ཕྱེ་མ་ལེབ་

ཡོང་ཁུངས་Wikipedia

ཁྲབ་གཤོག་ཁག་གི་འབུ་སྲིན་ཡིན་པ་དང་། གཤོག་པ་ཆེན་པོའི་སྟེང་དུ་ཁྲབ་ལེབ་མང་པོ་བསྒྲིགས་ཡོད་ལ་ཚོན་ཁྲའི་རི་མོ་གྲུབ་ཡོད། ཕྱེ་ལེབ་ཀྱི་འབུ་ཕྲུག་ལ་སྤྱིར་བཏང་དུག་སྤུ་དང་། དྲིན་ངན་གཤེར་རྨེན། ཕྱེ་ལེབ་དར་མ་ལ་དབྱུ་གུའི་གཟུགས་ཀྱི་དབང་རྭ་ཡོད་པ་དང་། ས་ལ་བབས་ཏེ་སྡོད་སྐབས་གཤོག་པ་ཟུང་རྒྱབ་ཏུ་ཕན་ཚུན་འབྱར་ནས་ཡར་བསླངས་ཏེ་འཇོག ཕྱེ་ལེབ་ཕལ་ཆེ་བ་ཉིན་དཀར་རྒྱུ་བ་ཡིན།

གཟུགས་གཞིའི་ཁྱད་ཆོས།[རྩོམ་སྒྲིག]

ཕྱེ་མ་ལེབ་ཅེས་པ་ལ་ཆེ་ཆུང་ཁ་དོག་ལ་སོགས་པ་རིགས་མི་འདྲ་བ་མང་ཙམ་མཆིས་ཀྱང་དགོས་པ་སེར་ཁྲ་སྟེ། དེའང་ལུས་པོར་ཧའོ་སྨི18ཙམ་དང་། གཤོག་པ་བརྐྱངས་ན་གཡས་ནས་གཡོན་བར་སྨི54ཙམ་ཡོད་ཅིང་། གཟུགས་དབྱིབས་དང་མགོ་རྭ་སོགས་སྦྲང་མ་དང་འདྲ། གཤོག་པ་སྲབ་ལ་ཆེ་ཞིང་སྒོར་བ་བཞི་ལྡན་གྱི་སྒང་གཉིས་ཆེ་ཞིང་གཤམ་གཉིས་ཆུང་བ་ཡིན། སྒང་ངམ་སྟེང་གི་གཤོག་རྩའི་ཕྱེ་ཙམ་དམར་སེར་དང་། མཐར་ཉེ་བའི་སེར་མདོག་སེར་ནག་གི་ཐོག་སྒོར་བ་ཞིག་ཡོད་པ། གཤོག་པའི་སྣེ་མོའི་ཕྱེད་ཀ་ནག་པོའི་སྟེང་སེར་ཁྲ་ཅན་གྱི་ཐིག་དྲུག་ཡོད། གཤམ་གྱི་གཤོག་དཀྱིལ་དུ་སྒོར་ཐིག་ངང་སེར་ཅན་ཡོད།


འཚོ་བའི་གོམས་གཤིས།[རྩོམ་སྒྲིག]

ཕྱེ་མ་ལེབ་ལ་འཛམ་གླིང་སྟེང་རིགས14000ལྷག་ཡོད་པ་དང་མང་ཆེ་བ་མེ་གླིང་དང་ཡཱ་མཱ་ཞུན་གཙང་པོའི་བཞུར་རྒྱུན་དུ་རིགས་མང་། ཀྲུང་གོ་ནས་རིགས1200ལྷག་ཡོད། ཕྱེ་མ་ལེབ་ནི་རྣམ་འགྱུར་ཆ་ཚང་གི་འབུ་སྲིན་ཡིན་ཏེ། ཚེ་གང་བོར་བརྒྱུད་རིམ་བཞི་ལ་ངེས་པར་བརྒྱུད་དགོས་སྟེ། སྒོ་ང་དང་འབུ་ཕྲུག ཉལ་འབུ། འབུ་དར་མ་བཅས་ཡིན།

ཕྱེ་མ་ལེབ་དང་མེ་ལྕེབ་གཉིས་ཀྱི་ཁྱད་པར།[རྩོམ་སྒྲིག]

ཕྱེ་ལེབ་དང་མེ་ལྕེབ་ནི་ཁྲབ་གཤོག་ཁག་གི་འབུ་སྲིན་ཡིན་པ་དང་། གཉིས་ཀའི་གཤོག་པ་ཆེན་པོའི་སྟེང་དུ་ཁྲབ་ལེབ་མང་པོ་བསྟར་མར་བསྒྲིགས་ཡོད་ལ་ཚོན་ཁྲའི་རི་མོ་གྲུབ་ཡོད། དེ་གཉིས་གཟུགས་འགྱུར་ཆ་ཚང་བྱས་ཏེ་སྐྱེ་བ་དང་། ཕྱེ་ལེབ་ཀྱི་འབུ་ཕྲུག་ལ་སྤྱིར་བཏང་དུག་སྤུ་དང་། དྲི་ངན་གཤེར་རྨེན་སོགས་ལྡན་པ་དང་། མེ་ལྕེབ་ཀྱི་འབུ་ཕྲུག་ཕལ་ཆེ་བར་སྲུང་སྐྱོབ་ཁ་དོག་དང་རྫུས་གཟུགས་ཀྱི་སྣང་ཚུལ་ལྡན་ཡོད། ཕྱེ་ལེབ་དར་མ་ལ་དབྱུ་གུའི་གཟུགས་ཀྱི་དབང་རྭ་ཡོད་པ་དང་། མེ་ལྕེབ་ཀྱི་དབང་རྭ་ནི་རྣམ་པ་སྣ་ཚོགས་ཡིན་པ་དང་སྐུད་ཕྲའི་གཟུགས་དང་འདབ་གཤོག་གི་གཟུགས་ནི་ཅུང་ཟད་ཁྱབ་ཆེ། ས་ལ་བབས་ཏེ་སྡོད་སྐབས་ཕྱེ་ལེབ་ཀྱི་གཤོག་པ་ཟུང་རྒྱབ་ཏུ་ཕན་ཚུན་འབྱར་ནས་ཡར་བསླངས་ཏེ་འཇོག་པ་དང་། མེ་ལྕེབ་ཀྱི་གཤོག་པ་ཟུང་ནི་རྒྱབ་ཏུ་འཁུམས་པའམ་ཁང་པའི་བྱ་འདབ་ལྟར་ལྷེབ་བེར་འཇོག་པ་རེད། ཕྱེ་ལེབ་ཕལ་ཆེ་བ་ཉིན་དཀར་རྒྱུ་བ་དང་མེ་ལྕེབ་ནི་མཚན་མོར་རྒྱུ་བ་རེད།

སྨན་རྒྱུ་ལས་སྣོན།[རྩོམ་སྒྲིག]

སྨན་ལ་ལུས་ཧྲིལ་པོ་དགོས་ཤིང་ཡོས་ཚ་པོའི་ནང་དུག་འདོན་བྱས་ནས་སྤྱོད་དགོས།

རོ་ནུས།[རྩོམ་སྒྲིག]

རོ་ཚ་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བ་རྣོ་བའོ།།

རྐྱང་པའི་ཕན་ཡོན།[རྩོམ་སྒྲིག]

སོ་སྲིན་དང་ཉྭ་ལོག་སོགས་ལ་ཕན།