Jump to content

བཅོམ་ལྡན་འདས་ཀྱི་སྐུ་གདུང་ཆ་བརྒྱད་

ཡོང་ཁུངས་Wikipedia

1 གྲོང་ཁྱེར་རྩྭ་ཅན་གྱི་གྱད་མི་རྣམས་ལ་བྱིན། 2 ཡུལ་སྡིག་པ་ཅན་གྱི་གྱད་མི་རྣམས་ལ་བྱིན། 3 ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ལ་བྱིན། 4 གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ངྷ་ལ་བྱིན། 5 ཁྱབ་འཇུག་གླིང་གི་བྲམ་ཟེ་ལ་བྱིན། 6 ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤྭཀྱ་རྣམས་ལ་བྱིན། 7 ཡུལ་ཡངས་པ་ཅན་ན་གནས་རྒྱལ་རིགས་ལི་ཙ་བྱིན་རྣམས་ལ་བྱིན། 8 ཡུལ་བ་ག་དྷའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་བྱིན་ནོ། དེ་ཡང་ཅོམ་ལྡན་འདས་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་རྗེས་འོ་སྲུང་ཆེན་པོ་འཁོར་བརྒྱ་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་ཤིང་བལ་གྱི་འདབ་མས་དཀྲིས། རས་ཟུང་ལྔ་བརྒྱས་དཀྲིས་ནས་ལྕགས་སྒྲོམ་དུ་བཅུག། འབྲུ་མར་གྱིས་བཀང་། ཤིང་དྲི་ཞིམ་པོ་ཐམས་ཅད་སྤུངས་སོ། དེ་ནས་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་མཐུས་དེ་རིང་འབར་བར་འགྱུར། དེ་ནས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པས་ཅོམ་ལྡན་འདས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་སོ། སྐུ་གསུང་གི་རིང་བསྲེལ་དག་ཡུལ་སོ་སོར་ཁྱེར་ནས་སྐུ་གདུང་གི་མཆོད་རྟེན་མང་དུ་བཞེངས་པའི་ལོ་རྒྱུས་ཀྱང་ཡོད།