བརྩེ་དུང་ཆགས་ཚུལ་གྱི་གོ་རིམ་ཆེན་པོ་བདུན་

ཡོང་ཁུངས་Wikipedia

བརྩེ་དུང་ཆགས་ཚུལ་ལ་གོ་རིམ་ཆེན་པོ་བདུན་བརྒྱུད་དགོས་པ་འདི་ལྟར་བསམས་

དང་པོ།[རྩོམ་སྒྲིག]

རང་ཉིད་དང་ལས་འབྲེལ་ཡོད་པའི་མི་དེར་ཁྱེད་རང་ཐོག་མར་འཕྲད་དུས་ཁྱེད་ཀྱི་སེམས་ནས་ཡིད་འོང་གི་སྣང་བ་ཞིག་དང་མི་དེས་ཁྱེད་ལ་བལྟ་དུས། ཁྱེད་རང་ངོ་གནོང་བ་དང་མི་བཟོད་པའི་སྣང་བ་ཞིག་ཀྱང་འཆར་ཡོང་བ་ནི། ཁྱེད་རང་ཁོ་ལ་དགའ་བའི་མཚོན་རྟགས་དང་པོ་ཡིན།

གཉིས་པ།[རྩོམ་སྒྲིག]

ཁྱེད་ཀྱིས་ཁོ་རང་ངོ་ཤེས་ནས་ཡུན་རིང་ཞིག་འགོར་མེད་ནའང་གྲོགས་པོ་གཞན་ལས་ཀྱང་ཁོ་རང་བརྗེད་དཀའ་བ་དང་། མི་དེས་བྱ་སྤྱོད་བཟང་ངན་ཐམས་ཅད་ཡག་པོར་སྣང་ཡོང་བ་ནི་ཁྱེད་རང་མི་དེར་དགའ་བའི་མཚོན་རྟགས་གཉིས་པ་ཡིན།

གསུམ་པ།[རྩོམ་སྒྲིག]

ཁྱེད་རང་ཉིད་དགའ་སའི་མི་དེ་དང་འཕྲད་དུས། མི་དེར་ཁེན་ནས་འདུག་འདོད་པ་དང་ཁེན་ནས་འདུག་སྐབས་སེམས་པ་དེའང་ཧ་ཅང་བག་ཕེབས་དང་ཁུ་སིམ་མེར་གནས་དེ་ཡར་མར་འདང་རྒྱག་ཀྱང་མང་པོ་ཞིག་བྱེད་མི་འདོད། དེ་ནི་ཁྱེད་ཉིད་ཁོ་རང་ལ་དགའ་བའི་མཚོན་རྟགས་གསུམ་པ་ཡིན།

བཞི་པ།[རྩོམ་སྒྲིག]

ཁྱེད་ཀྱིས་ཁོ་བོ་མཐོང་ཐེངས་རེར་མིག་ལམ་དུ་ཧ་ཅང་མཛེས་པར་སྣང་བ་མ་ཟད། ཕར་ལག་འཇུ་དང་སྐེ་ལ་འཁྱུད་པ། ད་དུང་འོ་སོགས་བྱེད་འདོད་པ་དང་། ཚུར་ཡང་དེ་ལྟར་བྱེད་རྒྱུར་རེ་བ་ཧ་ཅང་ཆེ། དེ་ནི་ཁྱེད་རང་མི་དེར་དགའ་བའི་མཚོན་རྟགས་བཞི་པ་ཡིན།

==ལྔ་བ།== ཁྱེད་ཀྱིས་ཁོ་རང་ནི་ཡིད་ཆེས་བྱེད་ཆོག་ཆོག་གི་མི་བཟང་པོ་ཞིག་དུ་སྣང་ནས་སེམས་ན་ཡོད་པའི་སྐད་ཆ་རེ་རེ་བཞིན་ཁོ་རང་ལ་སྨྲ་ཆོག་པ་དང་། ཐ་ན་སུ་ལའང་བཤད་མི་ཕོད་པའི་གསང་ཚིག་དག་ཀྱང་ཁོ་བོར་བཤད་པར་འདོད་པ་ནི་ཁྱེད་རང་མི་དེར་དགའ་བའི་མཚོན་རྟགས་ལྔ་པ་ཡིན།

དྲུག་པ།[རྩོམ་སྒྲིག]

ཁྱེད་རང་མི་དེ་དང་ཁ་བྲལ་ནས་ཡོད་སྐབས་མི་དེ་སེམས་ནས་ཧ་ཅང་དྲན་སླ་བ་དང་རྒྱུན་དུ་མི་དེའི་ལོ་རྒྱུས་གླེང་འདོད་ཅིང་མི་དེར་བསྟོད་ངག་བྱེད་རྒྱུར་དགའ་ལ། གཞན་གྱིས་བསྟོད་ངག་བྱས་ན་ཉན་རྒྱུར་ཡང་ཤིན་དུ་དགའ། དེ་ནི་ཁྱེད་རང་མི་དེར་དགའ་བའི་མཚོན་རྟགས་དྲུག་པ་ཡིན།

བདུན་པ།[རྩོམ་སྒྲིག]

ཁྱེད་རང་དགའ་སའི་མི་དང་འགྲོག་ཡོད་པའི་དུས་ཚོད་དེ་ནི་ཁྱེད་རང་ཉིད་ལ་མཚོན་ན་ཧ་ཅང་རིན་ཐང་ལྡན་ཅིང་མཚམས་མཚམས་ཁྱེད་རང་བྱིས་པ་བསམ་མེད་ཞིག་དང་འདྲ་བར་ཁོ་བོ་དང་ལྷན་དུ་རྩེད་མོ་ལ་རོལ་རྒྱུ་དང་ཀུ་རེ་རྩེ་རྒྱུར་ལ་ཡང་ཧ་ཅང་དགའ། འདི་ནི་ཁྱེད་རང་མི་དེར་དགའ་བའི་མཚོན་རྟགས་བདུན་པ་ཡིན།


གལ་དེ་ཁྱེད་གཉིས་ལྷན་དུ་འགྲོགས་ནས་ལོ་ཟླ་ག་ཚོད་ཅིག་འགོར་སོང་ནའང་ཁ་རྩོད་དང་ཚིག་རྩུབ་སོགས་ཅི་ཡང་སྨྲ་མི་དགོས་པར་ཕན་ཚུན་ལ་དུང་བ་ཟབ་ཅིང་འཛུམ་མདངས་དང་འགོད་སྒྲའི་ཁྲོད་ནས་མི་ཚེ་ལ་རྫོགས་ཚིག་འབྲི་ཐུབ་ན་དེ་ནི་སྤྱི་ཚོགས་ཀུན་གྱིས་ཡིད་སྨོན་བྱེད་སའི་འགྱུར་མེད་ཀྱི་བརྩེ་དུང་ཟེར་བ་དེ་ཡིན་ནོ།།