Jump to content

ཕྱིན་ཅི་ལོག་

ཡོང་ཁུངས་Wikipedia

ཕྱིན་ཅི་ལོག་ཅེས་པའི་ཚུལ་འདི་ནི་གཅིག་གིས་གཞན་ལ་ཕན་པ་ཞིག་འབྱུང་བ་ལ་བརྟེན་ནས། དེ་ལ་ཁྲོ་བར་བྱེད་པ་དང་འདྲ་བའོ། །ཕྱིན་ཅི་ལོག་ཅེས་པའི་དོན་ཁུངས་གཙོ་བོ་ནི་དགྲ་བོས་ཁོ་ལ་གནོད་པ་བྱས་པ་ལ་བཟོད་པ་སྒོམ་པའི་སྐབས་ཀྱི་རྣམ་འགྱུར་དང་འབྲེལ་ཡོད།

བཟོད་པ་སྒོམ་པ་ལ་ཕྱིན་ཅི་ལོག་གི་རྣམ་འགྱུར།

[རྩོམ་སྒྲིག]

"བདག་ནི་དགྲ་བོ་དེ་ལ་ཕར་གནོད་བྱེད་ཡིན་ལ་དགྲ་བོ་དེ༷་ད༷ག་བདག༷་ལ༷་བུ་ལོན་སོད། ལན་ཆགས་བྱང༌། ཤ་མཁོན་དག །ཚོགས་རྫོགས་སྒྲིབ་པ་འདག་པའི་ཕ༷ན་འདོ༷གས་པར་བྱེད་པར་ཡིན་ན༷་བླང་དོར་ཕྱིན༷་ཅི༷་ལོ༷ག་ཏུ༷་གྱུར་པ་རྒྱུ་མཚན་ཅི༷་ཡི༷་ཕྱིར༷། མ་རུངས་པའི་སེམས་ཁྱོད་ཁྲོ་བར་བྱེད་དེ་བྱེད་མི་རིགས་སོ། །"[]ཞེས་བདག་གིས་གནོད་བྱེད་ལ་གནོད་པ་བྱས་ཏེ་དེས་དམྱལ་བ་མྱོང་དགོས་པ་དང་། དེ་ཚོས་བདག་ལ་བཟོད་པ་སྒོམ་པའི་དམིགས་རྟེན་ཞིག་ཏུ་གྱུར་ནས་ཕན་པ་མང་པོ་འདོགས་པར་བྱེད་པ་ཡིན་ལ། དེ་ལ་ཁྲོ་བ་སྐྱེ་བ་ནི་ཕྱིན་ཅི་ལོག་གི་རྣམ་འགྱུར་དུ་གསུངས།

སྡིག་སྦྱོང་གི་གྲོགས་སུ་གྱུར་པ།

[རྩོམ་སྒྲིག]

"གནོད་བྱེད་དེ་དག་ནི་བདག་ལ་བཟོད་པ་སྒོམ་པའི་དམིགས་རྟེན་དང་སྡིག་སྦྱོང་གི་གྲོགས་བྱས་པའི་སྒོ་ནས་ཕན་ཆེན་པོ་འདོགས་བྱེད་ཡིན་ན་ཕྱིན་ཅི་ལོག་ཏུ་རྒྱུ་མཚན་ཅིའི་ཕྱིར་མ་རུངས་པའི་སེམས་རྨོངས་པ་ཁྱོད་ཁྲོ་བར་བྱེད།"[] ཅེས་གསུངས་པ་ལྟར། གནོད་བྱེད་རྣམས་ནི་བདག་ལ་བཟོད་པ་སྒོམ་པར་གྲོགས་བྱེད་པ་དང་སྡིག་པ་སྦྱོང་བར་གྲོགས་བྱེད་པས། དེ་དག་ལ་ཁྲོ་བ་སྐྱེ་བ་ནི་ཕྱིན་ཅི་ལོག་གི་རྣམ་པའོ། །

ཆེད་དུ་བརྗོད་བྱ།

[རྩོམ་སྒྲིག]

