ཕོ་ལྷའི་གསེར་བྲིས་བསྟན་འགྱུར་

ཡོང་ཁུངས་Wikipedia

ཕོ་ལྷའི་གསེར་བྲིས་བསྟན་འགྱུར

མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ་སྤྱི་ལོ1734ཡས་མས་ལ་ཡིག་མཁན་དང་ཤོག་ལས་དོ་དམ་པ་མང་པོ་བསྡུས་ནས་གསེར་ཞུན་གྱིས་བྲིས། ད་ལྟ་གསེར་ཞུན་གྱི་བསྟན་འགྱུར་ཆ་ཚང་རི་བོ་དགའ་ལྡན་དུ་བཞུགས། འཇམ་དབྱངས་བདེ་བའི་རྡོ་རྗེས་དཀར་ཆག《བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་དགོངས་འགྲེལ་གངས་ཅ་དུ་འགྱུར་རོ་ཅོག་བཙོ་སྦྱང་གསེར་ལས་གསར་དུ་བསྐྲུན་པ་བསྟན་འགྱུར་རིན་པོ་ཆེ་སྲིད་ཞི་རྒྱན་གཅིག་ཅེས་པའི་དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམ》བརྩམས། 《གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག》དེ་སྤྱི་ལོ2004ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།