ཕག་གྲུ་སྡེ་སྲིད་

ཡོང་ཁུངས་Wikipedia

ཕག་མོ་གྲུ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན། ཁྲི་རབས་དང་པའོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཤིང་འབྲུག་ལོ་བར་སྲིད་བསྐྱངས་པ་དང་། དེ་ནས་གཉིས་པ་འཇམ་དབྱངས་གུ་ཤྲིས་ཤིང་སྦྲུལ་ནས་ལོ་བརྒྱད། གསུམ་པ་གྲགས་པ་བྱང་ཆུབ་ཀྱིས་ཤིང་སྟག་ནས་ལོ་བདུན། བཞི་པ་གུ་ཤྲི་བསོད་ནམས་གྲགས་པས་ལྕགས་བྱ་ནས་ལོ་བཞི། ལྔ་པ་དབང་གྲགས་པ་རྒྱལ་མཚན་གྱིས་ཤིང་གླང་ནས་ལོ་བཞི་བཅུ་ཞེ་དྲུག། དྲུག་པ་དབང་གྲགས་པ་འབྱུང་གནས་ཀྱིས་རང་བྱུང་བདུན་པའི་ཆུ་བྱི་ནས་ལོ་བཅུ་གཉིས། བདུན་པ་སངས་རྒྱས་རྒྱལ་མཚན་གྱིས་ལོ་བཞི། བརྒྱད་པ་དབང་ཀུན་དགའ་ལེགས་ཀྱིས་རབ་བྱུང་བརྒྱད་ས་འབྲུག་ནས་ལོ་དགུ། དགུ་པ་དཔལ་ངག་གི་དཔང་པོ། བཅུ་པ་དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན། བཅུ་གཅིག་པ་ཞབས་དྲུང་ངག་དབང་གྲགས་པ་བཅས་ཀྱིས་རིམ་པར་བསྐྱངས།