བཏགས་གྲོལ་བསྡུས་དོན་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བཏགས་གྲོལ་ཕུང་པོ་རང་གྲོལ་གྱི༔ དོན་བསྡུས་རང་གྲོལ་སྙིང་པོ་བཞུགས༔ ཐོག་མའི་མགོན་པོ་ཡབ་ཡུམ་དང་༔ ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བཏགས་གྲོལ་ཕུང་པོ་རང་གྲོལ་གྱི༔ དོན་བསྡུས་རང་གྲོལ་སྙིང་པོའོ༔ ཨེ་མ་ཧོཿ ཡབ་ཀྱི་དགོངས་པ་ཀུན་ཏུ་བཟང་༔ ཨ་ཏི་རང་བྱུང་ཚིག་ཏུ་བྱོན༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀི་རི་ཀི་རི༔ མསྟ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི་སུ་བྷསྟ་ཡ༔ ཙ་ཀི་ར་བྷུ་ལི་ཏ༔ ཙ་ཡེ་ས་མུན་ཏ༔ ཙརྻ་སུ་གྷ་ཡེ༔ བྷི་ཏི་ས་ན་བྷྱ་གྷུ་ལི༔ ཨི་པ་ཀ་རི་དྷུ་ཀ་ནི༔ མ་ཏ་རི་བྷེ་ཏ་ན་པ་ར་ལི་ཧི༔ ས་ན་མ་ཁ་ར་ཏེ་ཀེ་ལ་ན༔ སམྦྷུ་ར་ཏ༔ མི་ཀ་ཙ་ར་ཏམྤ༔ ཨུ་རྒྱ་གྷ་ཏ་ར་ཨེ་བ་ཤ་ན༔ ན་ར་བྷི་ཏི་ས་གྷུ་ཏི་པ་ཡ༔ གྷུ་ར་གྷུ་ར་པག་ཁ་ར་ན་ལཾ༔ ན་ར་ན་ར་ཨེ་ཐར་པ་ཊ་ལཾ༔ སིརྣ་སིརྣ་བྷེ་ས་ར་སྤ་ལཾ༔ བྷུདྷ་བྷུདྷ་བྷུ་ཚྪིཥ་པ་ཀྱི་ལཾ༔ ས་སཱཿ རྀ་རཱྀཿ ལི་ཁེཿ ཨི་ཨཱིཿ མ་མཱཿ ར་རཱཿ ལ་ཧཱ་ཨ༔ ཨེ་མ་ཧོ༔ ཡུམ་གྱི་དགོངས་པ་ཀུན་ཏུ་བཟང་༔ ཨ་ཏི་རང་བྱུང་ཚིག་ཏུ་བྱོན༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀི་རི་ཀི་རི༔ མསྟ་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུནྡྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི་བྷསྟ་ཡེ༔ ཙ་ཏ་བྷུ་ལི་ཏ༔ ལྕེ་ཡེ་ས་མནྟ༔ ཙརྻ་སུ་གྷ་ཡེ༔ བྷི་ཏི་ས་ན་བྷ་གྷུ་ཡེ༔ ཀི་རི་དྷ་ཀི་རི༔ དྷ་ཀ་མ་ཧཱ་བྷོ་རི་ཏ་ན་པ་ར་ལི་ཧི༔ ས་ནངྒ་ར་ཏ་ཀེ་ལཾ༔ སམྦུད་ར་ཏ༔ མེ་ཀ་ཙ་ར་ས་ཏཾ༔ ཏ་པ་སཱུརྻ་གྷ་ཏ་ར༔ ཨ་མ་ན་པ་ར་བྷི་ཧོ༔ ཏིང་གྷུ་ར་ལ་མ་སྨིན་ས༔ གྷུ་ཏི་ལ༔ ཏ་ཡ་གྷུ་ར་གྷུ་ར༔ རླངྒ་ཁ་ལ་ར་ན་ལཾ༔ ན་ར་ན་ར་ལཾ༔ ཨི་ཐ་ར་པ་ཏ་ལཾ༔ སིརྣ་སིརྣ་བྷེ་ས་རམྦ་ལཾ༔ པ་ཀེ་ལཾ༔ ས་སཱཿ རྀ་རཱྀཿ ལྀ་ལཱྀཿ ཨི་ཨཱིཿ མ་མཱཿ ར་རཱཿ ཨེ་མ་ཧོ༔ ཡོན་ཏན་ཀུན་རྫོགས་མཚོན་བྱེད་ཕྱིར༔ ཡི་གེ་ཉི་ཤུ་རྩ་ལྔ་བསྟན༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨ་རཀྵ་གྷི་ཧི་ཏི༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ན་སོ་གད་གླིང་༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ བྷུ་ག་རི་ལ་བྷ་དྷུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ ར་མཱ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་གཅོད་པའི་ཕྱིར༔ མ་ཏམྥ་ཕེར་ར་མི་ཏི༔ འདུ་ཚོགས་སྣང་བ་ངོས་བཟུང་ཕྱིར༔ ཁ་ཊ་རེ་ཀྵ་ས་མིག་རླུང་༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨེ་ཀ་ར་ན་བྷེ་ཙཀྵ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཏྲ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིཾ་ར་རླུང་པ་ལ་ཡ༔ འཁོར་བ་དོང་ནས་འདོན་པའི་ཕྱིར༔ མ་མ་ཀོ་ལིཾ་ས་མནྟ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རི་ཡཾ་པ་རི་མཾ་ཏི༔ རོོལ་པའི་འབྱུང་ཁུངས་སྤུར་བའི་ཕྱིར༔ བུ་ག་སིཾ་ཧ་ཕངྒ་ལ༔ ཞེན་པའི་ཕྲེང་ཐག་གཅོད་པའི་ཕྱིར༔ ར་མི་སི་པི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བྷི་ཁུ་མ་ལ་པ་ཏཾ་ཀེ༔ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ ས་མ་ཉི་ཝ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་དྲྀ་ཌྷོ་མེ༔ ས་ལམ་དུས་གཅིག་གཅད་པའི་ཕྱིར༔ གྷེ་པ་སུ་གྷ་རྣ་མ་ཡེ༔ ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར༔ དྷརྨ་པ་ཏི་ས་གྷུ་ལི༔ སྐུ་གསུམ་ལམ་དུ་བསླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར༔ ང་ཏི་པ་ལ་ཀི་ལི་ས༔ བསམ་གཏན་ཆེན་པོའི་ས་གནོན་ཕྱིར༔ གཙྪ་པ་ཡཾ་པ་ཨེ་ཏཾ༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨ་ཨེ་ཀ་ཨ་ནུ་ས༔ སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར༔ སནྟྲི་མ་མ་ཀརྨ་ཏ༔ རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར༔ ང་ལ་ཁེ་པ་ཀི་ལི་ས༔ ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱི༔ དགོངས་པ་གཅིག་ཏུ་རང་བྱུང་བའོ༔ ཨེ་མ་ཧོ༔ དེ་ནས་ཡབ་ཡུམ་གཉིས་མེད་འཁྲིལ༔ སྤྲུལ་པ་ཞི་ཁྲོ་རིགས་བརྒྱ་ཤར༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ རང་བྱུང་དགོངས་པ་འདི་ལྟར་བྱུང་༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ གཅིག་ཏུ་དྲིལ་བའི་དགོངས་པའོ༔ ཨོཾ༔ཧཱུྃཿསྭཱཿཨཱཾཿཧཱ༔ རིགས་ལྔ་ཡབ་ལྔའི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ མཱུཾ༔ལཱཾ༔མཱཾ༔པཱཾ༔ཏཱཾ༔ ཡུམ་ཆེན་ལྔ་ཡི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་ཛི་ན་ཛིཀ༔ རྣམ་པར་སྣང་མཛད་དགོངས་པ་ཡིན༔ ཧཱུྃ་བཛྲ་དྷྲིཀ༔ རྡོ་རྗེ་སེམས་དཔའི་དགོངས་པ་ཡིན༔ སྭཱ་རཏྣ་དྷྲིཀ༔ རིན་ཆེན་འབྱུང་ལྡན་དགོངས་པ་ཡིན༔ ཨཱཾ་ཨ་རོ་ལྀཀ༔ སྣང་བ་མཐའ་ཡས་དགོངས་པ་ཡིན༔ ཧཱ་པྲཛྙཱ་དྷྲིཀ༔ དོན་ཡོད་གྲུབ་པའི་དགོངས་པ་ཡིན༔ མཱུཾ་ད་དུ་ཤྭ་རི་སྟྭཾ༔ དབྱིངས་ཕྱུག་མ་ཡི་དགོངས་པ་ཡིན༔ ལཱཾ་ཏེ་ཤྭ་ར་ཏི་སྟྭཾ༔ སངས་རྒྱས་སྤྱན་མའི་དགོངས་པ་ཡིན༔ མཱཾ་མོ་ཧ་ར་ཏི་སྟྭཾ༔ མཱ་མ་ཀི་ཡི་དགོངས་པ་ཡིན༔ པྱཱཾ་རཱ་ག་ར་ཏི་སྟྭཾ༔ ན་བཟའ་དཀར་མོའི་དགོངས་པ་ཡིན༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ དམ་ཚིག་སྒྲོལ་མའི་དགོངས་པ་ཡིན༔ ཀྵི༔མཻ༔ཧཱུྃ༔ཏྲཱྃ༔ཧྲཱི༔མཱུྃ༔ཐིཾལྷ༔ཛྲིཾ༔ སེམས་དཔའ་བརྒྱད་ཀྱི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཀྵི་ཧི་རཱ་ཙ་ཡ་སྭཱ་ཧཱ༔ སེམས་དཔའ་ས་སྙིང་དགོངས་པ་ཡིན༔ མེ་ཏྲི་དྷཱ་ར་ཎི་སྭཱ་ཧཱ༔ སེམས་དཔའ་བྱམས་པ་དགོངས་པ་ཡིན༔ ཧཱུྃ་སྭཱ་རཱ་ཙ་ཡ་སྭཱ་ཧཱ༔ སེམས་དཔའ་ཀུན་བཟང་དགོངས་པ་ཡིན༔ ཏྲཱྃ་ཨ་གརྦྷ་ཡ་སྭཱ་ཧཱ༔ སེམས་དཔའ་ནམ་སྙིང་དགོངས་པ་ཡིན༔ ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ སྤྱན་རས་གཟིགས་ཀྱི་དགོངས་པ་ཡིན༔ ཝཱ་གཱི་ཤྭ་རི་མཱུྃ༔ཤྲཱི་སྭཱ་ཧཱ༔ སེམས་དཔའ་འཇམ་དཔའ་དགོངས་པ་ཡིན༔ ཐིཾལྷ་ས་རཾ་པ་ཡ་སྭཱ་ཧཱ༔ སྒྲིབ་པ་རྣམ་སེལ་དགོངས་པ་ཡིན༔ ཛྲིཾ་ཀུ་རུ་པཱ་ཎི་ཧྲཱིཿསྭཱ་ཧཱ༔ ཕྱག་ན་རྡོ་རྗེའི་དགོངས་པ་ཡིན༔ ཧཱུྃ༔ཧཱུྃ༔ཏྲཱྃ༔ཛཿཧྲཱིཿབྃཿཧོཿཨ༔ སེམས་མ་བརྒྱད་ཀྱི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ༔ ལཱ་སྱེ་དཀར་མོའི་དགོངས་པ་ཡིན༔ ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་སྟྭཾ༔ མེ་ཏོག་མ་ཡི་དགོངས་པ་ཡིན༔ ཏྲཱཾ་མཱ་ལེ་ས་མ་ཡ་སྟྭཾ༔ ཕྲེང་བ་མ་ཡི་དགོངས་པ་ཡིན༔ ཛཿདྷུ་པེ་པྲ་ཝེ་ཤ་ཡ་སྟྭཾ༔ བདུག་སྤོས་མ་ཡི་དགོངས་པ་ཡིན༔ ཧྲཱིཿགཱིརྟི་རཱ་ག་ཡ་ཧོ༔ པི་ཝང་མ་ཡི་དགོངས་པ་ཡིན༔ བྃ་དྷཱི་པྃ་སུ་ཀི་ནི༔ མར་མེ་མ་ཡི་དགོངས་པ་ཡིན༔ ཧོཿགནྡྷེ་ཙིཏྟ་ཡ་ཧོ༔ དྲི་ཆབ་མ་ཡི་དགོངས་པ་ཡིན༔ ཨ་ནྲྀ་ཏྱེ་རཱ་ག་ཡ་མི་སྟྭཾ༔ ཞལ་ཟས་མ་ཡི་དགོངས་པ་ཡིན༔ ཀྲེཾཿབྲེཾཿཏྲུཾ༔ཀྵཾ༔སྲུཾ༔ཡེ༔ ཐུབ་པ་དྲུག་གི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ལྷ་དབང་བརྒྱ་བྱིན་དགོངས་པ་ཡིན༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཐགས་བཟང་རིས་ཀྱི་དགོངས་པ་ཡིན༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཤཱཀྱ་ཐུབ་པའི་དགོངས་པ་ཡིན༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ སེངྒེ་རབ་བརྟན་དགོངས་པ་ཡིན༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཁ་འབར་མ་ཡི་དགོངས་པ་ཡིན༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཆོས་ཀྱི་རྒྱལ་པོའི་དགོངས་པ་ཡིན༔ ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ ཛཿཧཱུྃ༔བྃ༔ཧོཿ སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ནི༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ རྣམ་པར་རྒྱལ་བའི་དགོངས་པ་ཡིན༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ གཤིན་རྗེ་གཤེེད་ཀྱི་དགོངས་པ་ཡིན༔ ཨོཾ་པདྨ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ རྟ་མགྲིན་རྒྱལ་པོའི་དགོངས་པ་ཡིན༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ༔ བདུད་རྩི་འཁྱིལ་པའི་དགོངས་པ་ཡིན༔ ཨོཾ་བཛྲ་ཨངྐུ་ཤ་ཛ༔ ལྕགས་ཀྱུ་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཞགས་པ་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་སྥོ་ཊ་བྃ༔ ལྕགས་སྒྲོག་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་གྷཎྜེ་ཧོ༔ དྲིལ་བུ་མ་ཡི་དགོངས་པ་ཡིན༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ ཐུགས་ཀྱི་དགོངས་པ་ཀློང་རྡོལ་འདིས༔ རྟོག་ཚོགས་ཕུང་པོ་རང་གྲོལ་ནས༔ གདུང་དང་རིང་བསྲེལ་འཇའ་འོད་འབྱུང་༔ ཨེ་མ་ཧོ༔ ཁྲག་འཐུང་དྲུག་ཅུ་ཐམ་པ་ཡི༔ རང་བྱུང་དགོངས་པ་འདི་ལྟར་བྱུང་༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲག་འཐུང་དྲུག་ཅུ་ཐམ་པ་ཡི༔ གཅིག་ཏུ་དྲིལ་བའི་དགོངས་པའོ༔ ཁྲག་འཐུང་ཡབ་དྲུག་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ དབྱིངས་ཕྱུག་ཡུམ་ལྔའི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཁྲག་འཐུང་ཆེ་མཆོག་དགོངས་པ་ཡིན༔ ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སངས་རྒྱས་ཁྲག་འཐུང་དགོངས་པ་ཡིན༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རྡོ་རྗེ་ཁྲག་འཐུང་དགོངས་པ་ཡིན༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རིན་ཆེན་ཁྲག་འཐུང་དགོངས་པ་ཡིན༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཁྲག་འཐུང་དགོངས་པ་ཡིན༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ལས་ཀྱི་ཁྲག་འཐུང་དགོངས་པ་ཡིན༔ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཡུམ་ཆེན་དབྱིངས་ཕྱུག་དགོངས་པ་ཡིན༔ ཨོཾ་བུདྡྷ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ སངས་རྒྱས་དབྱིངས་ཕྱུག་དགོངས་པ་ཡིན༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ རྡོ་རྗེ་དབྱིངས་ཕྱུག་དགོངས་པ་ཡིན༔ ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ རིན་ཆེན་དབྱིངས་ཕྱུག་དགོངས་པ་ཡིན༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ པདྨ་དབྱིངས་ཕྱུག་དགོངས་པ་ཡིན༔ ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ལས་ཀྱི་དབྱིངས་ཕྱུག་དགོངས་པ་ཡིན༔ ཧ༔ཧ༔ཧ༔ཧ༔ཧ༔ཧ༔ཧ༔ཧ༔ ཀཽའུ་རཱི་མ་བརྒྱད་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་བཛྲ་ཀཽའུ་རཱི་ཧ༔ ཁྲོ་མོ་དཀར་མོའི་དགོངས་པ་ཡིན༔ ཨོཾ་བཛྲ་ཙཽའུ་རཱི་ཧ༔ ཁྲོ་མོ་སེར་མོའི་དགོངས་པ་ཡིན༔ ཨོཾ་བཛྲ་པྲ་མོ་ཧཱ་ཧ༔ ཁྲོ་མོ་དམར་མོའི་དགོངས་པ་ཡིན༔ ཨོཾ་བཛྲ་བེ་ཏ་ལཱི་ཧ༔ ཁྲོ་མོ་ལྗང་ནག་དགོངས་པ་ཡིན༔ ཨོཾ་བཛྲ་པུསྐ་སཱི་ཧ༔ ཁྲོ་མོ་དམར་སེར་དགོངས་པ་ཡིན༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཁྲོ་མོ་ལྗང་ནག་དགོངས་པ་ཡིན༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཁྲོ་མོ་སེར་སྐྱའི་དགོངས་པ་ཡིན༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཁྲོ་མོ་མཐིང་སྐྱའི་དགོངས་པ་ཡིན༔ ཧེ༔ཧེ༔ཧེ༔ཧེ༔ཧེ༔ཧེ༔ཧེ༔ཧེ༔ སིང་ཧ་མ་བརྒྱད་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ སེང་གདོང་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་བྱ་ཀྲི་མུ་ཁ་ཧེ༔ སྟག་གདོང་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་སྲི་ལ་མུ་ཁ་ཧེ༔ ཝ་གདོང་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ སྤྱང་གདོང་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་ཀྲི་ཏ་མུ་ཁ་ཧེ༔ བྱ་རྒོད་གདོང་མའི་དགོངས་པ་ཡིན༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ དུར་བྱ་གདོང་མའི་དགོངས་པ་ཡིན༔ ཨོཾ་བཛྲ་ཁ་ཁ་མུ་ཁ་ཧེ༔ བྱ་རོག་གདོང་མའི་དགོངས་པ་ཡིན༔ ཨོཾ་བཛྲ་ཨཱུ་ལུ་མ་ཁ་ཧེ༔ འུག་གདོང་མ་ཡི་དགོངས་པ་ཡིན༔ ཛཿཧཱུྃ་བྃ་ཧོཿ སྒོ་མ་བཞི་ཡི་ས་བོན་དུ༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ རྟ་གདོང་དཀར་མོའི་དགོངས་པ་ཡིན༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཕག་གདོང་སེར་མོའི་དགོངས་པ་ཡིན༔ ཨོཾ་བཛྲ་སྥོ་ཊ་བྃ༔ སེང་གདོང་མ་ཡི་དགོངས་པ་ཡིན༔ ཨོཾ་བཛྲ་གྷཎྜེ་ཧོ༔ སྦྲུལ་གདོང་ལྗང་མོའི་དགོངས་པ་ཡིན༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི༔ རང་བྱུང་རྒྱུ་ཡི་ཡི་གེ་ཤར༔ ཁྲག་འཐུང་དྲུག་ཅུ་ཐམ་པ་ཡི༔ ཐུགས་ཀྱི་དགོངས་པ་ཀློང་རྡོལ་འདིས༔ འཁྲུལ་པའི་རྟོག་ཚོགས་རང་གྲོལ་ནས༔ སྒྲ་འོད་ཟེར་གསུམ་མེ་དུད་རྟགས༔ གཡས་སུ་འཁྱིལ་ཞིང་འཕྲོ་བ་དང་༔ འཇའ་འོད་གདུང་དང་རིང་བསྲེལ་འབྱུང་༔ ཨེ་མ་ཧོ༔ བདུད་བཞི་རང་གྲོལ་འཇོམས་བྱེད་པའི༔ ཁྲོ་ཆེན་བཞི་ཡི་ཡང་སྙིང་ནི༔ ཨོཾ་བཛྲ་ཀྲོ་ཏ་ཀྱེ་མ་ཀྱེ་རི༔ ཀ་རི་མསྟ་བྷ་ལི་བྷ་ལི༔ ཨ་ཏ་ཨེ་ཀ་ར་སུ་ལི༔ བྷ་ས་ཏི༔ ཨེ་ནི་ལ་ནི་ལ༔ ཀ་ཨེ་བི་ན༔ ཨ་བྷི་ཥིཉྩ༔ ཕུང་པོའི་བདུད་འཇོམས་སེང་གེའི་སྒྲ༔ གཞོན་ནུ་བུམ་པའི་དགོངས་པའོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་མུ་དྲ་ཛྙཱ་ན་ཨ་ཛི་སྥ་ར་ཎ་ཧཱུྃ་སྥ་ར་ཎ་ཕཊ་སྭཱ་ཧཱ༔ ཉོན་མོངས་བདུད་འཇོམས་སེང་གེའི་སྒྲ༔ བཛྲ་ཧེ་རུ་ཀ་ཡི་དགོངས་པའོ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷ་བུའི་བདུད་འཇོམས་སེང་གེའི་སྒྲ༔ བདུད་རྩི་འཁྱིལ་བའི་དགོངས་པའོ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ༔ མ་ཧཱ་པཉྩ༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ འཆི་བདག་བདུད་འཇོམས་སེང་གེའི་སྒྲ༔ རྟ་མགྲིན་རྒྱལ་པོའི་དགོངས་པ་ཡིན༔ ཁྲོ་ཆེན་བཞི་ཡི་ཡང་སྙིང་འདིས༔ བདུད་བཞི་བཅོམ་ནས་སྐུ་བཞིར་གྲོལ༔ ཨེ་མ་ཧོ༔ རིགས་དྲུག་ཀློང་གྲོལ་འབྲུ་དྲུག་པོ༔ སྤྲུལ་སྐུ་འགག་མེད་དགོངས་པ་ཤར༔ འ༔ཨ༔ཧ༔ཤ༔ས༔མ༔ འབྲུ་དྲུག་རིགས་དྲུག་ཀློང་ནས་གྲོལ༔ ཨེ་མ་ཧོ༔ དམ་པ་རིགས་བརྒྱའི་དགོངས་པ་མཆོག༔ གསང་སྔགས་ཡི་གེ་འབྲུ་བརྒྱ་ཤར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ རིགས་བརྒྱ་འདུས་པའི་དགོངས་པ་འདིས༔ ཉམས་ཆག་སྡིག་སྒྲིབ་རང་གྲོལ་འགྱུར༔ སྐྱེ་མེད་གྲོལ་བའི་ཡང་སྙིང་མཆོག༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ནམ་མཁའ་སྤྲིན་མེད་དྭངས་པ་དང་༔ སྐྱེ་མེད་འབྲུ་གཅིག་འབྱོན་པར་འགྱུར༔ འགག་མེད་གྲོལ་བྱེད་ཡང་སྙིང་མཆོག༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་དྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ བསྟན་པ་མི་འགྱུར་དགོངས་པ་འདིས༔ འཇའ་འོད་རིང་བསྲེལ་འབྱུང་བར་འགྱུར༔ གནས་པ་རྒྱུན་གྲོལ་ཡང་སྙིང་མཆོག༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བ་དཱི་མ་ཧཱ་ཤྲ་མ་ཎ༔ འཕེལ་གདུང་འཇའ་འོད་འཁྲུགས་པར་འགྱུར༔ ཕྲིན་ལས་མཐའ་རྒྱས་ཤམ་བུ་ནི༔ བདག་འཆང་བ་པོའི་ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཀུན༔ རང་རིག་ངང་དུ་ཞི་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་དང་བསོད་ནམས་ཞིང་ཁམས་ཀུན༔ རིག་པའི་ངང་དུ་རྒྱས་གྱུར་ཅིག༔ པུཥྚིཾ་ཀུ་རུ་སྭཱ་ཧཱ༔ དཀོན་མཆོག་གསུམ་དང་འཁོར་འདས་ཀུན༔ རིག་པའི་ངང་དུ་དབང་སྡུས་ཤིག༔ ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དགྲ་བགེགས་དུག་ལྔ་དུག་གསུམ་ཀུན༔ རིག་པའི་ངང་དུ་བརླག་པར་གྱིས༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ བསྟན་པ་ཀུན་གྱི་བུ་གཅིག་པོ༔ རང་བྱུང་དགོངས་པ་རང་ཤར་དུ༔ སེམས་ཅན་དོན་དུ་བྱུང་བའོ༔ དོན་གྱི་ནོར་བུ་རིན་ཆེན་འདིས༔ ཚེ་འདིར་དགོས་འདོད་ཐམས་ཅད་འབྱུང་༔ ཕྱི་མ་སངས་རྒྱས་ངེས་པར་ཐོབ༔ དེ་སྔོན་མཚམས་མེེད་ལྔ་སྤྱད་ཀྱང་༔ འདི་འཕྲད་ངན་སོང་ལྟུང་མི་སྲིད༔ ཆོས་མ་བྱས་ཀྱང་སངས་རྒྱ་བས༔ དེ་ཕྱིར་བཏགས་གྲོལ་ཞེས་བྱའོ༔ བྲིས་པས་མཐོང་ཚད་སངས་རྒྱའོ༔ བཅངས་པས་རེག་ཚད་སངས་རྒྱའོ༔ བཀླགས་པས་ཐོས་ཚད་སངས་རྒྱའོ༔ དེ་ཕྱིར་བྲི་དང་བཅང་བར་བྱ༔ བཀླག་ཅིང་ཚུལ་བཞིན་ཡིད་ལ་བྱ༔ རབ་ཏུ་ཀུན་ཏུ་ཆུབ་པར་བྱའོ༔ སྐལ་པ་ཅན་གྱི་སྤྱོད་ཡུལ་ཡིན༔ འདི་དང་འཕྲད་པ་ཤིན་ཏུ་དཀའ༔ འཕྲད་ནས་བློ་ལ་ཆུད་པ་དཀའ༔ དེ་ཕྱིར་འདི་དང་སུ་འཕྲད་པ༔ དགའ་བ་སྐྱེད་ལ་གུས་པས་ཟུངས༔ ཤི་ཚེ་ལུས་དང་འབྲལ་མི་བྱ༔ བསྲེག་ཚེ་རོ་དང་འབྲལ་མི་བྱ༔ དེས་ནི་མཐོང་ཐོས་དྲན་རེག་གྲོལ༔ ཞི་ཁྲོ་རིགས་བརྒྱ་འདུས་པ་ཡི༔ བཏགས་གྲོལ་ཕུང་པོ་རང་གྲོལ་གྱི༔ དོན་བསྡུས་རང་གྲོལ་སྙིང་པོའོ༔ རྫོགས་སོ༔ ས་མ་ཡ༔ སྐལ་མེད་ལ་གཏེར་རྒྱ་རྒྱ་རྒྱ༔ དམ་མེད་ལ་སྦས་རྒྱ་རྒྱ་རྒྱ༔ ལོག་ལྟ་ཅན་ལ་གསང་རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ འགྲོ་མགོན་ཀརྨ་གླིང་པའི་གཏེར་མའོ།།