བམ་པོ་
བམ་པོ་ཞེས་པ་ནི་གནའ་བོའི་བོད་ཀྱི་མདོ་རྒྱུད་དང་བསྟན་བཅོས་ཁག་གི་རྒྱ་ཁྱོན་འཇལ་ཚད་དུ་བམ་པོ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་སྲོལ་ཡོད། བམ་པོ་གཅིག་ནང་ཤོ་ལོ་ཀ་ག་ཚོད་ཡོད་མེད་ནི་གཞུང་སོ་སོར་མི་འདྲ་བ་ཡོད་པ་མཁས་དབང་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་གསལ་པོར་གསུངས་ཡོད།
དཔེ་མཚོན།
[རྩོམ་སྒྲིག]དཔེ་མཚོན་འགའ་ཞིག་ལས་གསལ་བ་ལྟར། "འགྲེལ་པ་དོན་གསལ་ལྟ་བུར་ཤོ་ལོ་ཀ་༣༠༠ ལ་བམ་པོ་གཅིག་ཏུ་བརྩིས་པ་དང་། འཇམ་དཔལ་གྱིས་དྲིས་པའི་མདོའི་ནང་ཤོ་ལོ་ཀ་༩༠ ལ་བམ་པོ་གཅིག་ཏུ་བརྩིས། དེ་བཞིན་གཤེགས་པ་བགྲོ་བའི་མདོའི་ནང་ཤོ་ལོ་ཀ་༧༥ ལ་བམ་པོ་གསུམ་དུ་བརྩིས་ཡོད། ཤེས་རབ་སྙིང་པོའི་མདོ་ལྟ་བུ་ཆུང་ངུ་ཞིག་ཡིན་ནའང་། ཤོ་ལོ་ཀ་༢༥ ཙམ་ལས་མེད་པ་དེ་ཡང་བམ་པོ་གཅིག་ཏུ་བརྩིས་ཡོད།" [༡] དེས་ན། བམ་པོ་ཞེས་པ་ནི་དཔེ་ཆའི་ཚད་གཞི་གསལ་བར་སྟོན་པའི་ཚད་འཇལ་ཞིག་ཡིན་ནའང་། གཞུང་སོ་སོའི་སྐབས་ཤོ་ལོ་ཀའི་གྲངས་ཚད་མི་འདྲ་བ་ལ་བམ་པོ་གཅིག་ཏུ་བརྩི་སྲོལ་ཡོད། བོད་བརྒྱུད་ནང་བསྟན་གྱི་ཡིག་ཆ་རྙིང་པ་མང་པོ་ཞིག་ལ་མཇུག་ཏུ་"བམ་པོ་གཅིག་གོ"ཞེས་པའི་ཚིག་འདི་བཀོད་ཡོད།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།