བརྒྱད་ཆའི་སྒྲ་རྟགས

ཡོང་ཁུངས་Wikipedia

བརྒྱད་ཆའི་སྒྲ་རྟགས musical notes

རོལ་དབྱངས་ཟིན་ཐོར་འགོད་བྱེད་ཀྱི་རྟགས་ལ་སྒྲ་རྟགས་ཞེས་བྱ། དབྱངས་ཧྲིལ་བོ་གཅིག་གི་རིམ་པ་གཉིས་སུ་བགོས་པར་གཉིས་ཆའི་སྒྲ་རྟགས་ཟེར། དེ་ལྟར་རིགས་བསྒྲེ་བྱེད་པ་དང་རིམ་པ་བརྒྱད་དུ་དགར་ན་བརྒྱད་ཆའི་སྒྲ་རྟགས་ཞེས་བྱ། དགར་བ་ཇི་ལྟར་མང་ན་དུས་ཀྱི་ཡུན་དེ་ལྟར་ཐུང་། 8ཆའི་སྒྲ་རྟགས་ཀྱི་དུས་ཡུན་ནི་དབྱངས་ཧྲིལ་བོའི1/8ཡིན། རོལ་མོའི་དབྱངས་ཡིག་ཁྲོད་བརྒྱད་ཆའི་སྒྲ་རྟགས་ནི་སྒྲ་རྟགས་དུས་ཡུན་རིགས་ཤིག་ཡིན། ཐིག་ལྔའི་དབྱངས་ཡིག་ནང་བརྒྱད་ཆའི་སྒྲ་རྟགས་ནི་ཁོག་སྟོང་མིན་པའི་འཇོང་སྒོར་སྟེང་དར་ཆའི་རྟགས་གཅིག་མཇུག་ཏུ་ཡོད་པ་ཞིག་མཚོན་ཡོད།


རོལ་དབྱངས་ཟིན་ཐོར་འགོད་བྱེད་ཀྱི་རྟགས་ལ་དབྱངས་རྟགས་ཞེས་བྱ། དབྱངས་ཧྲིལ་བོ་གཅིག་གི་རིམ་པ་གཉིས་སུ་བགོས་པར་གཉིས་ཆའི་སྒྲ་རྟགས་ཟེར། དེ་ལྟར་རིགས་བསྒྲེ་བྱེད་པ་དང་རིམ་པ་བརྒྱད་དུ་དགར་ན་བརྒྱད་ཆའི་སྒྲ་རྟགས་ཞེས་བྱ། དགར་བ་ཇི་ལྟར་མང་ན་དུས་ཀྱི་ཡུན་དེ་ལྟར་ཐུང་། 8ཆའི་སྒྲ་རྟགས་ཀྱི་དུས་ཡུན་ནི་དབྱངས་ཧྲིལ་བོའི1/8ཡིན། རོལ་མོའི་དབྱངས་ཡིག་ཁྲོད་བརྒྱད་ཆའི་སྒྲ་རྟགས་ནི་སྒྲ་རྟགས་དུས་ཡུན་རིགས་ཤིག་ཡིན། ཐིག་ལྔའི་དབྱངས་ཡིག་ནང་བརྒྱད་ཆའི་སྒྲ་རྟགས་ནི་ཁོག་སྟོང་མིན་པའི་འཇོང་སྒོར་སྟེང་དར་ཆའི་རྟགས་གཅིག་མཇུག་ཏུ་ཡོད་པ་ཞིག་མཚོན་ཡོད། བརྒྱད་ཆའི་སྒྲ་རྟགས་ནི་མདོར་ན་འབེབས་ཕྱེད་ཡིན། བཅུ་དྲུག་ཆའི་སྒྲ་རྟགས་ནི་བཞི་ཆའི་གཅིག་འབེབས་ཡིན། རིམ་བཞིན་ཕྱེད་རེ་འཕྲི་བའོ། བརྒྱད་ཆའི་སྒྲ་རྟགས་དང་གཞན་པའི་མཇུག་རྟགས་ཡོད་པའི་སྒྲ་རྟགས་མཉམ་དུ་སྦྲེལ་དུས་མཇུག་རྟགས་མཉམ་སྤྱོད་བྱས་ཆོག (དེ་ཡང་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན)སྐབས་འདིར་དར་ཆའི་རྟགས་ཀྱི་མཇུག་རྟགས་དེ་མཐུད་སྦྲེལ་བྱེད་པའི་ཐིག་དུམ་དུ་གྱུར་ཡོད། རྟགས་མགོ་དེ་ཐིག་ལྔའི་དབྱངས་ཡིག་སྟེང་གི་ཐིག་ཕྲེང་གསུམ་པའི་མགོའམ་ཐིག་ཕྲེང་གསུམ་པའི་སྟེང་ཡོད་ན་རྐང་པ་ཐུར་དུ་འཁོར་ཡོད། རྟགས་རྐང་ཡར་འཁོར་བ་དང་རྟགས་རྐང་གི་ཁ་ཕྱོགས་འགྱུར་སྐབས། རྟགས་མགོའི་གཡས་གཡོན་ཁ་ཕྱོགས་ཀྱང་དེ་མཚུངས་ཀྱི་འགྱུར་དགོས། མཇུག་རྟགས་ཀྱི་གོང་འོག་ཁ་ཕྱོགས་ཀྱང་འགྱུར་ངེས། ཡིན་ནའང་རྟག་ཏུ་རྟགས་རྐང་གི་གཡས་སུ་ཡོད། བརྒྱད་ཆའི་སྒྲ་རྟགས་ཀྱི་སྒྲའི་རིང་ཚད་ནི་སྒྲ་རྟགས་ཧྲིལ་བོ་ཞིག་གི་བརྒྱད་ཆའི་གཅིག་ཡིན། 4/4འབེབས་ནང་གི་འབེབས་ཕྱེད་ཡིན། 3/8དང 6/8ནང་གི་འབེབས་གཅིག་ཡིན། གཉིས་ཆའི་སྒྲ་རྟགས་ཀྱི་སྒྲའི་རིང་ཚད་ནི་དེའི་ལྡབ་བཞི་ཡིན། བཞི་ཆའི་སྒྲ་རྟགས་ཀྱི་སྒྲའི་རིང་ཚད་ནི་དེའི་ལྡབ་གཉིས་ཡིན། བཅུ་དྲུག་ཆའི་སྒྲ་རྟགས་ཀྱི་སྒྲའི་རིང་ཚད་ནི་དེའི་གཉིས་ཆའི་གཅིག་ཡིན།