Jump to content

ཕྱི་ལོ་ ༢༠༡༥ ལོའི་བལ་ཡུལ་ས་ཡོམ་ཆེན་མོ།

ཡོང་ཁུངས་Wikipedia

ཕྱི་ལོ་ ༢༠༡༥ ལོའི་བལ་ཡུལ་ས་ཡོམ་ཆེན་མོ་ནི། བལ་ཡུལ་གྱི་ལོ་རྒྱུས་ནང་ཧ་ཅང་གཏོར་སྐྱོན་གྱི་གནོད་ཚབས་ཆེ་བའི་ས་འགུལ་དོན་རྐྱེན་ཞིག་ཡིན། ས་འགུལ་འདིའི་ལྟེ་བ་གོརྑཱ་རྫོང་གི་བཱར་པཱཀ་ལ་ཁེལ་བས། གོརྑཱའི་ས་ཡོམ་ཞེས་ཀྱང་གྲགས། ས་ཡོམ་འདིས་མི་གྲངས་དགུ་སྟོང་ལྷག་རྐྱེན་ལམ་དུ་བཏང་ཞིང་། ཉིས་ཁྲི་ཉིས་སྟོང་ལྷག་ལ་རྨས་སྐྱོན་ཕོག ཕྱི་ལོ་ ༢༠༡༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་གུང་བལ་ཡུལ་གྱི་དུས་ཚོད་ ༡༡ དང་སྐར་མ་ ༥༦ ཐོག་བརྒྱབས་པའི་ས་ཡོམ་འདིའི་ཤུགས་ཚད་ ༨.༡ ཡིན། ས་ཡོམ་འདི་ནི་ཕྱི་ལོ་ ༡༩༣༤ ལོའི་བལ་ཡུལ་བི་ཧཱར་ས་ཡོམ་གྱི་དོན་རྐྱེན་རྗེས་སུ་བྱུང་བའི་ས་ཡོམ་གནོད་ཚབས་ཆེས་ཤོས་སུ་ངོ་འཛིན་བྱས།[]

ས་ཡོམ་གྱི་གཏོར་སྐྱོན་ཐེབས་པའི་རྗེས་ཀྱི་རྣམ་པ།

[རྩོམ་སྒྲིག]


དཔྱད་གཞིའི་ཡིག་ཁུངས།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག: