བདེ་གཤེགས་མཆོད་རྟེན་ཆ་བརྒྱད་

ཡོང་ཁུངས་Wikipedia

ཡོངས་གྲགས་ལ་བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད་དེ། པད་སྤུངས་མཆོད་རྟེན། བྱང་ཆུབ་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་བཅས་ནི་སངས་རྒྱས་ཀྱི་མཛད་ཆེན་བརྒྱད་མཛད་པའི་གནས་སུ་བཞེངས་པ་སྟེ། གཤམ་ནས་རེ་རེ་བཞིན་ངོ་སྤྲོད་ཀྱི་ཚུལ་དུ་གླེང་ན། བོད་དུ་བཞེངས་པའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་མཛད་པ་གཙོ་བོར་བསྟན་པའི་གནས་ཆེན་བརྒྱད་ཀྱི་མཆོད་རྟེན་བོད་ལུགས་སུ་བཞེངས་པ་སྟེ།

པད་སྤུངས་མཆོད་རྟེན[རྩོམ་སྒྲིག]

པད་སྤུངས་མཆོད་རྟེན་ནི་སྟོན་པ་སེར་སྐྱར་སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པ་ན་མེ་ཏོག་པད་མ་བདུན་རེ་སྐྱེས་པ་དེའི་རྗེས་དྲིན་གྱི་ཆེད་དུ་གྲོང་ཁྱེར་སེར་སྐྱའི་ལུམ་བིའི་ཚལ་དུ་ཡབ་ཟས་གཙང་སོགས་ཀྱིས་བཞེངས་པའི་མཆོད་རྟེན་ལ་པད་སྤུངས་མཆོད་རྟེན་ཟེར། མཚན་གཞན་བཀྲ་ཤེས་འབྱུང་པའི་མཆོད་རྟེན་སྟེ་ཟླུམ་པོ་པདྨའི་འདབ་མ་ཅན་གྱི་བང་རིམ་བཞིའམ་བདུན་དུ་བརྩེགས་པའོ། 一【聚莲塔】 纪念佛陀在蓝毗尼降生时行走七步,地生莲花的殊胜经过。


བྱང་ཆུབ་མཆོད་རྟེན[རྩོམ་སྒྲིག]

བྱང་ཆུབ་མཆོད་རྟེན་ནི་རྒྱལ་པའི་ཁབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་རྒྱལ་བོ་གཟུགས་ཅན་གྱི་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པའོ། 二【菩提塔】 纪念佛陀三十五岁时在菩提伽耶菩提树下成就无上道境

སྒོ་མང་མཆོན་རྟེན[རྩོམ་སྒྲིག]

སྒོ་མང་མཆོན་རྟེན་ནི་སྟོན་པས་ཡུལ་ལྦ་རྭ་ཎ་སིར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་ཡེ་ཤེས་མཆོན་རྟེན་ནམ་ཆོས་འཁོར་མཆོད་རྟེན་དང་། ཡང་ན་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་དབྱིབས་གྲུབ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ། བར་ལ་བརྒྱ་ལ་རྩ་བརྒྱད། འབྲིང་ལ་ང་དྲུག ཐ་མ་བཅུ་དྲུག་སོགས་ཅི་རིགས་དང་། སྒོ་བཞི་རེ་བྱས་པ་དེ་བདེན་བཞིའི་མཚོན་བྱེད་དང་།བརྒྱབ་དུ་བྱེད་པ་རྣམ་ཐར་བརྒྱད་མཚོན་བྱེད་དང་། བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་དང་། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་གི་མཚོན་ཚུལ་བཅས་རིགས་གང་མང་པོ་ཡོད་པའོ། 三【法-轮塔】 纪念佛陀在成道后,在鹿野苑初转-法-轮,向五比丘宣讲四谛法义

ཆོ་འཕྲུལ་མཆོད་རྟེན[རྩོམ་སྒྲིག]

ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་སྟོན་པ་དྲུག་སྟེ་རྫོགས་བྱེད་དང་། ཕྱུགས་ལྷས་ཀྱི་བུ་། ཡང་དག་རྒྱལ་བ་ཅན། མི་ཕམ་སྒྲའི་ལ་བ་ཅན། ཀྭ་ཏ་ཡ་ནའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་བཅས་ཚར་བཅད་ཅིང་ཕམ་པར་བྱས་པའི་རྗེས། མཉན་ཡོད་ཛེ་ཏའི་ཚལ་དུ་རྒྱལ་བོ་ཤར་པ་དང་ལེ་ཙ་བྱི་སོགས་ཀྱིས་བཞེངས་པའི་མུ་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ། ཕྱོགས་བཞི་གློ་འབུར་དང་བཅས་པའོ། 四【神变塔】

