ཕུལ་བྱུང་བོད་གཞས་གླུ་ཚིག

ཡོང་ཁུངས་Wikipedia

ཨ་ཁུ་པདྨ།

ཚིག དཔལ་མགོན། དབྱངས། དཔལ་མགོན། ལེན་མཁན། དཔལ་མགོན།

ཨ་ཁུ་པདྨ་ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན། ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད། མར་བབས་ན་བྲག་རིའི་སྐྱིད་ཅིག་རེད། ཁྱེད་མེད་ན་བྲག་མཐིལ་སྟོང་པ་རེད། ཨ་ཁུ་པདྨ་ཡེ། བྱ་ངང་པ་གསེར་གྱི་ཕྲེང་བ་ཅན། ཕར་སོང་ན་སྤང་རིའི་རྒྱན་ཞིག་རེད། ཚུར་རྒྱུགས་ན་མཚོ་མོ་སྐྱིད་ཅིག་རེད། ཁྱེད་མེད་ན་མཚོ་ཁ་སྟོང་བ་རེད། ཨ་ཁུ་པདྨ་ཡེ། སྟག་ཤར་པ་དུང་གི་སོ་སྒོ་ཅན། ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད། ཕྱིར་ཡོང་ན་ན་ཟླ་སྐྱིད་ཅིག་རེད། ཁྱེད་མེད་ན་ཡིད་སེམས་སྟོང་པ་རེད།

