Jump to content

པྲ་ཡཙྪ་

ཡོང་ཁུངས་Wikipedia

པྲ་ཡཙྪ་ ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་སྟེ། བོད་སྐད་དུ་ "སྩོལ་ཅིག་" ཅེས་པའི་དོན་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་དངོས་གྲུབ་གསོལ་བ་འདེབས་པའི་སྐབས་སུ་བེད་སྤྱོད་བྱེད་པའི་བསྐུལ་ཚིག་གལ་ཆེན་པོ་ཞིག་ཡིན།

ངེས་ཚིག

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[] ཞེས་གསུངས་པ་ལྟར་པྲ་ཡཙྪ་ནི་སྩོལ་བའི་དོན་ཡིན།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཉེར་བསྒྱུར་པྲ་སྔོན་མའི་ཡཙྪ་རབ་ཏུ་སྩོལ་ཅིག་ཅེས་པར་འགྱུར་ཏེ་བསྡོམས་པས་དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པའོ།"[] ཞེས་གསུངས།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "པྲ་ཡཙྪ་ནི་སྩོལ་ཅིག་ཅེས་པའོ།"[] ཞེས་གསལ་བར་བཤད།

པྲ་ཡཙྪའི་སྒྲ་གཟུགས

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཉེར་བསྒྱུར་པྲ་སྔོན་མའི་ཡཙྪ་རབ་ཏུ་སྩོལ་ཅིག"[] ཞེས་གསུངས་པ་ལྟར་པྲ་ནི་རབ་ཏུ་ཞེས་པའི་དོན་དང་། ཡཙྪ་ནི་སྩོལ་བའི་དོན་ཡིན།

ཀློག་ཚུལ

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཀློག་ཚུལ། སིདྡྷིཾ་གྱི་ཀླད་ཀོར་མ་རུ་བཀླགས་ཀྱང་རུང་ལ། ཡཙྪ་ཞེས་པའི་ཙ་གོང་དུ་སྦྱར་ནས་ཡང་ཟེར་བ་ལྟ་བུ་ལ་ངའི་སྒྲ་མེད་པར་ཚ་ཡིག་ཤུགས་ཆེ་ཙམ་དུ་བཀླགས་པས་དོན་གྲུབ་པ་ཉིད་དོ།"[] ཞེས་གསུངས།

པྲ་ཡཙྪའི་གོ་དོན་རྒྱས་བཤད

[རྩོམ་སྒྲིག]

ཨ་ཁུ་ཤེས་རབ་རྒྱ་མཚོས་ "སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ།"[] ཞེས་གསུངས་པ་ལྟར་དངོས་གྲུབ་སྩོལ་བའི་གསོལ་འདེབས་ཀྱི་ཚིག་ཡིན།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་ཕྲིན་ལས་བཞིའི་དངོས་གྲུབ་འབད་མེད་དུ་སྩོལ་ཅིག་ཅེས་པའོ།"[] ཞེས་གསུངས།

འབྲེལ་ཡོད་ཤོག་ངོས།

[རྩོམ་སྒྲིག]

ལུང་ཁུངས།

[རྩོམ་སྒྲིག]
  1. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  2. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  3. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
  4. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  5. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  6. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༤

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]
  • པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
  • སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  • ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  • མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