Jump to content

བཟླས་བརྗོད་

ཡོང་ཁུངས་Wikipedia

བཟླས་བརྗོད་ཅེས་པ་ནི་གསང་སྔགས་ཀྱི་སྒྲ་དབྱངས་ལ་སོགས་པ་ཡང་དང་ཡང་དུ་ཟློས་ཤིང་བརྗོད་པའི་བསམ་གཏན་གྱི་འཇུག་པའི་ཐབས་ཤིག་ཡིན། དེ་ཡང་བཟླས་ནི་ཡང་དང་ཡང་དུ་འཛིན་པའམ་ཟློས་པ་དང་། བརྗོད་ནི་ངག་གིས་སྨྲ་བ་སྟེ་ཟེར་བ་ལ་གོ

ནང་དོན།

[རྩོམ་སྒྲིག]

གསང་སྔགས་ཀྱི་སྒོ་ནས་འགྲེལ་པ། "གསང་སྔགས་ལ་སོགས་པ་ཟློས་པའི་མཚན་ཉིད་དག་གིས་བྱེད་པ་ནི་བཟླས་བརྗོད་དོ། །"[]ཞེས་གསུངས་པ་ལྟར། བཟླས་བརྗོད་ཅེས་པ་ནི་གསང་སྔགས་ཀྱི་ཚིག་རྣམས་ཟློས་པའི་སྒོ་ནས་ཏིང་ངེ་འཛིན་སྒྲུབ་པའི་ཐབས་ལམ་ཞིག་ཡིན།
བསམ་གཏན་གྱི་གྲོགས་རམ་དུ་བེད་སྤྱོད། "བསམ་གཏན་དེ་རང་རྒྱུད་ལ་སྐྱེ་བའི་གྲོགས་སམ་ཐབས་ངག་གི་བཟླས་བརྗོད།"[] ཅེས་གསུངས་པ་ལྟར། བཟླས་བརྗོད་ནི་བསམ་གཏན་གྱི་སྤྱོད་པ་རྫོགས་པར་བྱེད་པའི་གྲོགས་པོ་ཞིག་ཡིན།
སེམས་གསལ་བར་བྱེད་པའི་ཐབས། "གཟུངས་སྔགས་ཀྱི་བཟླས་བརྗོད།"[] ཅེས་གསུངས་པ་བཞིན། བཟླས་བརྗོད་ནི་གཟུངས་དང་སྔགས་ཀྱི་ཚིག་རྣམས་ཡང་དང་ཡང་དུ་འདོན་པའི་ཉམས་ལེན་ཡིན།

འབྲས་བུ་དང་དགོས་པ།

[རྩོམ་སྒྲིག]

སེམས་ལ་རག་ལས་པ། "ཡུན་རིང་པོའི་དུས་སུ་གོམས་ཤིང་སྤྱད་པར་བྱས་ཀྱང་། སེམས་ན་འདོད་པའི་ཡུལ་སོགས་གཞན་ལ་གཡེངས་བས་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་གང་བྱས་པ་ནི་འདོད་པའི་དོན་གྲུབ་པ་མེད།"[] ཅེས་གསུངས་པ་ལྟར། བཟླས་བརྗོད་ཀྱི་འབྲས་བུ་སྐྱེ་བ་ནི་སེམས་ལ་རག་ལས་པ་ཡིན།
དོན་མེད་དུ་འགྱུར་བའི་རྐྱེན། ཏིང་ངེ་འཛིན་སྡུད་པའི་མདོ་ལས། "དགེ་སློང་དག་འདོད་པ་ལ་སེམས་གཡེངས་པས་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །"ཞེས་གསུངས་པ་ལྟར། སེམས་གཞན་དུ་གཡེངས་པས་བྱས་པའི་བཟླས་བརྗོད་ནི་དོན་མེད་དུ་འགྱུར་བ་ཡིན།

མཐའ་དཔྱོད།

[རྩོམ་སྒྲིག]

"དགེ་བ་ལ་སེམས་རྩེ་གཅིག་པ་ལ་བསམ་གཏན་དུ་གསུངས་ཀྱི་སེམས་ཡན་པར་བཏང་བའི་ལུས་ངག་གི་སྤྱོད་པ་ནི་དོན་མེད་པ་སྟེ།"[] ཞེས་གསུངས་པ་ལྟར། བཟླས་བརྗོད་ཀྱི་འབྲས་བུ་ཆེ་ཆུང་ནི་སེམས་ཀྱི་སྤྱོད་པ་ལ་བརྟེན་ནས་འབྱུང་བ་ཡིན་པས། སེམས་རྩེ་གཅིག་པུ་མ་བྱས་པའི་ངག་གི་བཟླས་བརྗོད་ཙམ་གྱིས་ནི་ཆེད་དུ་གཉེར་བའི་དོན་མི་འགྲུབ་བོ། །

སྙིང་བསྡུས།

[རྩོམ་སྒྲིག]

བཟླས་བརྗོད་ཞེས་པ་ནི་གསང་སྔགས་ཀྱི་ཚིག་རྣམས་ཡང་དང་ཡང་དུ་ཟློས་ཤིང་སེམས་རྩེ་གཅིག་ཏུ་བཞག་པའི་བསམ་གཏན་ཉམས་ལེན་གྱི་ཐབས་ཤིག་ཡིན། འདི་ནི་ངག་གི་སྒོ་ནས་སེམས་གསལ་བ་དང་ཏིང་ངེ་འཛིན་སྒྲུབ་པའི་གྲོགས་རམ་བྱེད་པ་ཡིན་ལ་བཟླས་བརྗོད་ཀྱི་འབྲས་བུ་ཆེ་ཆུང་ནི་སེམས་ཀྱི་སྤྱོད་པ་ལ་རག་ལས་པ་སྟེ། སེམས་གཞན་དུ་གཡེངས་པའི་སྐབས་སུ་ངག་ཙམ་གྱི་བཟླས་བརྗོད་བྱས་ཀྱང་དོན་མེད་དུ་འགྱུར། དེ་བས་ན་སེམས་རྩེ་གཅིག་པའི་ངང་དུ་བཟླས་བརྗོད་བྱེད་པ་གལ་ཆེ། འདི་ནི་ཆོས་སྤྱོད་ཀྱི་ཉམས་ལེན་ཞིག་ཡིན་ཡང་། སེམས་ཀྱི་རྩེ་གཅིག་པ་གལ་ཆེ་ཤོས་ཡིན་པ་བསྟན་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།