བཛྲི་
བཛྲི་ ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་སྟེ། བོད་སྐད་དུ་ "རྡོ་རྗེ་ཅན་" ཅེས་པའི་དོན་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་རྡོ་རྗེའི་རང་བཞིན་ཅན་དུ་གྱུར་པའི་དོན་མཚོན་པར་བྱེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན།
ངེས་ཚིག
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "བཛྲཱི་བྷ་ཝ་རྡོ་རྗེ་ཅན་གྱི་རང་བཞིན།"[༡] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "སླར་ཡང་བཛྲཱི་བྷ་བ་ཞེས་པ། བཛྲཱི་ནི་རྡོ་རྗེ་ཅན། བྷ་བ་མཛོད་ཅིག་ཅེས་པར་འགྱུར་བས་རྡོ་རྗེ་ཅན་དུ་མཛོད་ཅེས་སོ།"[༢] ཞེས་གསུངས།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "བཛྲི་ནི་རྡོ་རྗེ་ཅན། བྷ་ཝ་ནི་མཛོད་ཅིག་ཅེས་པ་སྟེ། དེ་བསྡོམས་ན། རྡོ་རྗེ་ཅན་དུ་མཛད་དུ་གསོལ།"[༣] ཞེས་གསུངས།
བཛྲིའི་གོ་དོན་རྒྱས་བཤད
[རྩོམ་སྒྲིག]ཨ་ཁུ་ཤེས་རབ་རྒྱ་མཚོ་ཡིས་ "བཛྲཱི་བྷ་ཝ་རྡོ་རྗེ་ཅན་གྱི་རང་བཞིན།"[༤] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "དེ་ནི་དོན་སྔ་མ་གསལ་བར་བྱེད་པའི་ཚིག་སྟེ། སྔར་བདག་མ་དོར་ཅེས་གསོལ་བ་བཏབ་ནས། མི་འདོར་བའི་ཚུར་འདིས་གསལ་བར་བྱས་པའི་ཕྱིར་ཏེ་བཤད་མ་ཐག་པ་ལྟར་རོ།"[༥] ཞེས་གསུངས།
བཛྲི་བྷ་ཝའི་དོན
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "དེའང་སྔ་མ་དང་སྦྱར་དགོས་ཏེ། མཚན་འཛིན་གྱི་རྣམ་པར་རྟོག་པ་ལྷག་མེད་དུ་འཇོམས་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རྡོ་རྗེ་ཅན་བདག་མཛོད་ཅིག་ཅེས་པའོ།"[༦] ཞེས་གསུངས།
ཨ་ཁུ་ཤེས་རབ་རྒྱ་མཚོས་ "བསྡུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཅན་གྱི་རང་བཞིན་གྱི་སེམས་དཔལ་ཆེན་པོས་བདག་དམ་ཚིག་བཞིན་དུ་མ་འདང་པར་བྲོལ་བར་མཛེས་ཅེས་པའོ།།"[༧] ཞེས་གསུངས།
འབྲེལ་ཡོད་ཤོག་ངོས།
[རྩོམ་སྒྲིག]ལུང་ཁུངས།
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༨
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༢༣
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༨
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༢༣
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
- སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
- ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