ཤྭ་ཡུ་མོ་ཤེའུ། གཞས་པ། དཔལ་མགོན། ཤྭ་ཡུ་མོ་ཤེའུ། ཨ་ཁུ་ཁུ་བྱུག་གང་ལ་བུད་ཐལ། ཨ་ཁ་ཁུ་བྱུག་ནགས་ལ་བུད་ཐལ། འོ་ཡ་ཡ། ཤྭ་ཡུ་མོ་ཤེའུ། ནགས་ལ་འགྲོ་དོན་ཅི་ཞིག་ཡིན་ཐལ། དཔྱིད་ཀྱི་དཔལ་མོ་སྐྱེལ་ནས་བུད་ཐལ། འོ་ཡ་ཡ། ཤྭ་ཡུ་མོ་ཤེའུ། རྒྱ་རྫོངས་ནག་གི་རྩེ་མོར་བུད་ཐལ། བྱ་རྒྱ་མང་པོ་བློ་སེམས་བདེ་ཐལ། འོ་ཡ་ཡ། ཤྭ་ཡུ་མོ་ཤེའུ། གྲོང་ཆེན་དཀྱིལ་ནས་གླུ་སྒྲ་སྒྲོག་ཐལ། ན་ཟླ་མང་པོ་བློ་སེམས་བདེ་ཐལ། འོ་ཡ་ཡ་། ཤྭ་ཡུ་མོ་ཤེའུ། སེམས་ཀྱི་ལོག་ཕེབས། གཞས་པ། ཡར་དུང་སོགས། གངས་དཀར་ལྷུན་པོ་ལྷ་ཡི་ལྕགས་རི་ཡིན། གཙང་ཆབ་སྔོན་མོ་ཉི་ཟླ་འཆང་འཕྲུལ་ཡིན། རྩྭ་ཐང་ཡངས་པོ་སྐར་མའི་མལ་བསྟན་ཡིན། གངས་རིའི་མཐོངས་སུ་ཆགས་པའི་གནས་མཆོག་འདི། འཛམ་གླིང་ཡང་རྩེ་གངས་ལྗོངས་ཕྱུག་མོ་སྟེ། ངེད་གངས་ཅན་བོད་པའི་ཕ་ས་ཡིན། ཨོ། མ་ཡུམ་ལགས། གངས་ལྗོངས། ཁྱེད་ཀྱི་རུམ་ཁོག་དྲོད་མོ་སྙེགས་ནས་འོང་། དེ་རིང་ཁྱེད་ཀྱི་དཔང་ནས་གླུ་ཞིག་ལེན། ཨོ། མ་ཡུམ་ལགས། གངས་ལྗོངས། འདི་ནི་ཁྱེད་ཀྱིས་བསླབ་པའི་ཤིས་གླུ་ཡིན། འདི་ནི་ཕ་ཡུལ་འགྲིམ་པའི་ལེགས་སྐྱེས་ཡིན། འགྲོ་དྲུག་སེམས་ཅན་རང་གི་ཕ་མ་ཡིན། འཚེ་མེད་ཞི་བདེ་སེམས་ཀྱི་ལོངས་སྤྱོད་ཡིན། དཔའ་མཛངས་རྟུལ་ཕོད་སྙིང་གི་རུས་པ་ཡིན། གངས་རིའི་ལྗོངས་སུ་གནས་པའི་མི་རིགས་འདི། མཐོ་སྒང་འདི་ཡི་གཞི་འཛིན་དང་པོ་སྟེ། ངེད་གངས་ཅན་གདོང་དམར་བོད་པ་ཡིན། ཨོ། སྤུན་ཟླ་ལགས། བོད་པ། ཁྱེད་ཀྱི་མཛའ་བརྩེ་ཟབ་མོ་དྲན་ནས་འོང་། དེ་རིང་ཁྱེད་ཀྱི་མདུན་ནས་བྲོ་ཞིག་འཁྲབ། ཨོ། སྤུན་ཟླ་ལགས། བོད་པ། འདི་ནི་ཁྱེད་ཀྱིས་བསླབ་པའི་སྐོར་བྲོ་སྟེ། འདི་ནི་སྤུན་ཟླ་མཇལ་བའི་ལེགས་སྐྱེས་ཡིན། ང་ཡི་ཁྲི་ཤོར་རྒྱལ་མོ། གཞས་མ། རིག་འཛིན་སྒྲོལ་མ། མཐོན་པོ་ཡུལ་ན་མཐིང་མདོག་གི་མཁྱིལ་བའི། སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ། རླབས་ཀྱི་རང་སྒྲ་དལ་གྱིས་སྒྲོག་པའི་དུས། ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས། འཛམ་གླིང་ཡང་རྩེ་ཁ་བ་ཅན་གྱི་ཡུལ། ཁྲག་དང་རྔུལ་ཆུས་སྐྲུན་པའི་དཔའ་མཛངས་རྟུལ། ང་ཡི་ཁྲི་ཤོར་རྒྱལ་མོ། ང་ཡི་ཁྲི་ཤོར་རྒྱལ་མོ། ཁྱེད་ནི་ཡབ་ཆེན་སུ་ཡི་རྔུལ་ཁྲག་ཡིན།། གངས་རིའི་གཤོང་སུ་མཛེས་སྡུག་གི་མཁྱིལ་བའི། སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱ་མོ། རླབས་ཀྱི་ཟེགས་མ་དལ་གྱིས་འཆོར་བའི་དུས། ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས། རང་ཡུལ་དྲོན་མོ་ཁ་བ་ཅན་གྱི་ཡུལ། བྱམས་དང་མིག་ཆུས་སྐྲུན་པའི་ལངས་ཚོ་མཐོངས། ང་ཡི་ཁྲི་ཤོར་རྒྱལ་མོ། ང་ཡི་ཁྲི་ཤོར་རྒྱལ་མོ། ཁྱོད་ནི་མ་ཡུམ་སུ་ཡི་མིག་ཆུ་ཡིན། སེམས་ཁོངས་ཀྱི་རེ་འབོད། གཞས་པ། གངས་བཞུགས། སྟོད་ཁ་བ་གངས་ཀྱི། མཛེས་སྡུག་གི་རི་ལུང་། རི་ལུང་ང་ཚོའི་ཡིན་པ་ཐེ་ཚོམ་མེད། ཐེ་ཚོམ་མེད་ཀྱང་། ཆུ་ཁམ་གང་དོན་ལ། གྲི་མགོ་ཕུར། གྲི་མགོ་རང་གི་སྤུན་ལ་ཕུལ། ཕྱི་ནས་བལྟས་ཀྱང་ངོ་ཚ་མེད། ནང་གི་ཉེ་མི་ཁྲག་བཞིན་དཀྲུག སྨད་རྩི་ཐོག་གི་ཡུལ་གྱི། མཛེས་སྡུག་གི་རྩྭ་ཐང་། རྩྭ་ཐང་ང་ཚོའི་ཡིན་པ་རྩོད་གླེང་མེད། རྩོད་གླེང་མེད་ཀྱང་། རྩྭ་སྤར་གང་དོན་ལ། བོའུ་ཁ་གཏད། བོའུ་ཁ་རང་གི་རྒྱུད་ལ་བཏད། ཕྱི་ནང་བལྟས་ཀྱང་མགོ་རྣ་མེད། ནང་གི་བཟའ་ཚང་གསོན་བྲལ་བཏང་། ཨོ། སྐྱེས་ཕ་བཟང་གི་བུ། མ་བཟང་གི་རྒྱུད། གྱོད་དང་འཁྲུག་པ་མྱུར་བར་སྤོངས།