བཟོ་ལས་གསར་བརྗེ་ཐེངས་གཉིས་པ

ཡོང་ཁུངས་Wikipedia

བཟོ་ལས་གསར་བརྗེ་ཐེངས་གཉིས་པ Second Industrial Revolution

བཟོ་ལས་གསར་བརྗེ་ཐེངས་གཉིས་པ་ནི་དུས་རབས19དཀྱིལ། ཡོ་རོབ་རྒྱལ་ཁབ་དང་ཨ་རི། འཇར་པན་སོགས་འབྱོར་ལྡན་གྲལ་རིམ་གྱིས་གསར་བརྗེའམ་བཅོས་བསྒྱུར་ལེགས་འགྲུབ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐོབ་པའི་ལས་འགུལ་ཞིག་ཡིན།

བཟོ་ལས་གསར་བརྗེ་ཐེངས་གཉིས་པ་ནི་དུས་རབས19དཀྱིལ་ཡིན། ཡོ་རོབ་རྒྱལ་ཁབ་དང་ཨ་རི། འཇར་པན་སོགས་འབྱོར་ལྡན་གྲལ་རིམ་གྱིས་གསར་བརྗེའམ་བཅོས་བསྒྱུར་ལེགས་འགྲུབ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན། དུས་རབས19བའི་ལོ་རབས70ནང་ཐེངས་གཉིས་པའི་བཟོ་ལས་གསར་བརྗེ་འགོ་བཙུགས། མིའི་རིགས་གློག་རླངས་དུས་རབས་ལ་ཞུགས་པ་རེད། བཟོ་ལས་གསར་བརྗེ་ཐེངས་གཉིས་པས་སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་སྔར་མེད་གནང་ཡོད། མིའི་རིགས་ཀྱི་དཔལ་འབྱོར། ཆབ་སྲིད། རིག་གནས། དམག་དོན། ཚན་རྩལ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་སྤྱི་ཚོགས་རིང་ཅན་ལ་ཤུགས་བསྣན་པ་དང་། སྒེར་སྡེམ་རྩ་འཛུགས་ཡང་དུས་མཉམ་དུ་བྱུང་། བཟོ་ལས་གསར་བརྗེ་ཐེངས་གཉིས་པ། མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་རིག་གནས། ཆབ་སྲིད་དང་དམག་དོན་སོགས་གང་ཅིའི་ཐད་ནས། འཕེལ་རྒྱས་དོ་མི་མཉམ་དང་། བཙན་རྒྱལ་རིང་ལུགས་ཀྱིས་ཚོང་རའི་དཔལ་འབྱོར་དང་འཛམ་གླིང་བཙན་དབང་འཕྲོག་རྩོད་གྱི་འཐབ་རྩོད་སྔར་ལས་ཛ་དྲག་ཏུ་གྱུར། བཟོ་ལས་གསར་བརྗེ་ཐེངས་གཉིས་པ་ལས་འཛམ་གླིང་མི་སེར་སྤེལ་བའི་མ་ལག་ཆགས་པར་སྐུལ་བ་དང་། འཛམ་གླིང་མ་རྩ་རིང་ལུགས་ཀྱི་མ་ལག་དེ་བཙུགས་པ་དང་། འཛམ་གླིང་རིམ་་གྱིས་གོང་བུ་གཅིག་ཏུ་གྱུར།