བསམ་གཏན་
བསམ་གཏན་ནི་སེམས་རྩེ་གཅིག་ཏུ་དམིགས་པ་ལ་གཏད་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཞིག་སྟེ། བསྡུ་བའི་ཚིགས་སུ་བཅད་པ་ལས། "གནས་ལུགས་མངོན་དུ་གྱུར་པའི་ལྷག་མཐོང་གིས། །སྒྲིབ་གཉིས་ས་བོན་རྩད་ནས་འཇོམས་པ་ཡང་། །གཡོ་མེད་ཏིང་འཛིན་གནས་ལ་རག་ལས་པས། །ཐོག་མར་ཞི་གནས་སྒྲུབ་ལ་མཁས་པར་བྱ། །"ཞེས་གསུངས་པ་ལྟར། ཞི་གནས་དང་ལྷག་མཐོང་གི་ཡན་ལག་ཏུ་གྱུར་པའི་ཏིང་ངེ་འཛིན་གྱི་ཉམས་ལེན་ཞིག་ཡིན།
མཚན་ཉིད།
[རྩོམ་སྒྲིག]དམིགས་པ་རྩེ་གཅིག་པ་སྟེ། "མཚན་ཉིད་ནི་དམིགས་པ་རྩེ་གཅིག་པའོ། །"[༡]ཞེས་གསུངས་པ་ལྟར་རོ། །"འདོད་པ་དང་བྲལ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བས་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་དང་། ཏིང་ངེ་འཛིན་ལས་བྱུང་བའི་དགའ་བ་དང་བདེ་བ་"[༢]ཞེས་པའི་ཁྱད་ཆོས་དང་ལྡན་པའི་སེམས་གནས་པའི་གནས་སྐབས་ཤིག་ཡིན།
སྒྲ་བཤད།
[རྩོམ་སྒྲིག]ལེགས་སྦྱར་གྱི་སྐད་དུ་དྷྱ་ན་ཞེས་པའི་ལོ་ཙཱ་བའི་སྒྲ་ཡིན་ལ། དེ་ཡང་"ས་མ་ཏི་མར་མི་ཏ་ཞེས་པ་སྟེ། ཡིད་འཛིན་པར་བྱེད་པའི་དོན་གྱིས་ན་བསམ་གཏན་ནོ། །"[༣]ཞེས་གསུངས་སོ། །
བསམ་གཏན་གྱི་ངོ་བོ།
[རྩོམ་སྒྲིག]སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཏེ། "རྣམ་པར་བརྟགས་ཤིང་དཔྱད་པའི་ཞིང་ལས་བྱུང་བའི་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་དང་། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་པའི་བསམ་གཏན་གོམས་པར་བྱས་ན་རྣལ་འབྱོར་པའི་རྟོགས་པའི་ལུས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་ཟས་ཞེས་བྱ་སྟེ། ཐ་མལ་པའི་ཟས་ཀྱིས་ལུས་རྒྱས་པར་བྱེད་པ་བཞིན་ནོ། །"[༤]ཞེས་གསུངས་པ་ལྟར་རྣལ་འབྱོར་པའི་ཡོན་ཏན་འཕེལ་བའི་རྒྱུར་གྱུར་པ་ཞིག་ཡིན།
དབྱེ་བ།
[རྩོམ་སྒྲིག]བསམ་གཏན་བཞིའི་དབྱེ་བ།
བསམ་གཏན་ལ་གཟུགས་ཁམས་ཀྱི་བསམ་གཏན་བཞི་སྟེ། "བསམ་གཏན་བཞི་ལ་བསླབ་པ་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་ལ་བསླབ་པའོ། །"[༥]ཞེས་གསུངས་པ་ལྟར། "མཚན་གཞིའི་རབ་ཏུ་དབྱེ་བ་ནི། བདེ་བར་གནས་པ་ཡི་དང༌། ཡོན་ཏན་མངོན་པར་བསྒྲུབ་པ་དང༌། བསམ་གཏན་གྱི་དོན་ལ་མངོན་པར་སྦྱོར་བས་ན་བསམ་གཏན་ནོ། །"[༦]ཞེས་སོ། །"སྔོན་མ་སྨད་གཉིས་ཀྱིས་ཆུ་བརྒལ་བའི་ཚེ་མས་བུ་མོ་འདི་ཆུས་ཁྱེར་ནས་མ་ཤི་ན་སྙམ་བུ་མོས་མ་འདི་ཆུས་ཁྱེར་ནས་མ་ཤི་ན་ཅི་མ་རུང་སྙམ་པའི་བྱམས་པའི་སེམས་སམ་སྙིང་བརྩེའི་བསམ་པ་ཤིན་ཏུ་གསལ་བོ་སྐྱེས་པ་ལས་གཉིས་ཀ་ཆུས་ཁྱེར་ནས་ཤི་བར་གྱུར་ཀྱང་དགེ་སེམས་དེའི་སྟོབས་ཀྱིས་ཚངས་པའི་གནས་སུ་སྐྱེས་པར་གསུངས་པ།"[༧] ལྟར་བསམ་གཏན་དང་པོ་ལས་ཚངས་པའི་གནས་སུ་སྐྱེ་བ་སོགས་གསུངས།
དམིགས་པ་མེད་པའི་ཁྱད་པར། "འབྲས་བུ་ཆེ་བའི་ཕྱིར་རྨད་བྱུང་ངོ་། །འདི་ལྟ་སྟེ། དེ་ལ་སྤྱོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའོ། །འདི་ལྟར་ཇི་སྐད་བསྟན་པའི་བསམ་གཏན་བཞི་ཐོབ་ནས་ཏིང་ངེ་འཛིན་བསྒོམ་པའི་ལམ་ལ་གནས་པ་སྟེ། དམིགས་ཀྱང་མངོན་པར་ཞེན་པའི་རྒྱུའི་མཚན་མ་ཉིད་མེད་དོ། །"[༨]ཞེས་གསུངས་སོ། །
བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཁྱད་པར།
[རྩོམ་སྒྲིག]འབྲས་བུ་བྱང་ཆུབ་ཀྱི་རྟེན་དུ་གྱུར་པ།
"བསམ་གཏན་གྱི་དངོས་གཞི་སོ་སོའི་ཡན་ལག་རྟོག་དཔྱོད་ལ་སོགས་པ་དང་བཅས་པ་བཞི་པོ་འདི་བྱང་ཆུབ་དམ་པ་མཆོག་གི་སྤང་རྟོགས་ཐོབ་པ་ཡི་རྟེན་དུ་འགྱུར་ཏེ་མཐོང་བའི་ལམ་ལ་སོགས་པ་ནི་བསམ་གཏན་གྱི་སེམས་ལ་བརྟེན་པའི་ཕྱིར་རོ། །"[༩]ཞེས་གསུངས་སོ། །
