས་ཀྱི་ལྟ་བ་ ཤུགས་ཆེར་སྟོན་པས། ཨུ་རུ་སུའི་སྲིད་གཞུང་གིས་མི་ལོ་༢༠རིང་ལ་རྒྱང་ ཕུད་བཏང་སྟེ་བཟོད་པར་དཀའ་བའི་དཀའ་སྡུག་ཚད་མེད་མྱང་། ཡིན་ ནའང་ཁོང་གིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་གསར་རྩོམ་གྱི་ལས་་ལ་འབད་པ་རྒྱ་ཆེར་གནང་བ་དང་།《མཚན་ཉིད་རིག་པའི་ཁྲོད་ཀྱི་མི་གཙོ་ རིང་ལུགས་ཀྱི་རྩ་བའི་རིག་པ་》སོགས་བརྩམས་ཏེ་ན་གཞོན་རྣམས་ལ་ བསམ་བློ་གསར་པའི་ས་བོན་བཟང་པོ་སྤེལ། གཞན་ཡང《དུས་རབས་ཀྱི་མི་》ཞེས་པའི་《དུས་དེབ་》ཅིག་བསྐྲུན་པར་ མཛད་ཅིང་། མི་ཚེ་གང་བོར་མི་རིགས་ཀྱི་དོན་དུ་རླབས་ཆེན་གྱི་བྱ་གཞག་ བསྒྲུབས་པས། ལོ་རྒྱུས་ཁྲོད་ཁོང་ལ་《ཨུ་རུ་སུའི་སྒལ་ཚིགས་》ཞེས་པའི་ གྲགས་སྙན་ཡོད་དོ།། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧྥུན་ལུན་ལགས་H.W.VanLoonཀྱིས་རང་་ གི་མི་ཚེའི་འཚོ་གནས་ཁྲོད་ཀྱི་ལྟ་ཚུལ་དང་། བསམ་གཞིག་རྣལ་མ་བརྗོད་ བྱར་བྱས་པའི་གསུང་རྩོམ་《འགྲོ་བ་མིའི་རིགས་ཀྱི་བཅིངས་གྲོལ་》ཞེས་ པ་ཞིག་སྤེལ་ཞིང་། གསུང་རྩོམ་དེ་རུ་དཀྱེལ་ཡང་གི་དོན་སྙིང་དང་གལ་ ཆེན་རང་བཞིན་དེ་ནན་ཏན་དུ་གསུངས་པ་དང་། མདོར་ན་ཁོང་གིས་ མིའི་རིགས་ཀྱི་དབང་སྒྱུར་གྲལ་རིམ་ལམ་ལུགས་བསྒྱུར་བཅོས་དང་། འགྲོ་བ་མིའི་རིགས་ལ་རང་དབང་འདྲ་མཉམ་གྱི་ལྟ་བ་ཤུགས་ཆེར་བསྟན་ཏེ། མི་དང་སྤྱི་ཚོགས་ཀྱི་འཚོ་གནས་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་རེ་སྨོན་བྱས་ཀྱང་།ཤེས་མེད་ཀྱི་གྲོག་རོང་བ་དག་གིས་ཁོང་གི་བསམ་ཚུལ་ལ་རྒྱབ་སྟོན་བྱས་་་་་ པས། ཁོང་གི་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་རེ་བ་མ་འགྲུབ་ པར་མ་ཟད། དེ་ལས་ལྡོག་ཏེ་ཁོང་གི་མཐའ་འཇུག་ལས་དབང་ནི་བསམ་་ བརྗོད་ལས་འདས་པའི་སྐྱོ་གར་རིང་མོ་ཞིག་ཡིན་པ་རེད། ཁོང་གིས་ཕྱིས་སུ་འགྲོ་བ་མིའི་རིགས་ལ་སྐྱོ་གར་དེ་ལྟ་བུ་མི་འབྱུང་བའི་འབོད་་བསྐུལ་གནང་ཡོད། ཨུ་རུ་སུའི་ཕུལ་བྱུང་ན་གཞོན་དཔྱད་བརྗོད་པ་ཏོབ་རོལ་ཡུའུ་པོ་ཧྥིN.A.dobrolYubovཁོང་གི་སྐུ་ཚེ་མཐར་མ་ཕྱིན་པར་རྐྱེན་ལམ་དུ་གཤེགས་ཀྱང་། ཁོང་གི་སྙན་གྲགས་དང་ཕྲིན་ལས་ནི་ནམ་ཡང་ནུབ་པ་མེད་པར་ འཇིག་རྟེན་དུ་དར་ཡོད་ལ། མི་སེམས་སྒུལ་བའི་རྩོམ་ཡིག་མི་ཉུང་བ་ཞིག་ བྲིས་ཏེ་ཨུ་རུ་སུའི་རྩོམ་རིག་ཡར་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ པར་མ་ཟད། རིན་ཐང་བྲལ་བའི་ཚེ་སྲོག་གསར་པ་ཞིག་བསྐྲུན་ཡོད། གསུང་རྩོམ་ཡང་ཨུ་རུ་སུའི་རྩོམ་རིག་འཕེལ་རྒྱས་ཁྲོད་དུ་《མི་དམངས་རང་་ བཞིན་སིམ་འཛུལ་བྱེད་པའི་ཆུ་ཚད་》ཅེས་པ་སོགས་སྤེལ་བ་རེད། ཡིན་ནའང་ཁོང་དགོང་ལོ་༢༠ལས་མ་ལོན་པར་འཇིག་རྟེན་མི་ཡུལ་དང་ཁ་བྲལ་བས་ཨུ་རུ་སུའི་མི་རབས་རྗེས་མ་རྣམས་ཀྱིས། “ཤེས་འཇོན་གྱིས་ ཕྱུག་པའི་སྐྱེས་བུ་དག་ཅིའི་ཕྱིར་འཇིག་རྟེན་དུ་འདི་འདྲའི་བཞུགས་ཡུན་ཐུང་ བ་ཡིན་ནམ་”ཞེས་སོགས་སྨྲེ་སྔགས་འདོན་བཞིན་མཆིས་སོ།། རྒྱ་ནག་གི་རྩོམ་རིག་མཁས་ཅན་ལུའུ་ཞུན་鲁迅གྱིས་སྤྱི་ཚོགས་ཁྲོད་ཀྱི་་ ཐ་མལ་བའི་སྤྱོད་པ་སྣ་ཚོགས་ལ་སྐྱོན་བརྗོད་ཤུགས་ཆེར་སྤེལ་བ་དང་། རུའུ་ལུགས་ཀྱི་རིག་གནས་ལ་དགག་སྒྲུབ་མཐར་ཕྱིན་མཛད་པས་མི་མང་པོ་ཞིག་གི་བསམ་བློ་ལ་མཉམ་འུར་བྱུང་བ་རེད། ཁོང་ལ་རྒྱ་ནག་གི་རིག་གནས་གསར་པའི་རུ་འདྲེན་དང་བླ་ན་མེད་པའི་བསམ་བློ་པ་སོགས་ཀྱི་མཚན་སྙན་ཡོད། གོང་གི་རླབས་ཆེན་གྱི་སྐྱེས་བུ་དེ་ལྟ་བུ་རང་རིགས་ལའང་བྱུང་མ་མྱོང་བ་་ ག་ལ་ཡིན་སྟེ། དཔེར་ན། མངའ་དག་ཡེ་ཤེས་འོད། རྒྱལ་དབང་བཅུ་གསུམ་ པ། ལུང་ཤར་རྡོ་རྗེ་ཚེ་རྒྱལ། དགེ་འདུན་ཆོས་འཕེལ་སོགས་ཡོད། དཔྱོད་ལྡན་དག་གིས་ཞིབ་མོར་རྒྱུས་ལེན་བྱེད་འདོད་ན་ཁོ་བོས་དེ་དག་གི་ རླབས་ཆེན་གྱི་བསམ་བློ་དང་། སྙིང་སྟོབས་དངོས་བརྗོད་བྱ་གཙོ་བོར་ བྱས་པའི་ལོ་རྒྱུས་དུམ་བུ་རེ་ངོ་སྤྲོད་ཞུའོ། ། ___________  《བློ་འབྱེད་ཀློག་དེབ་ 》《ན་གཞོན་རབ་བྱེད་ལས་ 》སྒོ་ཤེས་ཀྱིས་བརྩམས་པའི་《དད་པ་དང་སྐྱེས་བུ་སྒེར་》ཞེས་པ་ལས་དྲངས། རང་རིགས་ཀྱི་མེས་པོ་སྟེ་རང་དབང་གི་ཕྱིར་དུ་རང་སྲོག་ཕངས་མེད་བཏང་་ བའི་སྐྱེས་བུ་མཚན་ཉིད་དང་ལྡན་པ། མི་བུ་རང་སྐྱ་ཐུབ་པ་ “ཁོང་གི་ མཚན་ལ་མངའ་བདག་ཡེ་ཤེས་འོད་ཅེས་འབོད་ལ། ཁོང་ནི་དད་མོས་་ རང་དབང་གི་ཕྱིར་དུ་གཅེས་པའི་ལུས་སྲོག་བཏང་བའི་སྔོན་རབས་སྐྱེས་་

མཆོག་ཅིག་རེད། 

གར་ལོག་རྒྱལ་པོའི་བཙོན་ཁང་དུ། ལོ་ན་ཅུང་ཟད་རྒས་པའི་ཕོ་རྒོད་ཅིག་ ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བཅིངས་ནས་བཞག་ཡོད་ཅིང་། ལུས་ཀྱི་ཆ་ཤས་ཀུན་ཏུ་ལྕག་གིས་གཞུས་པའི་རྨ་ཤུལ་དང་ཁྲག་རྗེས་ཤ་ཤུར་དུ་དོད་ཡོད། དེ་ནི་བཙན་པོའི་གདུང་སྲས་འཁྲུལ་མེད་དེ། སྟོད་མངའ་རིས་ཀྱི་རྒྱལ་ པོ་ལྷ་བླ་མ་ཡེ་ཤེས་འོད་རེད། གར་ལོག་གི་རྒྱལ་པོ་གཏུམ་སྤྱོད་ཅན་དེ་ཡིས། ཨམ་གཙིགས་སྡོམ་གྱིས་མགོ་བོ་མི་སྒུར་བའི་ཁོང་ལ་ལམ་མི་འདྲ་བ་བཞི་ཡི་གདམ་ག་བསྐོར་ཡོད་དེ། གཅིག སངས་རྒྱས་ཀྱི་ཆོས་ལ་སྐྱབས་སུ་ འགྲོ་བ་དོར་ནས་ཁོ་པའི་ཆོས་ལ་དད་པར་བྱས་ན་བཙོན་གྲོལ་ཡོང་རྒྱུ། གཉིས། རྒྱལ་གཞིས་མངའ་སྡེ་དང་བཅས་པ་གར་ལོག་གི་མངའ་འོག་ཏུ་ འཛུལ་ན་བཙོན་གྲོལ་ཡོང་རྒྱུ། གསུམ། གསེར་རང་གི་ལུས་ཚད་དང་ མཉམ་པ་ཞིག་སྤྲད་ན་བཙོན་གྲོལ་ཡོང་རྒྱུ། བཞི། དེ་གསུམ་གང་ཡང་མི་ བསྒྲུབ་ན་གསོན་པོར་སྡིག་པ་རྭ་ཙའི་དོང་དུ་གཡུགས་ནས་ངན་གསོད་བྱ་་རྒྱུ་བཅས་རེད། བློ་ཡུལ་ལས་འདས་པ་ཞིག་ལ། རང་གིས་གདམ་པའི་དད་ མོས་བཙན་དབང་གིས་སྒྱུར་མི་མོས་ཤིང་། ཡབ་མེས་ཀྱི་ཕ་ཁྱིམ་དྲོད་མོ་ དགྲ་ལག་ཏུ་འཇོག་མི་འདོད་པར་མ་ཟད། རིན་ཆེན་གསེར་གྱི་ཕུང་པོའང་ གཏུམ་སྤྱོད་པར་སྤྲོད་མི་བསམ་པའི་ཁོང་གིས་ནི། ཐེ་མི་ཚོམ་པར་གཅེས་ པའི་ལུས་སྲོག་འདོར་རྒྱུའི་བློ་ཐག་བཅད་པ་རེད། རང་གི་ཁུ་བོ་བླུ་བའི་ཕྱིར་ག་ས་གང་དུ་གསེར་འཚོལ་གྱིན་པའི་སྐུ་དབོན་་བྱང་ཆུབ་འོད་ཀྱང་བཙོན་ཁང་དུ་ཁོང་ལ་གཟིགས་པར་ཕེབས་ནས། ངོ་ གདོང་མཆི་མས་བཀང་སྟེ། “ངས་གསེར་ཁྱེད་ཀྱི་ལུས་འདྲ་བ་ཞིག་རྙེད་བྱུང་ ནའང་དབུ་ཙམ་ཞིག་ད་དུང་མ་ཚང་། འོན་ཀྱང་མྱུར་ཏུ་རྙེད་ཐབས་བྱས་ ཏེ་བླུར་འོང་གི་དེའི་བར་དུ་སྔོན་གྱི་ལས་སེམས་པ་དང་། དཀོན་མཆོག་ ལ་གསོལ་བ་འདེབས་པ་དང་། སྙིང་པོ་ཆེ་བྲང་ཁོག་ཏུ་བཅུག་པའི་སོ་ནམ་ མཛད་དགོས་པ་ཡིན”། ཞེས་གསོལ་བ་ན། མངའ་བདག་ཆེན་པོ་དེ་ཉིད་ བཞད་ཙམ་མཛད་ནས། “ཁྱོད་ལའང་གཅེས་ཕྲུག་སྣུམ་ཟན་མའི་བགས་ ཤིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ ཁྱོད་ཀྱིས་ཕ་མེས་ཀྱི་རྣམ་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱི་དེ་གོ་བ་ཆེ། ང་ལ་ དེས་ཆོག་”ཅེས་དང་། “སྔར་ཚེ་འཁོར་བ་ཐོག་མེད་ནས་ཆོས་ཀྱི་ཕྱིར་ཤི་ བ་གཅིག་ཀྱང་མེད། ད་ལན་ཆོས་ཕྱིར་ཤི་ན་ལེགས་པ་ཡིན་པས། རྒྱལ་ པོ་འདི་ལ་གསེར་སེ་བ་ར་ཏི་ཅིག་ཀྱང་མི་སྟེར”། ཞེས་སོགས་གསུངས་ བྱུང་བས། དབོན་བྱང་ཆུབ་འོད་ནི་སྨྲ་བ་མེད་པར་ལུས་ཤིང་མིག་ཆུའི་ཕྲེང་ བ་ཤམ་ཤམ་དུ་བཞུར། ཁུ་དབོན་གཉིས་ཀའི་མཐའ་མཇུག་གི་མཇལ་ འཛོམས་དེ་ལྟར་མཇུག་རྫོགས་སོང་། དེ་ནས་ཅང་མ་འགོར་བའི་ཉིན་ཞིག་ལ། གཤེད་མས་སྔ་ཕྱིར་དེད་པའི་ཁོང་ གི་གོམ་ཁ་སྡིག་པ་རྭ་ཙའི་བཙོན་དོང་དང་ཇེ་ཉེ་ཇེ་ཉེར་ཕྱིན། གཤེད་མ་ དག་གིས་ཁོང་ཉིད་ཤུགས་ཆེན་པོས་མུན་ནག་འཇིགས་རུང་གི་བཙོན་དོང་དུ་གཡུགས་མ་ཐག་མི་ཟན་གྱི་སྲོགས་ཆགས་དུ་མས་སྐྱེས་བུ་གང་གི་སྐུ་ཡི་མེ་ཏོག་ཚལ་བ་ཚལ་བུར་བཤགས་སོང་། ”དད་མོས་རང་དབང་གི་ ཆེད་དུ་གཅེས་པའི་ལུས་སྲོག་ཕངས་མེད་དུ་བཏང་ཞིང་། མེས་པོའི་ཁྱིམ་ གཞིས་ཀྱི་ཕྱིར་དུ་རང་ལུས་དུམ་བུར་གྱུར་པའི་སྐྱེས་བུ་ཁོང་ནི་ང་ཚོའི་མུན་ནག་གི་འཇིག་རྟེན་ནས་བཙན་ཤུགས་ཀྱི་ལྷག་རླུང་དྲག་ཏུ་བརྡོ་བའི་སྐབས་འདིར། གནས་ལུགས་དང་སྙིང་སྟོབས་ཀྱི་སྤོབས་པ་རྩོལ་བའི་དྲན་ཤིང་ གསོན་པོ་དེ་ཡིན་ནོ།། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི་སྤྱི་ལོ་༡༨༧༦ལོར་དྭགས་པོ་གླང་མདུན་དུ་འཁྲུངས།༡༨༧༨ལོར་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། ༡༨༩༥ལོར་སྲིད་ལུགས་ཀྱི་གཙོ་འགན་བཞེས། དེ་སྐབས་བོད་ཀྱི་དཔོན་རིགས་དག་གིས་དབང་ཆ་འཕྲོག་རྩོད་རྙོག་འཛིང་་ཅན་དུ་གྱུར་ཡོད་པས། ཁོང་དགུང་ལོ་༢༤སོན་སྐབས་སྐུ་དྲག་འགའ་ཞིག་ གིས་ཆབ་སྲིད་ཀྱི་དབང་ཆ་བཟུང་རྒྱུའི་རེ་ངན་བཅང་ནས། ལྐོག་གཡོའི་ ངན་འཕྲུལ་ཇི་སྙེད་སྤེལ་ཡང་དེ་དག་འཐིལ་བརྟོལ་བྱུང་བས་དྲང་བདེན་ གྱིས་ཁྲིམས་ལ་སྦྱར། དེ་ནས་དབྱིན་ཇིའི་བོད་ལ་བཙན་འཛུལ་བྱས་སྐབས་༡༩༠༤ལོར་རྒྱལ་དབང་་་་བཅུ་གསུམ་པ་སྐུ་འཁོར་ཧྲག་བསྡུས་བཅས་སོག་ཡུལ་ལ་ཉེན་གཡོལ་དུ་་་ ཕེབས། དེ་རྗེས་མན་ཇུ་གོང་མའི་ཀྲའོ་ཨེར་ཧྥུ་དམག་དཔུང་སི་ཁྲོན་རྒྱུད་ འབའ་ལི་ལྡེ་སོགས་ནས་བཙན་ཤེད་ཀྱིས་《རྒྱ་སྒྱུར་གྱི་ལས་འགུལ་》 ཞེས་པ་སྤེལ་ནས་བོད་མི་ཁྲི་ཚོ་མང་པོ་ཧམ་བསད་བྱས་པར་གྲགས། དུས་ དེར་བོད་ཀྱི་གནས་ཚུལ་ཟིང་ཆ་ཧ་ཅང་ཆེ་ཞིང་། ལྷག་པར་དུ་ཀྲའོ་ཨེར་ _____________________ འབའ་དང་། ལི་ཐང་། ལྡེ་རོང་། སྨར་ཁམས། ཆབ་མདོ་སོགས་ཀྱི་ས་ཁུལ་དུ་བཙན་ཤེད་ཀྱི་སྒོ་ནས་བོད་མི་རྣམས་ལ་རྒྱ་མིང་ འདོགས་པ་དང་། རྒྱ་ཡིག་སྦྱོང་དུ་བཅུག་པ་དང་། རྒྱ་མིང་མེད་པ་དང་། རྒྱ་ཡིག་མི་སྦྱོང་བ་མཁན་ལ་ཁྲལ་ཆེན་པོ་བཀོད་པ་དང་། སྲོག་ཁྲིམས་བཅད་པ་སོགས་གདུག་རྩུབ་ཀྱི་མནར་གཅོད་མང་པོ་བཏང་། མི་རིགས་རིགས་འགྱུར་གྱི་ཐབས་ཤེས་བྱས་པ་སྟེ་ལོ་རྒྱུས་ཐོག་《རྒྱ་སྒྱུར་གྱི་ ལས་འགུལ་》དུ་གྲགས། ཧྥང་གི་དམག་མིའི་ཁྲིམས་མེད་ལུགས་མེད་ཀྱིས་མི་སེར་ལ་བརྡབ་བསིགས་་་ཚད་མེད་བྱས་སྟབས་རྒྱལ་དབང་བཅུ་གསུམ་པ་རྒྱ་གར་ལ་བྲོས་བྱོལ་དུ་་་ ཕེབས། ཁོང་རྒྱ་གར་དུ་བཞུགས་རིང་དེང་རབས་ཀྱི་འཛུགས་སྐྲུན་དང་། འཕྲུལ་ ཆས། ཚན་རིགས་ལག་རྩལ་མང་པོ་དངོས་སུ་གཟིགས་པས། བོད་ཀྱི་ སྤྱི་ཚོགས་གོང་འཕེལ་གཏོང་དགོས་ན་ངེས་པར་དུ་དེང་རབས་ཀྱི་ཚན་ རྩལ་དང་། གསར་སྐྲུན་ལ་བརྟེན་དགོས་པ་དང་། ལེགས་ཉེས་ཀྱི་བྱ་བ་ ཅི་ལའང་ལས་དབང་ལ་ངན་ཁག་དཀྲིས་ཏེ་བསྡོད་པ་ནི་མི་འོས་པ་ཞིག་་ཡིན་པ་གསལ་པོར་གཟིགས། དེ་ནས་བོད་ཡུལ་གྱི་ཟིང་ཆ་ཅུང་ཟད་བདེ་འཇགས་སུ་སོང་བའི་སྐབས་་་ ཕྱིར་བོད་ཡུལ་དུ་ཕེབས་ཏེ། མཐོ་རིམ་གྱི་བུ་ཕྲུག་འགའ་ཞིག་རྒྱལ་ཁབ་ གཞན་ལ་སློབ་གཉེར་དུ་བཏང་བ་དང་། བོད་ཀྱི་ས་གནས་ཁག་ནས་བོད་ཕྲུག་ མང་པོ་བསྐོངས་ཐོག་རིག་གནས་སྤྱི་དང་། ཁྱད་པར་དུ་བོད་ཀྱི་སྨན་རྩིས་ ཀྱི་གཞུང་ལུགས་ལ་སྦྱང་པ་བྱས་ཏེ་བོད་ཀྱི་རིགས་གནས་གོང་དུ་སྤེལ་བར་ ནུས་པ་ཆེན་པོ་ཐོན། ལྷ་སའི་གྲོང་ཁྱེར་དུ་ཉེན་སྲུང་དམག་སྒར་གསར་འཛུག་གནང་སྟེ་སྤྱི་ཚོགས་ བདེ་འཇག་ལ་ཤུགས་སྣོན་གནང་། དགུང་ལོ་༥༠བཞེས་པ་སྤྱི་ལོ་༡༩༢༥ ལོར་ཕྱི་ཕྱོགས་ལ་བཏང་བའི་སློབ་ཕྲུག་དེ་དག་གི་སྦྱངས་འབྲས་ལེགས་པོ་ ཐོབ་པ་དང་ཕྱིར་བོད་དུ་འབྱོར་ནས་ཁོང་གི་དགོངས་པ་བཞིན་《བོད་དམག་ རྒྱ་སྐྱེད་》དང་། བཟོ་གྲྭ སྦྲག་ཏར་ཁང་། ཆུ་གློག་སོགས་གསར་འཛུགས་ གནང་། དེ་རྗེས་དངུལ་ཁང་གསར་འཛུགས་མཛད་པ་སོགས་བོད་ཀྱི་སྤྱི་ཚོགས་གོང་དུ་སྤེལ་བའི་བྱེད་ཐབས་འགའ་ཞིག་གཏན་ཕབས་མཛད་པས། བོད་ཀྱི་ སྤྱི་ཚོགས་ཡར་རྒྱས་ལ་ཤུགས་སྣོན་ཆེན་པོ་བཏང་ཤིང་། མི་རིགས་འདི་ ཉིད་གཞན་ལ་ལྟོས་མི་དགོས་པར་རང་གི་རྐང་པས་རང་ཉིད་འདེགས་ཐུབ་་པ་དང་། རང་དབང་རང་བཙན་གྱི་མི་རིགས་ཤིག་ཆགས་ཐུབ་པའི་ཕུགས་ བསམ་གྱི་རྨང་གཞི་གཏིང་། གདོད་མིའི་སྲོལ་རྙིང་ལས་ཅུང་ཟད་ཡར་ རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་པའི་སྐབས། ཁོང་དགུང་ལོ་༥༨པར་གདོལ་ སྤྱོད་པ་འགའ་ཞིག་གི་མི་མཐུན་སྦྱོར་ངན་འོག་སྐུ་ཚེའི་འདུ་བྱེད་རྫོགས་པ་་དང་། དེ་དང་མཉམ་དུ་ཁོང་གི་དགོང་བཞེད་ཡོངས་སུ་མ་འགྲུབ་པར་མ་ཟད་ འཕྲིན་ལས་ཀྱི་མཇུག་པ་རེ་བསྡུས་སོ། ། དེ་ནས་བཟུང་ཡང་བསྐྱར་མི་རིགས་འདི་ཡར་རྒྱས་དང་། བདེ་སྐྱིད་ཀྱི་ ལམ་དུ་གོམ་ཁ་བསྒྱུར་མ་ཐུབ་པར་གདོད་མའི་སྲོལ་རྒྱུན་རྙིང་པའི་མུན་་་ ནག་གི་ལམ་དེར་ཞུགས་ཤིང་། མི་རིགས་གཞན་གྱི་དབང་བསྒྱུར་འོག་ ཤོར་རོ། ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་སྤྱི་ལོ་༡༩༡༣ལོར་དབྱིན་ཇིར་སློབ་སྦྱོང་ལ་སོང་ཤིང་། འཕེལ་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་དག་གི་ངོ་མཚར་ལྟད་མོ་རྣམས་མཐོང་ནས། བོད་མི་རིགས་ནུབ་ཕྱོགས་རྒྱལ་ཁབ་ལྟར་འཕེལ་རྒྱས་ཀྱི་ ལམ་དུ་བསྐྱོད་དགོས་ན་ངེས་པར་དུ་གུ་དོགས་པའི་སྲིད་ལུགས་ལེགས་བཅོས་་ དགོས་པའི་ངེས་ཤེས་གསལ་པོར་རྙེད། ཕྱིར་རང་ཡུལ་དུ་ལོག་ནས་དམངས་གཙོའི་ལམ་ལུགས་དང་མཐུན་པའི་《སྐྱིད་ཕྱོགས་ཀུན་མཐུན་》ཞེས་པའི་གསང་བའི་ཚོགས་པ་ཞིག་བཙུགས་་ ཏེ་བོད་ཡུལ་བཅོས་སྒྱུར་བྱ་བའི་འཆར་གཞི་བཀོད་ནའང་གསང་བ་ཕྱི་རུ་་ཤོར་ཏེ། དེ་དུས་ཀྱི་བཀའ་ཤག་སྲིད་གཞུང་གིས་ལྟ་བ་དང་མ་མཐུན་པས་ གདུག་རྩུབ་ཀྱི་ཁྲི་མུན་དུ་བཅུག་པ་དང་། ཁོང་གིས་ཇི་ལྟར་གསལ་བཤད་ བྱས་རུང་མ་ཉན་པར། ད་དུང་མ་ཉེས་ཁ་ཡོག་ཅི་རིགས་བཀལ་ཏེ། མཐར་ ཁོང་གི་མིག་རིལ་གཉིས་པོ་ཡང་སར་དབྱུངས་བར་མ་ཟད་ཁྲི་མུན་དུ་བཅུག ཁོང་ནི་ནུབ་ཕྱོགས་ཀྱི་དཔལ་ཡོན་དར་བའི་ཆོས་ཉིད་དང་། རྗེས་ལུས་ ཀྱི་སྲིད་ལུགས་ལེགས་བཅོས་དགོས་པ་གསལ་པར་རྟོགས་པའི་མི་བུ་དང་། ཤེས་མེད་བླུན་རྨོངས་ཁྲོད་ནས་རླབས་ཆེན་གྱི་བསམ་བློ་རྙེད་པའི་སྲིད་དོན་ པ་དེའོ།། དགེ་ཆོས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་རྒྱ་གར་སོགས་་་ཡུལ་གྲུ་མང་པོར་ཕེབས་ཏེ་ས་གནས་བརྟག་དཔྱད་དང་། ལོ་རྒྱུས་དཔྱད་ ཞིབ། བསྟན་བཅོས་ལོ་ཙྭ། རིག་གནས་ཞིབ་འཇུག་བཅས་ཀྱིས་མི་ཚེ་ ཡོངས་རྫོགས་བོད་ཀྱི་དོན་དུ་ཕུལ་བ་སྟེ། བླུན་རྨོངས་དང་། སྒྱིད་ལུགས་ ཆེ་བའི་བོད་མི་རིགས་ཀྱི་འགན་འཁྲི་ལྕི་མོ་དེ། ཕྲག་ཏུ་བཞེས་ནས་རྒྱ་ གར་སོགས་མི་ཡུལ་དུ་ལོ་མང་པོར་བཞུགས་ཤིང་། དེ་དག་གི་རིང་ལ་བག་ ཡང་དུ་སྡོད་པའི་ཉིན་གཅིག་མེད་ཅེས་གསུངས་པ་དང་། བོད་ལ་ཅུང་ཟད་ ཕན་དུ་རེ་བས་མཁས་འདོད་དང་། འབྱོར་འདོད་ཀྱི་བསམ་བློ་རིང་དུ་དོར་ ནས་དྲང་བདེན་གྱི་ལམ་བུར་ཞུགས་ཏེ་གང་ལ་ཡང་དོགས་སློང་དང་། དགག་སྒྲུབ་ཀྱིས་བསམ་བློའི་ཤེས་རབ་འཕེལ་བའི་ཕྱིར་མི་ཚེ་ཧྲིལ་པོ་མཇུག་་རྫོགས་པ་ཞིག་ཏེ། ཁོང་གི་གསུངས་ལས།“གཞོན་དུས་དགའ་བའི་ཆུང་ མ་ངས་མ་བླངས། །རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་ པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །རྫོགས་པ་འདི་ནི་བདག་གི་སྣང་ བ་སྐྱོ་”ཞེས་གསུངས་པ་ལྟར་རོ། ། ཁོང་ནི་གདོད་མའི་སྲོལ་རྒྱུན་རྙིང་པའི་འཆིང་རྒྱ་ལས་གྲོལ་ཞིང་ལེགས་བཅོས་ཀྱི་བསམ་བློ་ཁྱེར་ཏེ་བོད་ཡུལ་དུ་སླེབས་པ་ན། ཤེས་མེད་བླུན་རྨོངས་ པ་དག་གིས་ཁོང་ལ། “ངོ་ལོག་པ་”དང་། “གསར་བརྗེ་བ”། “སྡོམ་ཤོར”། “སྨྱོན་པ་”སོགས་ཀྱི་མ་ཉེས་ཁ་གཡོག་བྱས་ཏེ། ཁོང་གིས་ལྟ་ཚུལ་ལ་རྒྱབ་ སྐྱོར་དང་། དང་ལེན་བྱེད་རྒྱུ་ཕར་ཞོག བཙོང་ཁང་དུ་བཅུག་པ་རེད། དགེ་ཆོས་མཆོག་གིས་བླུན་ཞིང་རྨོངས་པའི་མུན་ནག་གི་བོད་ཡུལ་དུ་བསམ་བློའི་མེ་སོན་ཇི་ལྟར་གསོས་ཀྱང་རྙིང་ཞེན་དང་། བླུན་རྨོངས་ཀྱི་སྨག་རོམ་ ཁྲོད་ནས་ལེགས་བཅོས་ཀྱི་སྒྲོན་མེ་སྦར་མ་ཐུབ་པ་རེད། མཐའ་མཇུག་ ཁོང་གིས།“རོ་དང་མཚུངས་པའི་ལུས་པོ་འདི། །གང་དུ་ཤི་ཡང་མི་འགྱོད་ དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་འདི། །མཉམ་དུ་ཤི་ན་ཤིན་ཏུ་ ཕངས་”ཞེས་གསུངས་པ་ལྟར་ཁོང་གི་རིན་ཐང་བྲལ་བའི་རྣམ་དཔྱོད་དེ། འདི་ལྟར་ཚེ་སྲོག་དང་མཉམ་དུ་མཇུག་རྫོགས་པ་ནི་ཤིན་ཏུ་ཕངས་པ་ཞིག་ལོས་ཡིན། ཁོང་གི་གསུངས་རྩོམ་ལ་《རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་གསེར་ གྱི་ཐང་མ་》དང་། 《དེབ་ཐེར་དཀར་པོ་》སོགས་རིན་ཐང་བྲལ་བའི་གསུང་ རྩོམ་མང་པོ་ཡོད་དོ། ། གོང་གི་རླབས་ཆེན་གྱི་བསམ་བློ་པ་དང་། གསར་གཏོད་མཁན་དེ་དག་ གིས་མིའི་རིགས་ལ་བཞག་པའི་མཛད་རྗེས་ནི་ནམ་ཡང་ཉམས་མི་སྲིད་ལ། ཁོ་ཚོ་འཇིག་རྟེན་འདི་དང་ཁ་བྲལ་ནས་མི་ལོ་དེ་འདྲ་མང་པོ་ཞིག་འདས་་ཟིན་ནའང་། དེ་དག་གི་བསམ་བློ་དང་། མི་གཞི། གསུང་རྩོམ་སོགས་ནི། ད་ལྟའི་སྤྱི་ཚོགས་ཁྲོད་དུ་སྔར་ལས་གསོན་ཤུགས་ལྡན་ཞིང་། བརྗོད་མི་ ཚར་བའི་གླེང་གཞི་གལ་ཆེན་ཞིག་དུ་གྱུར་ཡོད་པ་མ་ཡིན་ནམ། རླབས་ཆེན་གྱི་སྐྱེས་བུ་དེ་དག་གི་ལོ་རྒྱུས་དང་། བསམ་བློ་ལ་རེ་རེ་ནས་ ཞིབ་འཇུག་བརྡར་ཤ་ཆོད་པ་རེ་མཛོད་དང་། ཁྱོད་ཀྱིས་སྲིད་དབང་སྒེར་ འཛིན་པ་དག་གི་གདུག་རྩུབ་ཀྱི་ཡ་མ་བརླའི་སྲིད་ལུགས་ལས་བྱུང་བའི་བག་ཆགས་སྟུག་པོའི་ཁྲོད། འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་རྩ་བ་དམངས་ གཙོའི་ལམ་ལུགས་ལ་གཅིག་ཏུ་མོས་པའི་རླབས་ཆེན་གྱི་སྐྱེས་བུ་གང་མང་ཞིག་གི་རིན་ཐང་བྲལ་བའི་ཚེ་སྲོག་དང་། རྣམ་དཔྱོད་ལ་མནར་གཅོད་ དང་། མཐོང་ཆུང་བྱས་པའི་ཀླ་ཀློའི་སྤྱོད་པ་དག་མཐོང་བར་འགྱུར་ལ། བླུན་རྨོངས་དང་སྒྱིད་ལུགས་ཀྱི་སྒྲོགས་ཀྱིས་བཅིངས་པའི་མི་རིགས་ཤིག་གི་བདེ་སྐྱིད་ཀྱི་འོད་སྣང་ལ་ངོ་རྒོལ་བྱས་ཤིང་། ལོག་སྤྱོད་ལ་རྟག་ཏུ་འཐམས་ པའི་དབང་བསྒྱུར་བ་དག་གི་དོན་དངོས་ཀྱི་ངོ་གདོང་རྩུབ་མོ་དེ་དག་མཐོང་ཡོང་ལ། དེའི་ཁྲོད་ནས་རླབས་ཆེན་གྱི་མི་བུ་དེ་དག་གི་རིན་ཐང་བྲལ་ བའི་བསམ་སྦྱོར་གྱི་ངོས་ཟུར་རེ་རེ་མཐོང་བར་འགྱུར་རོ།། བྱུང་ཟིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་ནི་བརྗེད་དཀའ་བའི་རྨ་ཁ་ཟབ་མོ་ཞིག་་དང་། འགྱོད་དགོས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག་ཀྱང་རེད། ཡིན་ ནའང་བྱུང་ཚར་བའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ལ་ལེ་གདའ་བྱས་པས་ཐོབ་རྒྱུ་ཅི་ཡང་མེད་པ་བདེན་མོད། ནོར་འཁྲུལ་དེ་ལེགས་བཅོས་བྱེད་པའི་སྙིང་ སྟོབས་ཡོད་དགོས་པའི་ཆེད་དུ་ཡིན་པས། ད་ནས་བཟུང་དེ་ལྟ་བུའི་ལོ་རྒྱུས་་ ཀྱི་ནག་ཉེས་མི་འབྱུང་བའི་དམ་བཅའ་དང་འབོད་སྐུལ་བྱེད་དགོས། དེ་དག་གིས་ང་ཚོའི་ཡིད་ཆེས་དང་བདེན་དཔང་བྱེད་ཐུབ་པ་ཞིག་ནི། བོད་ ཀྱི་རིགས་གནས་ལོ་རྒྱུས་སྟེང་བྱུང་བའི་མི་སྣ་དེ་དག་གི་བསམ་བློ་དང་།མི་གཞི་སོགས་ཁོ་ཚོའི་རྨོངས་ཞེན་གྱི་དབང་གིས་མཐོང་མ་ཐུབ་པར་“ལྟ་ ལོག་”དང་།“གསར་བརྗེ་བ་”སོགས་ཀྱི་ཉེས་མིང་འདོགས་ཤིང་། དྲག་ ཞན་སུའི་ངོར་ཡང་མི་ཐ་མའི་ཐ་མ་ཞིག་གི་རིན་ཐང་ལས་མེད་མོད། ཡིན་ནའང་ད་ལྟ་ཅུང་ཟད་གོ་རྟོགས་མཐོ་རུ་ཕྱིན་པའི་དབང་གིས། མཁས་ བླུན་སུས་ཀྱང་རིག་པའི་དཔའ་བོ་དང་། བསམ་བློ་བ་སོགས་སུ་བཀུར་བཞིན་ པ་མ་ཡིན་ནམ། དེ་དག་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་བྱུང་བའི་ཉམས་ མྱོང་ཞིག་མིན་པར་སུ་ཡིས་བསྙོན། དེ་བཞིན་དེང་དུས་སུ་མི་རིགས་ཀྱི་ཤ་ཞེན་དང་། སྤྱི་སེམས་ཀྱི་འགན་འཁྲི་ ཕྲག་ཏུ་བཞེས་པའི་རྟོགས་སད་པ་དག་གིས་ཀྱང་། རང་ཉིད་ནས་འགོ་རྩམ་ ཏེ་ལེགས་བཅོས་ཀྱི་བསམ་འཆར་འཆད་བཞིན་པའི་སྐབས་འདིར། དུང་ ཞེན་ཁོ་ནའི་སྒྲོག་གིས་བཅིངས་པའི་སྐྱེ་བོ་དག་གིས་རྟོག་དཔྱོད་མི་བྱེད་་པར་ལྟ་ལོག་སོགས་ཀྱི་ཆོ་ལོ་འབུལ་སྲིད་ཀྱང་། བདེན་རྫུན་གྱི་གནས་ལུགས་་ དྲང་པོའི་སྟེང་ནས་འབྱེད་ཐུབ་པར་ཡིད་ཆེས་ཡོད། བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་རེ་བ་དང་ཡིད་ཆེས་བྲལ་བའི་ཨུ་ཚུགས་་ ཀྱི་ལྟ་བ་ལུགས་གཉིས་ཟུང་འབྲེལ་གྱི་ལམ་ལུགས་ཞིག་འཁྱར་མ་འཁྱོལ་་བསྐྱོད་པ་དང་། ལམ་ལུགས་དེའི་ཁྲོད་ནས་ཆོས་བརྒྱུད་གྲུབ་མཐའ་ཁག་ གི་བར་ལ་ཁྲག་དྲི་བྲོ་བའི་དོན་རྐྱེན་མང་པོ་བྱུང་མྱོང་བ་དཔེར་ན། བོད་་ སིལ་བུའི་དུས་སྐབས་སུ་རིན་སྤུང་བ་དང་ཕག་གྲུའི་བར་སྲིད་དབང་འཕྲོག་་་ རེས་ཀྱི་འཐབ་འཛིང་དྲག་པོ་བྱུང་བ་དང་། དགེ་ལུགས་དང་བཀའ་བརྒྱུད་ པའི་བར་གྱི་གྲུབ་མཐའི་འགལ་རྩོད་དང་། རྒྱལ་དབང་ལྔ་པ་དཔོན་སློབ་ དང་། གཙང་པ་སྡེ་སྲིད་བར་གྱི་འཁྲུགས་རྩོད། “སྟག་ལོའི་སྡེ་གཟར་ཆེན་ མོ་”དང་། “འབྲི་གུང་གླིང་ལོག་”སོགས་ཆོས་ལུགས་རིག་གནས་ཐོག་གི་ སྐྱོ་གར་རིང་མོ་འདི་དག བོད་སྲིད་སྐྱོང་མཁན་དག་གིས་མ་འཇོན་པའམ། ཡང་ན་ཆོས་རྒྱུད་གྲུབ་མཐའ་འཛིན་པའི་བླ་ཆེན་དག་གིས་འཇིག་རྟེན་སྲིད་་ ལུགས་ལ་སྐལ་མེད་སར་སྐེ་བསྲིང་པའི་རྐྱེན་གྱིས། ཆོས་དང་སྲིད་གཉིས་ ཟུང་འབྲེལ་དུ་སྐྱོང་བའི་ལམ་ལུགས་ཞིག་བྱུང་ཞིང་། གཞི་དེ་ལས་བྱུང་ བའི་བོད་ཀྱི་ཆོས་ལུགས་རིག་གནས་སྟེང་གི་ཁྲག་དྲི་བྲོ་བའི་སྐྱོ་གར་འདི་དག་བྱུང་བ་ཞིག་སྟེ། འཇིག་རྟེན་སྲིད་སྐྱོང་པ་དག་ལས་ཀྱང་ཐུ་བའི་མི་ ཤི་རྟ་འགྱེལ་གྱི་གནས་ཚུལ་ཡ་ང་བ་འདི་དག་ནི། བོད་ཀྱི་ཆོས་ལུགས་ རིག་གནས་ལོ་རྒྱུས་སྟེང་བྱུང་བའི་ཆག་གྲུམ་ཆེན་པོ་ཞིག་རེད། ཡིན་ ནའང་ནུབ་ཕྱོགས་ཀྱི་མཁས་པ་དག་གིས་འཛམ་གླིང་གི་ཞི་བདེའི་རིག་་་གནས་སུ་འབོད་བཞིན་ཡོད་པའི་ཆོས་ལུགས་རིག་གནས་འདི་ལ། དོན་ དངོས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་མོ་རེ་བྱས་ན་ཅི་ཞིག་གི་ངོ་ཚ་ཆེན་པོ་་ ཞིག་ཉོས་ཡོད་པ་གསལ་པོ་མ་རེད་དམ། དེ་ལས་ཀྱང་ང་ཚོའི་གནས་ཚུལ་ གང་ལའང་རྒྱུས་ལོན་མི་བྱེད་པར་གཟུ་ལུམ་གྱིས་ལུགས་གཉིས་ཟུང་འབྲེལ་་གྱི་ལྟ་ཚུལ་དང་། སྤྱོད་ཚུལ་ངན་པ་དེར། ཨུ་ཚུགས་ཀྱིས་གོག་འགྲོས་བྱེད་ བཞིན་ཡོད་པ་དེ་དང་། དོན་དངོས་ཀྱི་ཆོས་ལུགས་རིག་གནས་དང་སྲིད་་ ཕྱོགས་རིག་གནས་ལ་བྱུང་བའི་ལོ་རྒྱུས་ལ་གསལ་པོ་མི་དཔྱོད་པ་ནི་སྐྱོན་ ཆ་ངན་པ་ཞིག་ཏུ་གྱུར་ཡོད། སྐྱོན་ཆ་ངན་པ་དེ་དག་བླང་དོར་བྱེད་མ་ཐུབ་ ན་ལུགས་གཉིས་གང་ཡིན་ཡང་འཕེལ་རྒྱས་དང་། ཡང་དག་པའི་ལམ་ དུ་འགྲོ་ཐུབ་ཐབས་མེད། གོང་དུ་བཤད་ཟིན་པ་ལྟར་ལོ་རྒྱུས་ཀྱི་སྐྱོ་གར་ལ་ཕྱིར་རྟོག་དང་། བསམ་ གཞིག་མཐར་ཕྱིན་པ་རེ་དང་། བདེན་དོན་དང་དྲང་པོའི་ལམ་ནས་ཞིབ་ ___________________ དངོས་ཡོད་ཀྱི་ལོ་རྒྱུས་དེ་དག་ལ་བསམ་ན། ཆོས་སྲིད་གང་གི་ངོས་ནས་ཀྱང་ཡང་དག་པ་ཞིག་འཇོན་ཡོད་མེད་གསལ་པོ་མ་རེད་ དམ། དེ་ལ་གཞིག་ན་མ་འོངས་པར་ཆོས་སྲིད་གཉིས་རང་རང་གི་ངོས་ཐད་ནས་གཙང་མ་ཞིག་སྐྱོང་རྒྱུ་གལ་ཆེ་བར་སྙམ། འཇུག་གཏིང་དཔོག་པ་རེ་བྱས་ན། ལོ་རྒྱུས་སྟེང་ཇི་ལྟར་བྱས་ན་“ལེགས་ གྲུབ་”ཡོང་བ་དང་། ཇི་ལྟར་བྱས་ན་“ཕམ་ཉེས་”འབྱུང་བའི་ངེས་ཤེས་ གསལ་པོ་འདྲོང་ངེས་ལ། ངེས་ཤེས་དེ་ལས་མ་འོངས་བར་ང་ཚོ་གདོད་ མའི་གཉིད་མོ་ཆེའི་བཟི་བའི་རྗེས་ལུས་ཀྱི་མལ་ལས་ཡར་ལངས་ཏེ་མདུན་ཕྱོགས་འཕེལ་རྒྱས་ཀྱི་ལམ་བུར་ཇི་ལྟར་བསྐྱོད་དགོས་ཚུལ་གྱི་བསམ་བློ་་ ཞིག་དང་། སྙིང་སྟོབས་ཞིག་རྙེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་དོ།།


༢༠༡༠/༩/༢༩












མི་སྐད་རང་བཞིན།














རང་གིས་རང་ཉིད་སྐྱོང་བའི་བསམ་བློ།

མི་ཕལ་ཆེ་བས་རྟག་ཏུ་གཞན་སྐྱོན་འབའ་ཞིག་མཐོང་གི་ཡོད་པ་ལས། རང་ ཉིད་ཀྱི་སྐྱོན་ཆ་གཏན་ནས་མཐོང་ཐུབ་ཀྱིན་མེད། རྩོམ་ལ་འཇུག་པའི་ ཤེས་ཡོན་ཅན་དུ་ཁས་འཆེ་བ་མང་པོ་ཞིག་གིས་ཀྱང་རང་གི་ཞན་ཆ་མཐོང་ཐོབ་ཀྱིན་མེད་ལ། གཞན་སྐྱོན་འཚོལ་ཞིང་གཞན་སྐྱོན་སུན་འབྱིན་ཁོ་ ནས་དུས་འདའ་བར་བྱེད། ཁ་དཔེར། “སྐྱོན་མེད་ཡོན་ཏན་ལྡན་པའི་ མི་དཀོན་”ཞེས་པ་ལྟར། འཇིག་རྟེན་ཁམས་འདིར་སྐྱོན་མེད་ཅིང་། ཡོན་ ཏན་གྱིས་ཕྱུག་པའི་མི་ཞིག་ཧ་ཅང་དཀོན་ནའང་། རང་སྐྱོན་རང་གིས་ ངོས་ཟིན་པ་ནི་ཆེས་བླ་ན་མེད་པ་ཞིག་རེད། མི་ཞིག་ཡིན་ན་གཞན་སྐྱོན་འཚོལ་བ་ལས་དང་པོ་རང་སྐྱོན་བཙལ་ན་ལེགས། དེ་བཞིན་རྩོམ་ལ་འཇུག་པའི་མི་བུ་ཞིག་ཡིན་ན་ཐོག་མར་གཞན་སྐྱོན་སུན་འབྱིན་བྱེད་པ་ལས་རང་སྐྱོན་ངོས་ཟིན་པར་བྱས་ན་བཟང་། སུ་ཞིག་ཡིན་ཡང་ཐོག་མར་གཞན་དག་སྐྱོབས་པའི་བྱ་བ་དེ་བཞག་ནས། རང་གིས་རང་ཉིད་སྐྱོང་བའམ། རང་གིས་རང་ཉིད་ལེགས་ལམ་དུ་བཀྲི་ དགོས། རྩོམ་ལ་འཇུག་མཁན་ཞིག་ཡིན་ན་ཐོག་མར་སྤྱི་མཚན་པའི་ ངོས་ནས་ལེགས་བཅོས་བྱེད་པའི་ཐབས་ལམ་དེ་མི་འཚོལ་བར། བྱེ་ བྲག་རང་གི་རང་ཉིད་ལེགས་བཅོས་བྱེད་པའི་ཐབས་ཤེས་དེ་འཚོལ་བར་བྱ། རང་གིས་རང་ཉིད་ལེགས་ལམ་དུ་བཀྲི་ཐུབ་ན། ད་གཟོད་གཞན་དག་ རེ་རེ་ནས་ལེགས་ལམ་དུ་བཀྲི་བའི་ཐབས་ལ་བརྩོན་ན་འོས་ཤིང་འཚམས་པ་ཡིན། དེ་ལས་རང་སྐྱོན་ཁོང་དུ་སྦས་ཏེ། རང་ཉིད་འཆལ་པར་བསྐྱོད་བཞིན་ ད་དུང་གཞན་དག་ལེགས་བཅོས་དགོས་པའི་ལྟ་ཚུལ་འདོན་པ་ནི་འོས་་ འཚམས་ཞིག་མ་ཡིན་ནོ། ། མི་རིགས་གང་ཞིག་འཕེལ་རྒྱས་ཀྱི་ལམ་དུ་གོམ་ཁ་བསྒྱུར་དགོས་ན། སྤྱི་ ཆ་སྙོམས་གྱིས་གཞོགས་བརྗེས་པ་བཞིན་ཡོངས་ཐབས་དཀའ་ལ། དེ་བས་ མི་བུ་བྱེ་བྲག་རེ་རེ་ནས་ལེགས་བཅོས་བྱེད་པའི་བསམ་བློ་དང་། ལག་ལེན་ ལ་བརྩོན་པ་ཡིན་ན། མི་རིགས་དེ་ཉིད་རང་ཤུགས་ཀྱིས་ལེགས་ལམ་དུ་ གོམ་ཁ་བསྒྱུར་ཐུབ། དེ་བས་རང་གིས་རང་ཉིད་སྐྱོང་བའི་ཐབས་ལ་འབད་དེ། རང་གིས་རང་ ཉིད་ལེགས་ལམ་དུ་བཀྲི་བར་བྱ། དེ་ནི་གང་ཞིག་ལེགས་ལམ་དུ་བསྒྱུར་ བའི་ཐབས་ཆེས་བླ་ན་མེད་པ་ཡིན་ལ། རང་ཉིད་ནས་མགོ་བརྩམ་པའི་ ཐབས་ལམ་རེད། ཆེ་ས་ནས་རྒྱལ་ཁབ་ཞིག་ཡིན་ནང་འདྲ། ཆུང་ས་ནས་མི་རིགས་ཞིག་ ཡིན་ནའང་ཆོག གང་ལྟར་ལེགས་བཅོས་བྱེད་དགོས་ཚེ། མི་བུ་བྱེ་བྲག་ རེ་རེ་ནས་ལེགས་ལམ་དུ་བཀྲི་དགོས། སུ་ཞིག་གིས་ལེགས་བཅོས་བྱེད་ པའི་ལྟ་ཚུལ་འདོན་མཁན་ཡོད་ན་ཐོག་མར་རང་ཉིད་ནས་མགོ་བརྩམ་དགོས། ཁ་ཐོག་གི་རི་མོ་དེ་དོན་ཐོག་ལ་འབབ་ཐུབ་པ་ཞིག་བྱེད་དགོས་སོ།། དེ་དག་དཔེ་མཚོན་ཞིག་བཤད་ན། ཝེ་སི་ཀྲ་མིན་སི་ཀྲེར་ཆོས་ཁང་གི་ ས་འོག་ཁང་པ་རུ། དབྱིན་ཇིའི་རྒྱལ་ཆོས་ཀྱི་ཆོས་གཙོ་ཞིག་གི་དུར་བྱང་ ལ་གཤམ་གསལ་གྱི་ཚིག་འདི་དག་བརྐོས་འདུག ”ང་ནི་ལོ་ན་གཞོན་ ཞིང་ཡོད་ཚད་རང་དབང་ལ་ཡོད་དུས། ངའི་ཡིད་བྱེད་ལ་ཐོགས་རེག་མེད་ པས། ས་འཛམ་བུ་གླིང་འདི་ངས་ལེགས་ལམ་དུ་བཀྲི་དགོས་སྙམ་དུ་བསམས། ང་ནི་ན་སོ་དར་ལ་བབས་ཏེ་བློ་རིག་ལ་ཤེད་ཕྱེ་འོངས་དུས། འཛམ་བུ་གླིང་ ལེགས་ལམ་བཀྲི་མི་ཐུབ་པ་ངས་ཧ་གོ་སོང་། དེར་རང་གི་འདུན་མ་ཅུང་ཆུང་དུ་བཏང་ནས། སོ་སོའི་རྒྱལ་ཁབ་ཙམ་ ལེགས་ལམ་དུ་བཀྲི་བས་ཀྱང་མཐུས་སྙམ། ཡིན་ནའང་ངའི་རྒྱལ་ཁབ་ ____________  བློ་འབྱེད་ཀློག་དེབ་དཔེ་ཚོགས་ནང་གི་《ན་གཞོན་རབ་བྱེད་》ལས་དྲངས། ཀྱང་ངས་ལེགས་ལམ་དུ་བཀྲི་ཐུབ་པ་ཞིག་མིན་པ་འདྲ། ང་ནི་རྒ་བའི་ཁུར་གྱིས་ནོན་ཞིང་མཐའ་མཇུག་གི་རེ་འབྲས་ཤིག་ཡིད་ལ་བརྣགས་ཏེ། རང་གི་ཁྱིམ་ཚང་དང་། ནང་མི་ཚོ་ལེགས་ལམ་དུ་བཀྲི་བར་ བརྩམས་པ་ན། ཀྱི་ཧུད། ཁོ་ཚོ་སུ་གཅིག་གིས་ཀྱང་ངའི་ཁ་ལ་མི་ཉན། ད་ལྟར་འཆི་དོང་ཁར་ལག་པ་བཞག་འདུག་པའི་སྐབས་སུ་ངས་གནས་ལུགས་ཤིག་གཞི་ནས་རྟོགས་སོང་། གལ་ཏེ་དང་ཐོག་ངས་རང་ཉིད་ལེགས་ལམ་ དུ་བཀྲིས་པ་ཡིན་ན། དེའི་མཇུག་ཐོགས་སུ་ངས་རང་གི་ནང་མི་ལེགས་ ལམ་དུ་བཀྲིས་ཆོག་ལ། དེ་ནས་ཁོ་པ་ཚོའི་སྐུལ་ལྕག་དང་རོག་རམ་ལ་ བརྟེན་ནས། ངས་རང་གི་རྒྱལ་ཁབ་ལེགས་ལམ་དུ་བཀྲི་ཐུབ་ལས་ཆེ། དེ་ ལྟར་མཇུག་ལྡོག་ནོར་མེད་ཚེ། གཅིག་བྱས་ན། མཐར་ཐུག་ངས་འཛམ་ བུ་གླིང་འདིའང་ལེགས་ལམ་དུ་བཀྲི་ཐུབ་ཀྱང་ཐང་ཨང”་། དེ་ནི་མི་ཚེའི་ ཉམས་མྱོང་གི་སྡོམ་ཚིག་ཅིག་རེད་འདུག་པས་སུས་ཀྱང་དོ་སྣང་རེ་བྱེད་པ་་་ གལ་ཆེ་ལ། ལྷག་པར་དུ་རང་རིགས་ཀྱི་གནས་བབས་ལ་བརྟེན་ནས་གོང་ གི་མི་ཚེའི་སྡོམ་ཚིག་དེ་དག་ལ་བསམ་གཞིག་དང་། བསླབ་བྱ་ལེན་པ་ ནི་མི་བྱེད་ཐབས་མེད་ཞིག་ཏུ་མཐོང་ངོ་།། ༢༠༡༠/༢/༢༨


འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས།

༡ ཁ་པར་དཀོལ་སྤྱོད་ཐད་ཀྱི་རྒྱུན་ཤེས། ལག་ཁྱེར་ཁ་པར་གྱིས་བརྡ་འཕྲིན་ སྐྱེལ་ལེན་བྱེད་རྡུལ་ཕྲན་འོད་རླབས་ལ་བདེ་ཐང་ཐད་གནོད་པ་ཡོད། འཕྲོད་ བསྟེན་ཚན་རིག་མཁས་པས་བཤད་པ་ལྟར་ན། གལ་སྲིད་ཁྱེད་ཀྱིས་ཁ་ པར་བྲང་ཁུག་ཏུ་བཅུག་ན། དེས་སྙིང་གི་འཕར་ཚད་ལ་ཤུགས་རྐྱེན་ཐེབས་ ཏེ། སྙིང་གཟེར་གྱི་ན་ཚ་སྐྱེད་པའི་ཉེན་ཁ་ཡོད་ལ། དེ་བཞིན་ཁྱེད་ཀྱིས་གློ་ ཁུག་ཏུ་བཅུག་ན་མཁལ་མའི་ན་ཚ་སྐྱེད་པ་སོགས་མདོར་ན་ང་ཚོའི་གཟུགས་པོའི་དོན་ལྔ་གང་དང་ཉེ་སར་ཡུན་རིང་ལ་བཞག་ན་དེ་ལ་གནོད་པ་ཡོད་པར་བཤད། ལྷག་པར་དུ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས་ས་ཞིག་ནི། བུད་མེད་ལ་མཚོན་ན་འདི་ནུ་མའི་སྟེང་དུ་ཉར་མི་རུང་ལ། གལ་ཏེ་དེ་ལྟར་ བྱས་ན་ནུ་མར་གན་ཌིའི་ན་ཚ་སྐྱེད་པ་དང་། སྐྱེས་པར་མཚོན་ན་ཕོ་མཚན་ དང་ཉེ་སར་ཉར་མི་རུང་། གལ་ཏེ་དེ་ལྟར་བྱས་ན་ས་བོན་སྐེམ་པར་བྱེད་ ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་མཚན་མའི་ཁྱད་ནུས་རྦད་དེ་འགོག་ སྲིད་པ་སོགས་གནོད་པ་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་བས་སུས་ཀྱང་ སྣང་ཆུང་མི་བྱེད་པར་ལག་ལེན་བྱེད་པར་འོས་སོ།། ༢ མིག་ཤེད་སྲུང་བའི་ཤེས་བྱ། མིག་ཤེད་སྲུང་སྐྱོབ་བྱ་རྒྱུའི་དུས་སྐབས་གལ་ ཆེན་ནི་ལོ་ན་བཅུ་ནས་ཉི་ཤུ་རྩ་གཅིག་དང་རྩ་གཉིས་བར་ཡིན། ལོ་བཅུར་ སླེབས་སྐབས་མིག་འབྲས་ཕལ་ཆེར་སྐྱེ་འཕེལ་བྱུང་ནས་མི་དར་མའི་མིག་་ འབྲས་ཆེ་ཆུང་ལ་སླེབས་ཡོད་པས་གལ་ཏེ་མིག་སྤྱོད་པའི་འཕྲོད་བསྟེན་་ལ་དོ་སྣང་མ་བྱས་ན། རྒྱང་སྒྲིབ་ཏུ་འགྱུར་སླ་བ་སྟེ་དཔེར་ན། དུས་རྒྱུན་ དུ་དཔེ་ཆ་ཀློག་པ་དང་ཡི་གེ་འབྲི་བའི་བཟོ་ལྟ་མི་འགྲིག་པ་དང་། དཔེ་ ཆ་དང་མིག་གི་བར་ཐག་ཧ་ཅང་ཉེ་བ། འོད་གསལ་མིན་གི་འོག་ཏུ་དཔེ་ ཆ་ཀློག་པ་དང་ཡི་གེ་འབྲི་བའི་དུས་ཚོད་ཆེས་རིང་བ། ལྷག་པར་དུ་གཡོ་ འགུལ་ཆེ་བའི་རླངས་འཁོར་དུ་དཔེ་ཆ་ལྟ་བ་བཅས་ཡུན་རིང་ཕྱིན་ན་རྫི་དབྱིབས་ཤ་གནད་བསྟུད་མར་ལས་ཀ་བྲེལ་འཚབ་བྱས་ནས་ལྷོད་གཡེངས་ཀྱི་སྐབས་ཤོར་བས་རྒྱང་རིང་གི་དངོས་པོ་གསལ་པོར་མཐོང་མི་ཐུབ་པར་གྱུར། རྒྱུན་པར་དེ་ལྟར་བྱས་ན་རྒྱང་སྒྲིབ་ཏུ་འགྱུར་ངེས་ཡིན། འོ་ན་སྔོན་ འགོག་ཇི་ལྟར་བྱ་དགོས་ཤེ་ན། ངེས་པར་དུ་མིག་སྤྱོད་པའི་འཕྲོད་བསྟེན་ གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱས་ཏེ་མིག་དང་དཔེ་དེབ་ཀྱི་བར་་ ཐག་ཁྲི་ཙེ་གང་དགོས་པ་དང་དཔེ་ཆ་ལྟ་བ་དང་ཡི་གེ་བྲིས་ནས་ཆུ་ཚོད་་་གཅིག་ཙམ་སོང་རྗེས། སྐར་མ་ཁ་ཤས་ངལ་གསོ་བྱས་ཏེ། རྒྱང་རིང་ལ་ ལྟ་བ་དང་། ཡིག་གཟུགས་ཅུང་ཆེ་བ་དང་སྒྲ་དག་པོས་འབྲི་བ། དྲག་འོད་འོག་དང་འོད་ཞན་པའི་འོག་ཏུ་དཔེ་ཆ་མི་ལྟ་བ། གཞན་ཡང་ ཉལ་བའི་སྐབས་སུ་དཔེ་ཆ་མི་ལྟ་བ་ལ་སོགས་པར་དོ་སྣང་བྱས་ན་མིག་་་་ ཤེད་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་པས་དོ་སྣང་བྱེད་དགོས་སོ།། ༣ ཚོད་མ་བཟོ་སྐབས་ཀྱི་ཤེས་བྱ་གལ་ཆེན། ཚོད་མ་བཟོ་སྐབས་སྣུམ་མི་མང་ བ་དང་ཚྭ་ཁུ་ཉུང་ཉུང་བཏབ་ན་བཟང་། མི་ཚང་མས་སྔོ་ཚོད་དེ་བདེ་ཐང་ ལ་ཕན་པ་ཆེ་བ་ཤེས་མོད། འོན་ཀྱང་སྔོ་ཚོད་ཀྱི་སྣུམ་སིམ་ཚད་ཧ་ཅང་ཆེ་ བ་དེ་ཤེས་ཀྱིན་མེད། བཟའ་སྣུམ་གང་ཞིག་ཡིན་རུང་དེའི་ནང་ཞག་རྩི་ འདུས་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ཏུ་བསླེབས་ཡོད། ཚོད་མ་བརྔོ་སྐབས་་ སྣུམ་ཧོ་ཧྲིན་སུམ་ཅུ་བླུགས་ན། ཧ་ལམ་ཞག་རྩི་ཁེ་སུམ་ཅུ་ཙམ་ཟོས་བ་དང་་་་་ མཚུངས་ལ། དེ་ལྟར་ཡུན་རིང་འགོར་ཚེ། སྔོ་ཚོད་ཀྱིས་ཞག་རྩི་ཇེ་ཉུང་་ དུ་གཏོང་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ལུས་ཀྱི་ལྗིད་ཚད་འཕར་སྣོན་བྱེད་སྲིད། ཚྭ་ཁུ་མང་པོ་ཟོས་ཚེ་ཁྲག་ཤེད་ཇེ་མཐོར་གཏོང་སྲིད་པས། དེ་ཡང་་ བདེ་ཐང་ལ་གནོད་པ་རེད། ཚོད་མ་བརྔོ་བ་དང་ཚོས་ཡག་བྱས་ནས་ཟ་བ་ལས་ཆུ་ཁོལ་གྱི་ནང་ཅུང་ཙམ་་གདུས་ནས་ཚོས་མ་རློན་བྱས་ནས་ཟོས་ན་བཟང་། མི་ལ་ལས་ཚོད་མ་ཚོས་་ ཡག་བྱས་ནས་ཟ་རྒྱུར་དགའ་བ་རེད། ཡིན་ན་ཡང་ཚོད་མའི་ནང་གི་འཚོ་་ བཅུད་བེ་ཧྲིན་སུའུCདང་དབྱང་འགྱུར་འགོག་རྫས་ལ་མཚོན་ན་ཚ་བ་ མི་ཐུབ་པས། དུས་ཚོད་རིང་བོར་གདུས་ཚེ་འཚོ་བཅུད་འཆོར་སྲིད། སྤྱིར་ ཚོད་མ་བརྔོ་སྐབས་སྣུམ་མང་དུ་མི་འཇུག་པ་དང་བརྔོ་སྐབས་ཚོད་ཐག་ཆོད་པར་མ་བྱས་ན་བཟང་། ཚོད་མ་ཟ་སྐབས་ཆུ་ཁོལ་གྱི་ནང་ཅུང་ཙམ་གདུས་ནས་ཚོས་མ་རློན་བྱས་ཏེ་དེའི་ནང་ཏིལ་སྣུམ་དང་ཡང་ན་སྐྱུ་རུའི་སྣུམ་སོགས་ཅུང་ཙམ་ཤིག་བླུགས་་ནས་ཟོས་ན་ཆེས་བཟང་བ་ཡིན། དེ་ལྟར་བྱས་ཚེ་ཚོད་མའི་ནང་གི་འཚོ་བཅུད་བེ་ཧྲིན་སུའུ་དང་དབྱང་འགྱུར་་འགོག་རྫས་འཆོར་ཚད་ཇེ་ཉུང་ཏུ་གཏོང་ཐུབ་པས། ཚད་ངེས་ཅན་ཞིག་་་ གི་སྟེང་ནས་འཚོ་བཅུད་སྲུང་འཛིན་བྱེད་ཐུབ། སྔོ་ཚོད་གང་ཡིན་རུང་་་་ ཚང་མར་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད་ལ། ལྷག་པར་དུ་སྔོ་ཚོད་ཀྱི་ལོ་་ མར་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་པས། ཚོད་མ་ཟ་སྐབས་དེའི་ལོ་་་་ མ་དང་བཅས་བ་མཉམ་དུ་ཟོས་ཚེ་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན། དཔེར་ན་ཚོད་དཀར་ཕྱི་ངོས་ཀྱི་ལོ་མའི་ནང་ལ་སེར་གྱི་བཅུད་འདུས་ཚད་དང་འཚོ་བཅུད་བེ་ཧྲིན་སུའུCའདུས་ཚད་དེ་དེའི་ནང་གནས་ཀྱི་ལོ་མ་་་ལས་ཧ་ཅང་མཐོ་བ་དང་། ཚོད་མ་གླང་ངའི་ལོ་མའི་ནང་ལ་སེར་གྱི་བཅུད་་་ དང་འཚོ་བཅུད་བེ་ཧྲིན་སུའུCའདུས་ཚད་དེ་དེའི་གཞུང་རྟ་ལས་མཐོ་བ་ལྟ་བུ་རེད། དེ་ལས་གཞན་ཚོད་མ་ཆའེ་ཙིའི་ཕྱི་ཤུན་དང་ལ་ཕུག་གི་ཕྱི་ཤུན། ལྡུམ་སྒོང་གི་ཕྱི་ཤུན་སོགས་ཀྱི་ནང་མེ་ཏོག་གི་མདོག་རྒྱུ་དང་དབྱང་འགྱུར་འགོག་རྫས་གྱི་གྲུབ་ཆ། ཟས་ཀྱི་ཚི་སྣ་སོགས་འདུས་པས། འབྲས་སྐྲན་ འགོག་པའི་ཕན་ནུས་ངེས་ཅན་ལྡན། དེ་བས་ཚོད་མ་ཟ་སྐབས་ཕྱི་ཤུན་ དང་བཅས་བ་མཉམ་དུ་ཟོས་ན་བདེ་ཐང་ལ་ཕན་པ་སོགས་ཤེས་དགོས་པའོ།། ༤ ནད་རིམ་སྔོན་འགོག་གི་ཤེས་བྱ་འགའ། མིའི་རིགས་ལ་རྒྱུན་དུ་འགོས་ ཤིང་མཆེད་མང་པའི་རིམས་ནད་ལ་ནི་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་ལས་འདིར་རིམས་ནད་ཀྱི་མཆེད་ལམ་ལྟར་དབུགས་ལམ་གྱི་འགོ་ནད་དང་། འཇུ་ལམ་གྱི་འགོ་ནད་དང་། ཁྲག་རྒྱུན་གྱི་འགོ་ནད་དང་། ཕྱི་ པགས་ངོས་ཀྱི་འགོ་ནད་བཅས་རིགས་ཆེན་པོ་བཞིར་ཕྱེ་ནས་མདོར་ཙམ་ བསྟན་པར་བྱའོ།།

དབུགས་ལམ་གྱི་འགོ་ནད། ནད་ཡམས་རང་བཞིན་ཅན་གྱི་ཆམ་རིམས་ དང་། གློ་གཅོང་དང་། མགོ་བོའི་རྒྱུངས་ཚད་སོགས་ནི་དབུགས་ཀྱི་རྒྱུ་ ལམ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེ་འདྲའི་འགོ་ཞིང་ཡམས་པའི་རིམས་ ནད་དག་གི་ཐོག་མའི་མཆེད་ལམ་ནི་གྲེ་གཞུང་དང་། གློ་ཡུ་དང་། གློ་བ་ བཅས་ཡིན་ཞིང་། དེ་ལྟར་ནད་ཡམས་རིགས་ཀྱི་ཐོག་མའི་མཆེད་གཞི་ གཙོ་བོ་ནི་དོར་བའི་ཁ་ཆུ་དང་། མཁའ་རླུང་ལ་བརྟེན་ནས་ཕན་ཚུན་གཅིག་་ ལ་གཅིག་བརྒྱུད་དེ་མཆེད་པ་ཡིན་གཤིས། དེའི་སྔོན་འགོག་གི་ཐབས་ཤེས་་ ནི་ལུད་པ་གང་བྱུང་དུ་མི་འཕེན་པ་དང་། རྟག་ཏུ་སྒོའམ་སྒེའུ་ཕྱེ་ནས་མཁའ་་ རླུང་རྒྱུ་བ་དང་ཉི་འོད་ཕོག་ཏུ་འཇུག་པའི་ཁར་ལུས་པོ་སྦྱོང་བརྡར་བྱ་དགོས།

འཇུ་ལམ་གྱི་འགོ་ནད། ནད་འབུ་རང་བཞིན་ཅན་གྱི་འཁྲུ་ནད་དང་། ནད་ དུག་རང་བཞིན་ཅན་གྱི་མཆིན་ཚད་དང་། རྒྱུ་ཚད་དང་། རྒྱུ་སྲིན་དང་། གཞང་སྲིན་སོགས་ནི་འཇུ་བྱེད་མ་ལག་གི་ཁོངས་སུ་གཏོགས་པའི་འགོ་ནད་ ཀྱི་རིགས་ཤ་སྟག་ལགས།དེ་འདྲའི་འགོ་ནད་རྣམས་ཀྱི་ཐོག་མའི་མཆེད་ལམ་་ དེ་སྣོད་དྲུག་གི་ཁོངས་སུ་ཚུད་པའི་འཇུ་བྱེད་མ་ལག་གང་རུང་ཡིན་ཞིང་། དེ་ལྟར་གྱི་ནད་ཡམས་དག་གི་དང་ཐོག་གི་མཆེད་གཞི་གཙོ་བོ་ནི་བཟའ་བཏུང་ དང་། འཐུང་ཆུ་དང་། ཟ་ཕོར་སོགས་བརྒྱུད་ནས་ནད་འགོ་མང་བ་ཞིག་ཡིན་་་་་ སྟབས། དེའི་སྔོན་འགོག་གི་ཐབས་ཤེས་དེ་རང་གི་སྡོད་ཁང་དུ་སྦྲང་ ནག་མི་འཁོར་བ་བྱ་རྒྱུ་དང་། བཟའ་བཏུང་གི་སྔོན་དང་གཅིན་སྐྱག་བཏང་ རྗེས་ལག་པ་བཀྲུ་དགོས་པ་དང་། གཞན་གྱི་ཟ་ཕོར་གང་བྱུང་དུ་བེད་མི་སྤྱད་ པ་དང་། ཚོད་མ་དང་སིལ་ཏོག་གི་རིགས་ཟ་ཚེ་ཐོག་མར་ཆུ་ཁོལ་གྱིས་ཡང་ ཡང་བཤལ་དགོས་ཤིང་། རུལ་པ་དང་དྲི་ངན་མནམ་པའི་ཟས་རིགས་མི་ཟ་ བ་དང་། ཆུ་ཁོལ་འཐུང་བ་ལས་ཆུ་གྲང་མོའི་རིགས་མི་འཐུང་བར་བྱའོ།།

ཁྲག་རྒྱུན་གྱི་འགོ་ནད། མཆིན་ཚད་དང་། ཨེན་ཙིའི་ནད་དང་། ནད་ཡམས་་ རང་བཞིན་ཅན་གྱི་ལེབ་རྒན་དང་། རིམས་སྨྱོན་དང་། རེག་དུག་སོགས་ནི་ ཁྲག་རྒྱུན་འགོ་ནད་ཀྱི་ཁོངས་སུ་གཏོགས་པ་དང་། ནད་ཡམས་དེ་རིགས་ཀྱི་ ཐོག་མའི་མཆེད་ལམ་ནི་ཁྲག་དང་སྲིན་བུ་བརྒྱུད་ནས་གཅིག་ལ་གཅིག་ལ་གཅིག་མཆེད་དེ་འགོས་པ་ཡིན་གཤིས། དེའི་སྔོན་འགོག་བྱ་ཐབས་ནི་བྱིས་ པར་ཆུང་དུས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དང་། གཞན་གྱི་་་་་་་་ ལུས་ནས་འཛག་པའི་ཁྲག་གང་བྱུང་དུ་མི་རེག་པ་དང་། དུག་སྦྲང་རྩ་ མེད་གཏོང་བར་བྱ་དགོས་སོ།།

ཕྱི་པགས་ངོས་ཀྱི་འགོ་ནད། ཁྱི་སྨྱོན་གྱི་ནད་དང་། འབྱུང་གཞིའི་ནད་དང་། དུག་ནད་དང་། རྔོ་ནད་དང་། མཛེ་ནད་ལ་སོགས་པ་ནི་ལུས་པོའི་ཕྱི་ངོས་ ཀྱི་འགོ་ནད་གྲལ་དུ་ཚུད་པ་ཡིན། དེ་འདྲའི་འགོ་ནད་རིགས་ཀྱི་དང་ཐོག་གི་ མཆེད་ལམ་གཙོ་བོ་ནི་ལུས་ཀྱི་སྐྱི་པགས་དང་བ་སྤུ་བརྒྱུད་ནས་མཆེད་པ་དང་། ཞིབ་པར་བརྗོད་ན་ཕན་ཚུན་འབྲེལ་ཐུག་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། ཐད་ཀར་རམ་གཞན་བརྒྱུད་སྒོས་ནད་པར་ཐུག་པའང་ནད་ཀྱི་འབྱུང་གཞི་འདུས་ པའི་ས་ཆུ་སོགས་འབྲེལ་བས་ནད་ཀྱི་འབྱུང་གཞི་སྐྱི་པགས་བརྒྱུད་དེ་མིའི་ ལུས་སུ་འཛུལ་རྗེས་འགོས་པ་ཡིན་སྟབས་རིམས་ནད་དེ་རིགས་ལ་འབྲེལ་ཐུག་གི་འགོ་ནད་ཀྱང་ཟེར་ཆོག དེའི་སྔོན་འགོག་གི་བྱ་ཐབས་ནི་མི་སྒེར་ གྱིས་གཙང་སྦྲ་ཡག་པོ་བྱ་དགོས་པའི་ཁར། ནད་པའི་མཁོ་ཆས་གང་བྱུང་གིས་ བེད་སྤྱོད་བྱ་རྒྱུ་མེད་ལ། ནད་ཀྱི་འབྱུང་གཞི་ཡོད་སར་ཉར་པའི་དངོས་པོ་མི་ ཁྱེར་བ་དང་། དེ་བཞིན་མི་གཙང་བའི་ཁོར་ཡུག་སོགས་སུ་འདུག་སྡོད་མི་ བྱེད་པ་བྱ་དགོས་སོ།། ༥ དུས་རྒྱུན་འཚོ་བའི་ཁྲོད་དོ་སྣང་བྱེད་དགོས་པའི་བྱ་བ་གསུམ། ༡ དག་ ཕྱེས་མགོ་བཀྲུས་ན་མགོ་ལྤགས་དང་སྐྲ་ཐོག་གི་རྒྱུན་ལྡན་གྱི་པགས་ཚིལ་ཆེས་ཆེར་ཉུང་དུ་ཕྱིན་ནས། སྐྲ་སྐམ་ཤེད་ཆེ་བར་འགྱུར་བ་དང་སྐྲའི་བཞའ་ ཚད་ཉུང་དུ་ཕྱིན་དྲགས་ན་འོད་མེད་བར་འགྲོ་བ་དང་ཐ་ན་སྐྲ་ཆད་པ་དང་།སྐྲ་རྩེ་གས་འགྲོ་གི་ཡོད་པར་བརྟེན་སྐྲ་འཁྲུ་སྐབས་ཡག་ཤོས་ལ་མ་ནིང་རང་བཞིན་གྱི་སྐྲ་འཁྲུ་བྱེད་དམ། ཡང་ན་སྐྱུར་བའི་རང་བཞིན་ཕྲན་བུ་ལྡན་ པའི་གཙང་འཁྲུ་སྨན་བདེ་སྤྱོད་བྱེད་དགོས་པ་དང་བཀྲུས་ཚར་རྗེས་གལ་སྲིད་སྐྲ་སྣུམ་ཏོག་ཙམ་བྱུགས་ན་སྐྲ་སྲུང་སྐྱོབ་བྱ་རྒྱུར་དེ་བས་ཕན་ཐོགས་ཡོད་པ་རེད། ༢ ཆུ་ཤོག་ཁུག་མ་སྤྱད་དེ་བཟའ་ཆས་བཅུག་ན་ཁྱེར་བར་ སྟབས་བདེ་ཡིན་ལ། སྣུམ་དང་བརླན་བཤེར་ཡང་འགོག་ཐུབ་མོད། ཡིན་ ནའང་ཆུ་ཤོག་ཁུག་མ་ལ་ལར་དུག་ཡོད་པས་རྒྱུན་པར་བཟའ་ཆས་འཇུག་མི་རུང་། དཔེར་ན་ཅུ་ལུ་ཡེ་ཞི་སྙི་མོའི་ཆུ་ཤོག་ཁུག་མ་ནི་དེའི་ནང་གི་ རིགས་ཤིག་ཡིན། རྒྱུ་མཚན་ནི་ཆུ་ཤོག་དེའི་ནང་དུ་རྒྱུ་ཆ་(རེངས་འཁུམ་ སྐུལ་བྱེད་སྨན་རྩི་དང་གཏན་ཆགས་སྨན་རྩི་ལྟ་བུ)མི་ཉུང་བ་ཞིག་ལ་དུག་ཡོད་པ་དང་།སྣུམ་ཡོད་པའི་བཟའ་ཆས་ཀྱི་ཚིལ་བུ་དེ་ཡང་རེངས་འཁུམ་སྐུལ་བྱེད་སྨན་རྩིར་བསྡུ་ལེན་དང་འདུས་པའི་ནུས་པ་ཡོད་པར་བརྟེན། གལ་ཏེ་ཆུ་ཤོག་ ཁུག་མར་བཟའ་ཆས་འཇུག་ཚེ་ངེས་པར་དུ་ཐོག་མ་དེར་དུག་ཡོད་མེད་གསལ་པོར་ཤེས་དགོས་པ་ལས། གང་བྱུང་གིས་ཆུ་ཤོག་ཁུག་མར་བཟའ་ ཆས་འཇུག་མི་རུང་ངོ་། ༣ མགོ་ན་སྐབས་ལག་པ་གཉིས་ཆུ་ཚ་པོ་བླུགས་ པའི་གཞོང་པ་ནང་ཆུ་ཚོད་ཕྱེད་ཀ་ཙམ་བཅུག་ནས། བཞག་ན་མགོ་བོའི་ ན་ཚ་རིམ་བཞིན་ཡང་དུ་འགྲོ་བ་དང་མཐའ་ན་སེང་དྲག་ཡོང་གི་ཡོད། དེའང་ཆུ་ཚ་པོས་ལག་པའི་ཁྲག་རྩ་འཕེལ་ནས་ཁྲག་རྒྱུན་རྣམས་ལག་པའི་་ཐོག་འཛོམས་རྒྱུག་བྱུང་སྟབས་ཀླད་པའི་ཁྲག་རྩའི་ནང་རྒྱུག་ཚད་རིམ་བཞིན་ཉུང་དུ་འགྲོ་བ་དང་དབང་རྩའི་གནོན་ཤུགས་ཡང་དུ་སོང་བས་ན་ཚ་མེད་པར་འགྲོ་གི་ཡོད། ༦ ཆུ་ཡི་ཕན་ནུས། ༡ ཁོག་པ་བཤལ་ན་ཆུ་ཁོལ་མང་ཙམ་འཐུངས་ན་བཟང་། ༢ ཚ་བ་ཆེ་དུས་ཆུ་མང་ཙམ་འཐུངས་ན་ལུས་ཕུང་ལ་ཕན། ༣ ཚ་བ་ཆེན་ པོ་རྒྱས་སྐབས་ལྭ་བ་ཕུད་ནས་ལུས་པོ་ཆུ་འཁྱག་གིས་བཀྲུས་ན་བཟང་། ༤ གཅིན་ལམ་དུ་འགོ་ནད་བྱུང་ཚེ་ཆུ་མང་པོ་འཐུངས་ན་ནད་སེལ་བར་ ཕན་པ་རེད། ༥ གློ་ལུད་དང་དབུགས་འཚང་། གློ་ཚད་བཅས་བྱུང་ན་ཆུ་ མང་ཙམ་འཐུང་ཞིང་ཆུ་ཚན་གྱི་རླངས་པ་བརྔུབས་ན་ཤིན་ཏུ་བཟང་། ༦ ངོ་ལ་རྨ་བུད་ན་འདག་རྫས་དང་ཆུ་གཙང་མས་བཀྲུ་དགོས།༧རྨ་ལས་ རྣག་བྱུང་ན་ལག་རས་ཆུ་ཁོལ་ནང་དུ་སྦངས་ནས་རྨ་ཁར་གླན་དགོས། ༨ ཚིགས་དང་ཤ་གནད་ལ་ཟུག་གཟེར་བྱུང་ཚེ་ཡང་གོང་གི་བྱེད་ཐབས་ སྤྱད་ཆོག ༩ སྐྱི་པགས་བསྲེགས་ཚེ་རེམ་པར་ཆུ་འཁྱག་ནང་དུ་སྦང་དགོས། ༡༠ མགྲིན་པར་ཚ་གཟེར་བྱུང་ན་ཚྭ་ཆུས་ཁ་ནང་གཤལ་དགོས། ༡༡ ཐལ་ རྡུལ་སོགས་མིག་ནང་དུ་སོང་ནས་ན་ཟུག་བྱུང་ན་ཆུ་འཁྱག་གིས་མིག་ཆུ་ཚོད་སྐར་མ་གསུམ་ཙམ་ལ་བཀྲུ་དགོས། ༡༢ སྣ་འཚུབ་སྐབས་སྣ་ནང་དུ་ཚྭ་ ཆུ་ཉུང་ཙམ་བརྔུབས་ན་བཟང་། ༡༣ གཤང་གཅི་སྐམ་ཞིང་གཏོང་དཀའ་ ན་ཆུ་མང་ཙམ་འཐུང་དགོས་ལ། གལ་ཏེ་སྨན་གྱི་རིགས་བཏུང་ན་བཤལ་སྨན་བཏུང་བ་ལས་འཇུ་སྨན་འཐུངས་ན་བཟང་མོད། དེའང་སྨན་མང་པོ་ མ་འཐུངས་ན་བཟང་། ༡༤ སྐྲངས་བྱུང་ཚེ་ཆབ་རོམ་སྐྲངས་འབུར་ཐོག་ཏུ་ དུས་ཚོད་གཅིག་ཙམ་ལ་གླན་ན་སྐྲངས་ཞི་བར་ཕན། ༡༥ ཁོག་པ་བཤལ་ ན་ལུས་སྟེང་གི་ཆུ་ཟད་འགྲོ་བས་ལུས་ཕུང་གི་ཆུ་ཡི་ཤོང་ཚད། སྙོམས་སྒྲིག་ ཡོང་ཆེད་ཆུ་བཏུང་དགོས། ༡༦ ཆུ་ནི་ཡང་དག་པའི་སྒོ་ནས་བེད་སྤྱད་ན་སྨན་ མི་དགོས་ལ། དགོས་གལ་ཧ་ཅང་ཆེན་པོ་མེད་ཚེ་སྨན་འཐུང་ཚད་ཉུང་ན་ བཟང་། འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་གལ་ཆེན་འདི་དག་སུས་ཀྱང་ཤེས་དགོས་པའི་བྱ་བར་མཐོང་ནས། བོད་ཀྱི་དྲ་ལམ་ཁག་ལས་བསྡུས་ཏེ་སྤེལ་བ་ཡིན་པས་ སྣང་ཆུང་མི་བྱེད་པར་ལྟ་ཀློག་དང་། ལག་ལེན་བྱེད་པའི་རེ་བ་ཞུའོ།།

མཇུག་གི་བསམ་གཞིག

དུས་ཀྱི་འགྱུར་འགྲོས་ཆུ་ཡི་རླབས་རིས་བཞིན། དྲག་ཏུ་འཕྱོ་ཞིང་དཔྱོད་ ཤེས་ཀྱི་མིག་རྒྱང་རིང་བའི། དུས་རབས་ཉེར་གཅིག་པའི་བོད་གངས་ཅན་ གྱི་ན་གཞོན་གསར་བའི་བློ་འབྱེད་ཀྱི་བསམ་བློའི་ཚ་རླབས་ཞིག་གིས། ཉམ་ང་བའི་མི་རིགས་ཞིག་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་དུས་མཚུངས་སུ། ང་ཚོར་བསམ་བློའི་འཚོ་བཅུད་གསར་པ་ཞིག་སྩོལ་བཞིན་མཆིས་ ལ། ང་ཚོའི་ཀྱང་མིག་ལྟོས་ཡར་ལྟའི་དཔེ་ལྟར་དཀྱེལ་ཡང་དང་། དགག་ སྒྲུབ། དྲང་བདེན་གྱིས་གནས་ལུགས་འཚོལ་ཞིང་ལེགས་བཅོས་བྱེད་པའི་ འགན་འཁྲིས་《བསམ་གཞིག་》རེ་བྱས་ཏེ། སྔོན་འདས་ནོར་འཁྲུལ་གྱི་ བྱ་བར་ཨུ་ཚུགས་མི་བྱེད་པར། འདོར་ལེན་བྱེད་དགོས་པ་དང་། ལེགས་ ཉེས་བླང་དོར་ཡང་དག་བདེན་པས་དབྱེ་འབྱེད་བྱ་རྒྱུ་ནི་གལ་ཆེན་དུ་ མཐོང་ངོ་།། བདག་ཀྱང་ན་གཞོན་གསར་བ་ཞིག་ཡིན་པའི་ཆ་ནས་བོད་གངས་ཅན་་གྱི་འདས་པའི་ལོ་རྒྱུས་ཀྱི་ཆག་གྲུམ་དང་། ད་ལྟའི་གཞན་དབང་ཁྲོད་ཀྱི་ གནས་བབས་དང་། མ་འོངས་འཇིགས་སུ་རུང་བའི་མདུན་ལམ་སོགས་ ལ་《བསམ་གཞིག་》བྱེད་པ་དང་། ལྟ་ཚུལ་སྣ་ཚོགས་ཡི་གེའི་གཟུགས་ སུ་བགྱིས་ཏེ། དེབ་ཆུང་དུ་བཟོས་ནས་ཀློག་མཁན་སྤུན་ཟླ་རྣམས་ལ་གྲོས་ གཞི་རུ་སྤེལ་བ་ཡིན་པས། ལྟ་བ་མཉམ་གནས་དང་། བསམ་བློ་གུ་ཡང་ གིས་ལེགས་ཆ་འདོན་པ་དང་། སྐྱོན་ཆ་སེལ་བའི་དགོངས་འཆར་ཞུའོ།། ཞེས་ཟླ་བ་བཟང་པོས་༢༠༡༡ལོའི་ཟླ་༩པའི་ཚེས་༦ཉིན་བྲིས་པའོ།།