Jump to content

པུ་ལི་སི་

ཡོང་ཁུངས་Wikipedia

(ཉེན་རྟོག་པ་) འདི་ནི་དེ་སྔ་བོད་ས་གནས་སྲིད་གཞུང་གི་བདེ་སྲུང་ཉེན་རྟོག་གི་དམག་དཔུང་ལྟ་བུ་ཞིག་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་(༡༩༢༡)ལོར་དབྱིན་ཁོངས་བོད་མི་ལེགས་ལྡན་ས་ཧེབ་བྱ་བའི་བཀོད་ཇུས་འོག་བཙུགས་། དེའི་ནང་ཐོག་མར་ལྷ་སར་བཅའ་སྡོད་ལྦ་གླིང་སོགས་ཁ་ཆེའི་གཞོན་ནུ་ལས་མེད་ཅིང་། དལ་སྡོད་ཁག་གཅིག་བསྡུས་ཏེ་དམག་ཁྲིམས་དང་། འོས་འགན་བྱེད་སྒོ་ཁག་སློབ་སྦྱོང་བྱས་རྗེས་མི་དཔོན་གྱི་བཀོད་འདོམས་འོག་འགན་དབང་ལག་བསྟར་བྱེད་། དེ་རྗེས་རིམ་བཞིན་ཤེལ་དཀར་དང་ལྷ་རྩེ་སོགས་ནས་བསྡུས་པའི་དིང་རི་དམག་སྒར་གྱི་ཁོངས་ནས་གསར་སྐོང་བྱས་པ་དང་། ཡང་ས་བྱི་(༡༩༤༨)ལོར་དེ་དག་ཀྱང་ཕྱིར་སློག་སྟེ་ཆ་དང་དམག་སྒར་གྱིས་ཉེན་རྟོག་བདེ་སྲུང་གི་ལས་འགན་འཁུར་ཞིང་། བཀོད་འདོམས་དབང་ཆ་མདའ་དཔོན་དང་ལྷ་སའི་མི་དཔོན་ཟུང་འབྲེལ་གྱིས་སྤྱོད་པ་ཡིན། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།