བཅུད་རྩི་
བཅུད་རྩི། དབྱིན་སྐད། Nutrient རྒྱ་སྐད། 营养素ཟེར། མིའི་ལུང་ཕུང་ལ་དགོས་ངེས་ཀྱི་རྫས་རྒྱུའི་རིགས་ལ་གོ གཙོ་བོ་མི་ལུས་ཕུང་ལ་མང་པོ་དགོས་པའི་ཚད་མང་རྫས་རྒྱུ། དཔེར་ན། སོལ་ཆུ་འདྲེས་རྫས། ཚིལ། རྒྱུས། སྤྲི་དཀར། ཆུ། མི་ལུས་ཕུང་ལ་ཉུང་ཉུང་དགོས་པའི་ཚད་ཉུང་རྫས་རྒྱུ། དཔེར་ན། གཏེར་དངོས། འཚོ་རྩི། དེ་ནང་ནས་འཚོ་རྩི་ལ། ཚིལ་ཞུན་འཚོ་རྩི་དང་། ཆུ་ཞུན་འཚོ་རྩི་སྟེ་རིགས་གཉིས་སུ་དབྱེ། ཚིལ་ཞུན་འཚོ་རྩི་ལ། A D E K དང་། ཆུ་ཞུན་འཚོ་རྩི་ལ། B1、B2、B6、B12 ད་དུང་དུ་སྐྱུར། ལོ་སྐྱུར། འཚོ་རྩི་C བཅས་འདུས།
ཚད་མང་རྫས་རྒྱུ་ལས་རྒྱུས་དང་ཆུ་གཉིས་མ་གཏོགས་གཞན་པས་གཙོ་བོ་མིའི་ལུང་ཕུང་ལ་ནུས་ཚད་སྟེར་གྱིན་ཡོད། ཅོལ་joulsལམ་ཁ་ལོ་རིས་caloriesཀྱིས་དེའི་ཚད་འཇལ་བ་ཡིན། སོལ་ཆུ་འདྲེས་རྫས་སམ་སྤྲི་དཀར་ཁེ་རེ་རེས་མིའི་ལུང་ཕུང་ལ་ནུ[ ས་ཚད་སྟོང་ཁེ་]4རེ་མཁོ་འདོན་བྱེད་པ་ཡིན། ཚིལ་ཁེ་རེ་རེས་ཚད་སྟོང་ཁེ་9རེ་མཁོ་འདོན་བྱེད་པ་ཡིན། གཞན་པའི་བཅུད་རྩི། རྒྱུས་རྩི་དང་། ཆུ། གཏེར་དངོས། འཚོ་རྩི་བཅས་ཀྱིས་ནུས་ཚད་འདོན་སྤྲོད་བྱེད་ཀྱིན་མེད། ཡིན་ན་ཡང་། སྐྱེ་ཕུང་གི་ལུས་ཁམས་འཁོར་སྤྱོད་ཁྲོད་ནུས་པ་གནད་འགག་ཅན་འདོན་གྱིན་ཡོད།