བགེགས་དམིགས་
མཐོང་རིས་
བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་བྷན་དམར་དགྲ་སྟྭ། གཡོན་གསུམ་དྲིལ་བུ་ཐོད་ཁྲག་ཐོང་གཤོལ་འཛིན་པ། ཞབས་བཞི་གཡོན་བརྐྱང་བའི་འདོར་སྟབས་ཅན་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་དུང་དམར་སྟོབ་པའི་ཚུལ་གྱིས་ཡབ་ལ་འཁྱུད་པ། ཆེར་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་ལས་ཁྲོ་ཚོགས་མཚོན་ཆའི་ཚྭ་ཚྭ་འཕྲོས་པས་བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བསྡིག་བསྐྲད་བརླག་པར་གྱུར།