Jump to content

བཛྲ་མཱ་མེ་མུཉྩ་

ཡོང་ཁུངས་Wikipedia

བཛྲ་མཱ་མེ་མུཉྩ། ནི་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་སྔགས་ནང་གི་གནད་ཚིག་ཅིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

"མཱ་མེ་མུཉྩ་སྟེ། མཱ་ཞེས་པ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཅེས་པར་འགྱུར་བས་བསྡོམས་ན་བདག་མ་དོར་ཞེས་སོ།"[]

"བཛྲ་མཱ་མེ་མུཉྩ་ནི། བཛྲ་ནི་རྡོ་རྗེ། མ་ནི་དགག་སྒྲ། མེ་ནི་བདག། མུཉྩ་དོར་ཅིག་ཅེས་པ་སྟེ་དེ་རྣམས་བསྡོམས་ན། རྡོ་རྗེ་བདག་ནི་མ་དོར་ཅིག།"[]

"བཛྲ་མཱ་མེ་མུཉྩ་རྡོ་རྗེས་བདག་མ་བཏང་ཞིག"[]

ནང་དོན།

[རྩོམ་སྒྲིག]

"དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བདག་མི་འབྲལ་བར་མཛོད་ཅིག་ཅེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་འཆིངས་བས་ནམ་ཡང་ལྷོད་པར་མ་མཛད་ཅིག་ཅེས་པའི་དོན།"[] "རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་དེ་ལས་ནམ་ཡང་མི་འདའ་བའམ་དེ་ཉིད་མ་བོར་མཛོད་ཅིག"[]

དབྱེ་བ།

[རྩོམ་སྒྲིག]
  • བསྐྱེད་རིམ: དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་འཇུག་པ།
  • རྫོགས་རིམ་མཚན་བཅས: བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་མི་འདའ་བ།
  • རྫོགས་རིམ་མཚན་མེད: རང་རིག་གདོད་མའི་རང་བཞིན་རྟོགས་པ།

ཕན་ཡོན།

[རྩོམ་སྒྲིག]

"བྱས་བསགས་ཚང་བའི་མྱོང་ངེས་ཀྱི་ལས་ཀྱང་ཟིལ་གྱིས་གནོན་པར་"[]

"མཚན་རྟོག་གཉིས་འཛིན་ཐམས་ཅད་ལྷག་མེད་དུ་འཇོམས་པའི་རྡོ་རྗེ་དམིགས་མེད་ཀྱི་སྙིང་པོ་དང་ཟུང་དུ་འཇུག་པའི་བདེ་བ་ཆེན་པོ།"[]

ལུང་ཁུངས།

[རྩོམ་སྒྲིག]
  1. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  2. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  3. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  4. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  5. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  6. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།