Jump to content

བསམ་གཏན་བཞི་བ་

ཡོང་ཁུངས་Wikipedia

བསམ་གཏན་བཞིའི་ནང་གསེས། བསམ་གཏན་གསུམ་པའི་བདེ་བ་སྐྱོན་དུ་རྟོགས་ནས་བཏང་སྙོམས་ཅན་ཏེ། བསམ་གཏན་གསུམ་པའི་བདེ་བ་དང་དབུགས་འབྱུང་རྔུབ་དང་ཏིང་ངེ་འཛིན་མ་རྫོགས་པ་སོགས་སྤོང་བའི་གཉེན་པོའི་ཡན་ལག་པའི་སྐྱོན་བརྒྱད་དང་བྲལ་བའི་དྲན་པ་ཡོངས་སུ་དག་པ་དང་། འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་དང་། ཕན་ཡོན་གྱི་ཡན་ལག་ཚོར་བ་བཏང་སྙོམས་དང་། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བཅས་ཆ་ཤས་སམ་ཡན་ལག་བཞི་དང་ལྡན་པའི་བསམ་གཏན་ལ་ཟེར།

རྒྱས་འགྲེལ། བསམ་གཏན་གསུམ་པའི་བདེ་བ་སྐྱོན་དུ་རྟོགས་ནས་བཏང་སྙོམས་ཅན་ཏེ། བསམ་གཏན་གསུམ་པའི་བདེ་བ་དང་དབུགས་འབྱུང་རྔུབ་དང་ཏིང་ངེ་འཛིན་མ་རྫོགས་པ་སོགས་སྤོང་བའི་གཉེན་པོའི་ཡན་ལག་པའི་སྐྱོན་བརྒྱད་དང་བྲལ་བའི་དྲན་པ་ཡོངས་སུ་དག་པ་དང་། འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་དང་། ཕན་ཡོན་གྱི་ཡན་ལག་ཚོར་བ་བཏང་སྙོམས་དང་། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བཅས་ཆ་ཤས་སམ་ཡན་ལག་བཞི་དང་ལྡན་པའི་བསམ་གཏན་ཡིན་ལ། དཔལ་བརྩེགས་ལོ་ཙཱ་བས། བཏང་སྙོམས་ནི་བསམ་གཏན་བཞི་བ་སྟེ། འོག་མའི་བདེ་བ་ཡོད་ན་དེའི་ཟླས་སྡུག་བསྔལ་ཡང་འབྱུང་བས་བདེ་བ་དེ་ཡང་སྤང་ངོ་ཞེས་བདེ་བ་སྤངས་པས་དེའི་ཟླས་དབུགས་རྔུབ་པ་དང་འབྱུང་བའི་སྡུག་བསྔལ་སྤངས་པའི་བཏང་སྙོམས་ཅན་ཏེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་པའི་མཚན་ཉིད་དོ་ཞེས་གསུངས།