པུ་ལླིར་མྰ་ལ་ཡ་
མཐོང་རིས་
བུ་སྟོན་རིན་པོ་ཆེས་མཛད་པའི་<<བདེ་མཆོག་ཆོས་འབྱུང་>>ལས་། རྒྱ་གར་ཤར་ཕྱོགས་བང་གྷ་ལའི་ལྷོ་ངོས་མ་ལ་ཡྰའི་ཆུ་ཀླུང་འབབ་སའི་གནས་དེ་ཡིན་པར་གསུངས་། པུ་ལླི་ར་མྰ་ཡ་ཞེས་པ་རྒྱལ་བའི་རི་ཞེས་པའི་གོ་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགའ་ཞིག་ལས་བཤད་། བོད་ཀྱི་མཁས་དབང་འགའ་ཞིག་གིས་གནས་དེ་ནི་གྲོང་ཁྱེར་པ་ཏྲར་ངོས་འཛིན་པར་གསུངས་པ་ཡང་འདུག། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།