"སླར་གནོད་པ་བྱེད་པ་ལས་ལོག་པའི་མཐར་ཐུག་པ་དེ་དག་ནི་བདག་གི་བསམ་པའི་ཆེ་བའི་བདག་ཉིད་ཡིན་ཏེ། དམྱལ་བར་འགྲོ་བ་ལས་ལོག་པའི་རྒྱུ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། གནོད་བྱེད་ལ་ལན་འདེབས་མ་བྱས་པ་ནི་བདག་གི་བསམ་པའི་ཆེ་བའི་སྟོབས་ཀྱིས་ཡིན་ལ། དེས་དམྱལ་བར་མི་འགྲོ་བར་བྱེད་དོ། །

ཐ་དད་མེད་པར་འགྱུར་བའི་སྐྱོན།

[རྩོམ་སྒྲིག]

"སེམས་པ་ཅན་ཤེས་རིག་དང་སེམས་མེད་བེམ་པོ་གཙོ་བོ་དེ་དག་ཀྱང་གཅིག་ཏུ་འགྱུར་བར་ཐལ། གང་གི་ཕྱིར་ན་ཆ་མེད་ཀྱི་རྟག་ཁྱབ་ཏུ་ཡོད་པ་ཉིད་དུ་མཚུངས་པའི་ཕྱིར།"[] ཞེས་གསུངས་ཏེ། ཕྱིན་ཅི་ལོག་གི་ལྟ་བ་ལ་ཞུགས་པས་སེམས་ཅན་དང་སེམས་མེད་ཀྱི་ཁྱད་པར་ཡོད་མེད་ཀྱང་རྟོགས་མི་ཐུབ་པར་འགྱུར་རོ། ། "གལ་ཏེ་རྣམ་འགྱུར་གྱི་བྱེ་བྲག་མི་འདྲ་བ་རྣམས་ཕྱིན་ཅི་ལོག་རྫུན་པ་ཡིན་པ་དེའི་ཚེ། དེ་རྣམས་ཀྱིས་འདྲ་བའི་སྟེ་མཚུངས་པའི་རྟེན་སྤྱི་གཙོ་བོ་བདེན་པར་གྲུབ་པ་གང་ཡིན་པ་དེ་ཡང་མེད་པར་ཐལ།"[] ཞེས་གསུངས་ཏེ། ཕྱིན་ཅི་ལོག་གི་རྟོགས་པ་ཡོད་པས་དངོས་པོའི་གཅིག་དུ་འགྱུར་བའི་སྐྱོན་ཡོད་པར་བཤད།

བསྡུས་དོན།

[རྩོམ་སྒྲིག]

ཕྱིན་ཅི་ལོག་ཅེས་པའི་ཐ་སྙད་འདི་ནི་སྤྱོད་འཇུག་གི་འགྲེལ་པ་རྣམས་སུ་ཕྱེད་ནས་གསུངས་པ་ལྟར། གཙོ་ཆེ་བ་ནི་བཟོད་པ་སྒོམ་པའི་སྐབས་གནོད་བྱེད་ལ་ཁྲོ་བར་གྱུར་པའམ་ཡང་ན་ཤེས་རིག་གི་ཐ་དད་པ་རྫུན་པར་བསམ་པ་སོགས་ཀྱི་བསམ་པ་ལམ་ལས་ལོག་པའི་རྣམ་འགྱུར་ལ་ཟེར། དེའི་རྒྱུ་མཚན་ནི་དངོས་གནས་གནོད་བྱེད་དེ་དག་ལ་བརྟེན་ནས་བཟོད་པ་སྒོམ་པའི་སྐལ་བ་ཐོབ་པ་དང་སྡིག་པ་སྦྱོང་བའི་གོ་སྐབས་ཐོབ་ཀྱང་དེ་ལ་ཁྲོ་བ་སྐྱེ་བ་ནི་ཁ་ཕྱོགས་ལ་མཆོང་བ་དང་འདྲ་བས་ཕྱིན་ཅི་ལོག་ཅེས་ལ་འདོད།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།