བཤེར་དཔང་དང་གཟུ་དཔང་
【བཤེར་དཔང】དང【གཟུ་དཔང】བཤེར་དཔང(Jurors)ནི་གནའ་རབས་ཀྱི་ཁྲིམས་སྐད་ཅིག་སྟེ། བྱས་ཉེས་གང་ཞིག་ལ་ཞལ་ལྕེ་གཅོད་སྐབས་རང་ཉིད་ཀྱིས། བྱས་ཉེས་གང་དེེར། མཐོང་ཆོས་གསལ་སྣང་གི་ཞིབ་བཤེར་བགྱིས་ཏེ་ཐག་བཅད་པ་ན། རང་ཉིད་ཞལ་ལྕེ་གཅོད་པ་པོ་དང་བཤེར་དཔང་གཉིས་ཀ་ཡིན་པ་རེད། གཟུ་དཔང(Mediator) ནི་དེང་རབས་ཀྱི་ཁྲིམས་སྐད་ཅིག་སྟེ། ཁ་མཆུ་རྒྱག་སྐབས་བྱས་ཉེས་གང་དེའི་ཤན་འབྱེད་པ་དང་དབར་གྱི་དཔང་པོའི་དོན་ལ་འཇུག་ཅིང་། དེང་རབས་ཀྱི་ཁྲིམས་རིག་གཞུང་དུ་ཁྲུན་ཐག་གཅོད་པོ་རང་ཉིད་ཁ་མཆུའི་དཔང་པོར་རུང་པ་མ་ཡིན་པས། ཁྲིམས་ཁང་དུ་བྱས་ཉེས་གང་ཞིག་ཐག་གཅོད་སྐབས། དངོས་མཐོང་མྱོང་འདྲིས་ཡོད་པའི་མི་ཞིག་གིས་བྱས་ཉེས་དེའི་སྒྲུབ་དཔང་བྱེད་དགོས་པ་རེད། དེ་བས། ཁོ་བོས་ད་རེབ་རྩོམ་དུ་བཤེར་དཔང་བཀོལ་ཡོད་པས། དེ་ཉིད་གནའ་རབས་ཀྱི་ཁྲིམས་སྐད་ངོས་ནས་གོ་བ་ལེན་རྒྱ་གལ་ཆེའོ།། ད་དུང་ཁྲིམས་དཔང་ལྷན་ཚོགས་ཞུ་པ་ཞིག་ཀྱང་ཡོད་དེ། ཨ་རིའི་རྫོང་གཞིས་ཁྲིམས་ཁང་ནི་གོང་གཏུག་ཁྲིམས་ཁང་ཁག་དང་མི་འདྲ་བར། ཞུ་གཏུག་ངོས་ལེན་དང་། གཟི་དཔང་སྐད་གཏོང་། དོགས་འཕྲོས་ཕྲ་འདྲི་སོགས་ཁྲིམས་ཀྱི་བཤད་སྦྱངས་རྒྱས་སྤྲོས་བྱེད་ཅིང་། དེར་ཁྲིམས་དཔང་མི་གྲངས་བཅུ་གཉིས་རེ་མཁོ་འདུག དེ་ཚོའི་འགན་ཁུར་ནི་ཁ་མཆུ་བ་གཉིས་ཀྱི་གྱོད་གཞིར་ཐུགས་སྣང་ཆེན་པོའི་སྒོ་ནས་ཉན་འཇོག་གིས་ཁྲིམས་ཤགས་འགྱེད་པ་དང་། དཀར་ནག་དབྱེ་ཞིབ་ཀྱི་དཔང་པོ་བྱེད་དགོས་པ་རེད། ཁྲིམས་ཁང་གཅིག་ནང་ཁྲིམས་དཔང་བཅུ་གཉིས་ཡོད་པའི་ལུགས་སྲོལ་དེ་ནི། དང་པོ་དབྱིན་ཇི་ལུང་པ་ནས་དར་བར་གྲགས། གཟུ་དཔང་ནི་ཁ་མཆུ་ཞུ་སྦྱོར་པ་དང་འབྲེལ། ཁྲིམས་དཔང་ནི་ཁ་མཆུ་ཞུ་སྦྱོར་པས་གླས་པའི་ཁྲིམས་རྩོད་པ་དང་། གཟུ་དཔང་། ཁྲིམས་དཔོན་བཅས་ཀྱི་དབར་དུ་མཐའ་གཉིས་འཁྱོག་གཟུགས་ཡོད་མེད་ཐད་ནས། ལྷག་བསམ་དག་པས་ཉན་འཇོག་བྱེད་པའི་དཔང་པོར་འབྲེལ་ཡོད་པ་ཞིག་རེད་འདུག དེ་བས་གཟུ་དཔང་དང་ཁྲིམས་དཔང་གཉིས་ཐ་དད་ཡིན་པ་ཤེས་པར་མཛོད།