Jump to content

བཀྲས་ཟུར་ཚང་གི་གསང་བའི་གཏམ་བརྒྱུད

ཡོང་ཁུངས་Wikipedia

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། (དབྱིན་སྐད་དུ། The Secret Tale of Tesur House) ནི་བོད་ཀྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ (Wangdor Tailing) ལགས་ཀྱིས་བརྩམས་པའི་དེང་རབས་བོད་ཀྱི་ལོ་རྒྱུས་བརྩམས་སྒྲུང་གྲགས་ཅན་ཞིག་ཡིན། བརྩམས་ཆོས་འདི་ནི་ ༡༩༩༧ ལོར་དེབ་གཟུགས་སུ་དཔར་སྐྲུན་བྱས་ཤིང་། དུས་རབས་ ༢༠ པའི་སྟོད་ཀྱི་བོད་ཀྱི་སྤྱི་ཚོགས་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བརྩམས་སྒྲུང་འདི་ཐོག་མར་ ༡༩༩༤ ནས་ ༡༩༩༥ བར་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》དུས་དེབ་ཐོག་རིམ་བཞིན་སྤེལ་བ་ཞིག་ཡིན།