གཞན་དོན་དུ་འདོད་ཁམས་སུ་སྐྱེ་བ།
"བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ནས་ཤེས་རབ་ཀྱིས་དེ་ལ་མཚན་མ་མེད་པར་རྟོགས་སོ། །བསམ་གཏན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གལ་ཏེ་ལས་ནི་ཞིག་པར་གྱུར་ཏེ་ཚེ་བརྗེས་ན། སེམས་ཅན་སྨིན་པ་སོགས་ཀྱི་དོན་དུ་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་འདོད་པའི་ཁམས་སུ་ཡོངས་སུ་སྐྱེ་བ་ལེན་པའོ། །"[༡༠]ཞེས་གསུངས་སོ། །
མ་ཆགས་པའི་ཚུལ་གྱིས་འཇུག་པ།
"བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་གནས་ཀྱང་བདེན་ཞེན་གྱིས་མཚན་མར་འཛིན་པ་མེད་དོ། །"[༡༡]ཞེས་གསུངས་སོ། །
བསམ་གཏན་གྱི་ཕན་ཡོན།
[རྩོམ་སྒྲིག]བསམ་གཏན་སྒོམ་པས་"ཏིང་ངེ་འཛིན་འདིས་ཐ་མལ་པའི་ལུས་ཀྱང་རྒྱས་པར་འགྱུར་བ་ཡིན་ནོ། །"[༡༢]ཞེས་གསུངས་པ་ལྟར་ལུས་སེམས་ཀྱི་བདེ་ཐང་འཕེལ་བ་དང་། "རྣམ༷་པ་བརྟག༷་ཅིང་དཔྱད་པའི་ཞིང༷་ས་བཟང་པོ་ལྟ་བུ་ལ༷ས་བྱུང༷་བ༷་ཡི༷་ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བས༷མ་གཏ༷ན་དེ་ནི་རྣལ༷་འབྱོར༷་པ༷་ཡི༷་སྟེ་རྣལ་འབྱོར་པ་རྣམས་ཀྱིས་ལོངས་སྤྱོད་པའི་ཟ༷ས་ཡིན་ཏེ་ཇི་ལྟར་ཟས་ཀྱིས་ལུས་རྒྱས་པ་དང་དགའ་ཞིང་ཚིམ་པར་བྱེད་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ཡོན་ཏན་གྱི་ལུས་རྒྱས་པའི་ཕྱིར་རོ། །"[༡༣]ཞེས་གསུངས་པ་ལྟར་ཡོན་ཏན་རྣམས་འཕེལ་བའི་རྒྱུར་འགྱུར།
བསམ་གཏན་སྒོམ་ཚུལ།
[རྩོམ་སྒྲིག]"བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་དགོས་པ་དེ་བས་ན། ད་ནི་བྱིས་པའི་སྤྱོད་པ་དོན་མེད་པ་ལ་ཞེན་པས་ཆོག་སྟེ་དོན་མེད་ཀྱི། བདག་གིས་མཁས་པ་སངས་རྒྱས་བྱང་སེམས་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །"[༡༤] ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་དང་འབྲེལ་ཏེ་སྒོམ་དགོས།
བསྡུས་དོན།
[རྩོམ་སྒྲིག]བསམ་གཏན་ནི་སེམས་རྩེ་གཅིག་ཏུ་དམིགས་པ་ལ་གཏད་པའི་ཏིང་ངེ་འཛིན་གྱི་ཉམས་ལེན་ཞིག་སྟེ། ཞི་གནས་དང་ལྷག་མཐོང་གི་ཆ་ཤས་སུ་གྱུར་པ་ཞིག་ཡིན། བསམ་གཏན་སྒོམ་པས་རྣལ་འབྱོར་པའི་ཡོན་ཏན་རྣམས་འཕེལ་བའི་ཟས་ལྟ་བུར་གྱུར་ཅིང་། མཐར་ཐུག་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ལ་ཕན་ཐོགས་ཆེན་པོ་ཡོད་པར་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༡༦
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༡༩
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༡༥-༡༦
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༠༥
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༩༦b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༡༦
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༣༥༨
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༣༣
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༩༦b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༩༧a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༤༩a
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༠༥
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༦༠༢
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༡༧༦