པནྜི་ཏ་ངྷརྨ་པ་ལ་
མཐོང་རིས་
ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ལྟར་ལོ་ཆེན་རིན་བཟང་གིས་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་ལ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ངྷརྨ་པ་ལ་མངའ་རིས་སུ་གདན་དྲངས། འདུལ་བའི་བཤད་པ་དང་ལག་ལེན་རྒྱ་ཆེར་སྤེལ་ནས་སྟོད་ཁུལ་དུ་བདུལ་བ་བརྒྱུད་སྤེལ་མཛད། འདི་ཉིད་ལས་རབ་ཏུ་བྱུང་བ་མང་པོ་བསྙེན་པར་རྫོགས་ཤིང་། ཁྱད་པར་དུ་མཁན་བུ་ས་ངྷུ་པཱ་ལ་དང་། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་བཅས་ལ་པཱ་རྣམ་གསུམ་དུ་གྲགས།