于本师于五十岁时,有外道六师在发园以神通挑战进攻,本师便示现各种神通令    其折服皈依。此塔为纪念佛陀示现神通。

ལྷ་བབས་མཆོད་རྟེན[རྩོམ་སྒྲིག]

ལྷ་བབས་མཆོད་རྟེན་ནི་སྟོན་པས་སུམ་རྩེད་དུ་དབྱར་གནས་མཛད་དེ་ཡུམ་ལྡན་པ་ལ་བཀོད་ཅིབ་སྔ་དྲོ་དགག་བྱེད་མཛད། ཕྱི་དྲོ་འཛམ་བུ་གླིང་དུ་ཕེབས་པའི་ཚེ་གསལ་རྒྱལ་སོགས་ཀྱིས་ཡངས་པ་ཅན།གསལ་ལྡན་དུ་བཞེངས་པའི་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ནམ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པ། བང་རིམ་མཞིའམ་བརྒྱད་པ། ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པོའོ། 五【天降塔】 在悉达多太子出生后不久,其亲母便病终,因其善业转生于天界。太子成佛后,曾于四十二岁时以神通力升至天界为母说法。于说法毕,佛陀由天王陪同重返人间。此塔便是为纪念佛陀上天说法后重返人间而建。

===དབྱེན་ཟླམ་མཆོད་རྟེད།===

དབྱེན་ཟླམ་མཆོད་རྟེད་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་རྣམས་དབྱེན་བྱས་པ་མཆོག་ཟུང་གིས་འདུས་པའི་ཚེ་རྒྱལ་བྱེད་ཚལ་སོགས་མ་ག་དྷ་བས་བཞེངས་པའི་དབྱེན་ཟླུམ་མཆོད་རྟེན་ནམ་འོད་ཟེར་ཅན་ནམ་བྱམས་དངོས་མཆོད་རྟེན་པ་བང་རིམ་བཞི་པ་གྲུ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུའོ། 六【和合塔】 佛陀在世时,曾有弟子另立宗派,导致僧团分裂,本师便亲到王舍城竹林精舍开示,令僧团重新团结一致。此塔是为纪念该事迹而建。

རྣམ་རྒྱལ་མཆོད་རྟེན[རྩོམ་སྒྲིག]

རྣམ་རྒྱལ་མཆོད་རྟེན་ནི་སྟོན་པ་ཡངས་པ་ཅན་དུ་ཟླ་བ་གསུམ་དུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཤིང་བདུད་ལས་རྣམ་པར་རྒྱལ་པའི་ཚེ་ན། གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་པའི་བྱིན་རླབས་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་དང་ལྡན་པའོ།།

七【胜利塔】 纪念佛陀证达自主生死之境界而建

མྱང་འདས་མཆོད་རྟེན།[རྩོམ་སྒྲིག]

མྱང་འདས་མཆོད་རྟེན་ནི་གྲོང་ཁྱེར་རྩཱ་ཅན་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སར་བྱལ་མི་རྣམས་ཀྱིས་བཞེངས་པའི་མྱ་ངན་ལས་འདས་པའི་མཆོད་རྟེན་དུ་གྲགས་པ་བར་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་མན་ཆད་དྲིལ་བུའི་མདོང་མོའི་དབྱིབས་ལྟ་བུ་མར་རིམ་གྱིས་གཡེར་བ་དང་། ཡང་ན་བུམ་པ་མེད་ཅིང་བུམ་པ་བང་རིམ་དང་བཅས་དྲིལ་མདོང་གི་དབྱིབས་བྱེད་པའི་ལུགས་གཉིས་བཞུགས་པ་བཅས་མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ། སྟོན་པ་མྱ་ངན་ལས་འདས་རྗེས་སངས་རྒྱས་་ཀྱི་རིང་བསྲེལ་དང་འཕེལ་གདུང་རྣམས་ཕྱོགས་དང་ཕྱོགས་མཚམས་སུ་དྲངས་ཏེ། དེ་དག་བཞུགས་པའི་མཆོད་རྟེན་དབྱིབས་དང་རྣམ་པ་སྣ་ཚོགས་བགྲངས་ལས་འདས་པ་ཞིག་བཞེངས་སོ།། 八【涅槃塔】 纪念佛陀肉身八十岁时在拘尸罗什涅槃。