Jump to content

ཕན་བྱེད་

ཡོང་ཁུངས་Wikipedia

ཕན་བྱེད་ནི་གཞན་ལ་ཕན་པ་སྒྲུབ་པའི་བྱ་སྤྱོད་དང་། སེམས་ཅན་གྱི་དོན་བྱེད་པའི་དགེ་བའི་ལས་ལ་གོ་དགོས།

ཕན་བྱེད་ཀྱི་ངོ་བོ།

[རྩོམ་སྒྲིག]

"དེའི་ཚེ་ཕན་བྱེད་ཀྱི་རྒྱུ་དམ་པའི་ཆོས་ངང་གིས་མ་བསྒྲུབས་ན་དེ་ལས་གཞན་པའི་ཕན་བྱེད་གཞན་མེད་དོ་"[]ཞེས་གསུངས་པ་ལྟར། ཕན་བྱེད་ཀྱི་རྩ་བ་ནི་དམ་པའི་ཆོས་ཉམས་སུ་ལེན་པ་ཡིན།

ཕན་བྱེད་ཀྱི་དབྱེ་བ།

[རྩོམ་སྒྲིག]

"བདག་ལ་ནི་འདི་ཕྱིར་ཕན་པར་བྱེད་པ་མང་ལ་གཞན་ལ་ནི་ཕན་པར་བྱེད་པ་མིན་པར་གནོད་པ་བྱེད་པ་མང་བ་འདི་འདྲ་མི་རིགས་སོ་"[]ཞེས་པས། ཕན་བྱེད་ནི་འདི་ཕྱི་གཉིས་ཀའི་དོན་སྒྲུབ་པ་ཡིན་ནོ། །

ཕན་བྱེད་ཀྱི་སྒྲུབ་ཚུལ།

[རྩོམ་སྒྲིག]

"སྔོན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཉེས་པ་ཅན་བཙོན་དུ་འཆི་བར་འགྱུར་བའི་ཚབ་ཏུ་རང་ཉིད་བྱོན་པ་ལ་སོགས་པ་བཞིན་དུ་གཞ༷ན་སེམས་ཅན་གྱི༷ས་རྐུ་བ་ལ་སོགས་པའི་ཉེ༷ས་པ༷་ཆེ་ཆུང་གང་བྱས༷་པ༷་ཡ༷ང་ར༷ང་གི༷་སྐྱོན༷་དུ༷་བསྒྱུར༷་ཞིང་དང་དུ་བླང་བར་བྱོས༷་ལ༷་བད༷ག་གིས༷་ཉེས༷་པ༷་ཆུང༷་ངུ་ཙམ་བྱས༷་ཀྱང༷་མི་གསང་བར་སྐྱེ༷་བོ༷་མ༷ང་པོ་ལ༷་ར༷བ་ཏུ༷་ཤོ༷གས་ཏེ་བདག་ལ་ཉེས་པ་འདི་ཡོད་དོ་"[]ཞེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ལུས་སྲོག་ཀྱང་གཞན་དོན་དུ་གཏོང་བར་བྱེད་པ་ནི་ཕན་བྱེད་ཀྱི་མཐར་ཐུག་ཡིན་ནོ། །

ཕན་བྱེད་ཀྱི་ཁྱད་ཆོས།

[རྩོམ་སྒྲིག]

"དེའི་ཚེ་ཕན་ངེས་པ་ནི་བསོད་ནམས་དགེ་བའི་ལས་ཀྱི་དམ་པ་སྐྱབས་འགྲོ་དང་ཚུལ་ཁྲིམས་དག་པ་ལྟ་བུའི་དམ་པའི་ཆོས་གཅིག་པུ་ནི་སྐྱབས་ཀྱི་མཆོག་དུང་མགོན་གྱི་དམ་པར་གྱུར་པ་ཡིན་"[]ཞེས་པས། ཕན་བྱེད་ཀྱི་གཙོ་བོ་ནི་དམ་པའི་ཆོས་ཡིན་ནོ། །

ཕན་བྱེད་ཀྱི་དགོས་པ།

[རྩོམ་སྒྲིག]

"ལུས་ཀྱི་གྲུ་འདི་ལའང་གྲུ་ཚགས་ལྟ་བུའི་ཟས་གོས་སྨན་གྱིས་བསྐྱངས་ཏེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རེ་ཞིག་ཟུང་"[]ཞེས་པས། ལུས་འདི་ཡང་བདག་གཞན་གཉིས་ཀའི་དོན་དུ་སྤྱད་དགོས་པ་ཡིན་ནོ། །

ཕན་བྱེད་བྱེད་པའི་ཚུལ།

[རྩོམ་སྒྲིག]

"བདག་གིས་འདི་ལྟར་གཅེས་པར་བསྐྱངས་པའམ། བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་སྟེ་དེ་གཉིས་ལ་ཆགས་པ་ཡང་མེད་ལ་ཞེ་སྡང་ཡང་ཡོད་པ་མིན་ན་ཅི་སྟེ་དེ་ལ་བདག་ཆགས་པར་བྱེད།"[] ཅེས་པས། ཆགས་ཞེན་མེད་པར་གཞན་དོན་སྒྲུབ་དགོས་སོ། །

ཕན་བྱེད་ཀྱི་མཐར་ཐུག

[རྩོམ་སྒྲིག]

"རང་གཞན་འཁོར་བའི་མཚོ་ལས་བརྒལ་བ་ལ་སོགས་པའི་རྟེན་ཙམ་དུ་གྱུར་པས་"[]ཞེས་པས། རང་གཞན་གཉིས་ཀ་འཁོར་བ་ལས་སྒྲོལ་བ་ནི་ཕན་བྱེད་ཀྱི་མཐར་ཐུག་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཕན་བྱེད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྙིང་པོ་ཡིན་ཞིང་། དམ་པའི་ཆོས་ལ་བརྟེན་ནས་རང་གཞན་གཉིས་ལ་ཕན་པ་སྒྲུབ་པའི་དགེ་བའི་ལས་ལ་གོ་དགོས། ཕན་བྱེད་ཀྱི་སྤྱོད་པ་ལ་གོམས་པར་བྱས་ན་སེམས་དུལ་ཞིང་གཞན་དོན་རང་བཞིན་གྱིས་འགྲུབ་པར་འགྱུར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་་༡༢༨
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༠༣
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༠༣-༥༠༤
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༢༨
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༨༢
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༡༧༥
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༧༦