ཕུང་པོ་ཞུགས་འབུལ་
མཐོང་རིས་
ཞུགས་འབུལ་ཏེ་མེ་ལ་སྲེག་པ་ནི། ཕུང་པོ་མེར་སྲེག་གཏོང་བའི་སྲོལ་དེ་ཡང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་རྒྱས་བྱུང་རྗེས་དར་བ་ཞིག་ཡིན་པ་ལས་གནའ་དུས་ནས་ཡོད་པ་ཞིག་མ་ཡིན། དེ་ཡང་བླ་མའམ་དགེ་བཤེས་ལྟ་བུ་ཕལ་ཆེར་ནི་ཞུགས་འབུལ་ཞུས་ཏེ་པུར་ཐལ་ལ་གསེར་དངུལ་གྱི་གདུང་རྟེན་གཞེངས་ཏེ་དགོན་པའམ་གཙུག་ལག་ཁང་དག་ཏུ་དད་རྟེན་དུ་ཞུགས་སུ་གསོལ་བ་དང། གཞན་ཡང་སྐབས་རེ་སྐྱེ་བོ་ཕལ་པ་འགའ་ཞིག་ཀྱང་རྩིས་འབྲས་ལས་ཞུགས་འབུལ་བྱེད་དགོས་པ་ཐོན་ཏེ་ཞུགས་འབུལ་བྱེད་པ་ཡིན་ཅིང། དེ་ལྟར་ཞུགས་འབུལ་བྱས་ཚེ་པུར་ཐལ་རྣམས་ཚ་བཏབ་སྟེ་མཆོད་རྟེན་སོགས་ཀྱི་ཐོག་ཏུ་འཇོག་གི་ཡོད།