བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།

ཡོང་ཁུངས་Wikipedia
༄༅། །བདེ་བ་ཅན་དུ་སྐྱེ་བར་འདོད་པ་རྣམས་ཀྱིས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ཉམས་ལེན་ནི།


སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། ཉིན་རེ་མཚན་ལན་བདུན་བརྗོད་ནས། 


འདྲེན་པ་འོད་དཔག་མེད་པ་དགོངས་སུ་གསོལ། །རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་ཅི་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་རྣམས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྒྱལ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེས་ནས་ཀྱང་། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན། །ཡོངས་སུ་རྫོགས་པའི་སླད་དུ་བསྔོ་བགྱིད་ན། །ཚེ་འདི་འཕོས་མ་ཐག་ཏུ་དག་པའི་ཞིང་། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང་། །འདྲེན་པ་འོད་དཔག་མེད་ཀྱིས་ལུང་བསྟན་ནས། །རྫོགས་སྨོན་སྦྱང་བ་མཐའ་རུ་ཕྱིན་པར་ཤོག །སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིེར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །དྷཱི་མིང་པས་སོ།། །།
༜ མན་ངག་འདིའི་མཛད་པ་པོ་ནི། བླ་མ་མི་ཕམ་རིན་པོ་ཆེ་སྟེ། མཇུག་ཏུ་དྷཱི་ཞེས་པས་བསྟན་ཏོ།།